རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་གུང་མདོ་ལ་རྫོང་ཨུའི་དྲིལ་སྒྲོག་པུ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ1པོའི་ཚེས4ཉིན། ཁུལ་དཔྱད་ཞིབ་ཚན་ཆུང་རང་རྫོང་གི་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་དང་རྫོང་རིམ་པའི་ལས་བྱེད་ཀྱི2023ལོའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་གནས་ཚུལ་ལ་དཔྱད་ཞིབ་བྱས་པར་ཕྱིན་ལ། རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་དང་རྫོང་རིམ་པའི་ལས་བྱེད་ཀྱི2023ལོའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཚོགས་ཆེན་འཚོགས།
ཁུལ་ཕྱོགས་བསྡུས་དཔྱད་ཞིབ་ཚན་ཆུང་གི་ཚན་གཙོའམ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཆེད་དོན་དཔྱད་ཞིབ་ཚན་ཁག་གི་ཚན་གཙོ། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ། ཁུལ་ཕྱོགས་བསྡུས་དཔྱད་ཞིབ་ཚན་ཁག་གི་ཚན་གཙོའམ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་དཔྱད་ཞིབ་ཚན་ཁག་གི་ཚན་གཙོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཀྲེང་ཆིང་བཅས་སོ་སོས་གཏམ་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་མདོ་ལ་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ནས2023ལོའི་རྫོང་ཡོངས་ཀྱི་དམིགས་ཚད་འགན་འཁྲི་ལེགས་སྒྲུབ་གནས་ཚུལ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་སྙན་ཞུ་ཕུལ་བ་དང་། མི་སྒེར་གྱི་འགན་སྒྲུབ་སྤྱོད་གཙང་ཐད་ནས་ཀྱང་ཡར་ཞུ་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།
སུའུ་བདུན་ཅུ་ཡིས་དཔྱད་ཞིབ་ལས་དོན་གྱི་ནང་དོན་གཙོ་བོ་དང་། བྱེད་སྟངས། གོ་རིམ་བཅས་ཕྱོགས་ཡོངས་ནས་བཀོད་སྒྲིག་ངོ་སྤྲོད་བྱས་ཏེ་འབྲེལ་ཡོད་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན། པའོ་ཀྲེང་ཆིང་གིས“ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་དམིགས་ཚད་དཔྱད་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ནན་ཏན་བྱེད་པ། དངོས་ཐོག་བདེན་འཚོལ་ལ་སྣང་ཆེན་བྱས་ནས་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ནན་ཏན་གྱིས་སྤེལ་དགོས”ཞེས་ཕྱོགས་གསུམ་གྱི་ཐད་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ལ་བླང་བྱ་བཏོན།
རྫོང་ཨུའི་རྒྱུན་ཨུའམ་རྫོང་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ཀྲོའུ་ཡན་ཞང་གིས་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་ཚབ་བྱས་ནས། མདོ་ལ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ཚན་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལྟ་སྐུལ་འགན་བསྒྲུབས་གནས་ཚུལ་ཡར་ཞུ་བྱས་པ་དང་འབྲེལ་མི་སྒེར་གྱི་འགན་སྒྲུབ་གནས་ཚུལ་སྙན་ཞུ་ཕུལ།
ཚོགས་འདུའི་སྟེང་། ཚོགས་ཞུགས་མི་སྣས་དམངས་གཙོའི་ཚད་ལེན་དཔྱད་འཇོག་དང་མང་ཚོགས་བློ་ཡིད་ཚིམ་ཚད་ཀྱི་གདེང་འཇོག་བྱས་ཤིང་། མདོ་ལ་རྫོང་གི2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྙན་ཞུའི་བརྙན་ཐུང་ལའང་བལྟས།
རྫོང་ཨུའི་ཨུ་ཡོན་དང་རྫོང་དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། རྫོང་སྒྲིག་ཨུའི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྫོང་ཁྲིམས་ཁང་། རྫོང་ཞིབ་དཔྱོད་ཁང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཚན་ཁག་དང་ཚན་པ་ཁག མང་ཚོགས་ཚོགས་པ་བཅས་ཀྱི་ཚན་ཁག་གི་ཁོངས་མི། ཡུལ་གྲོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཡུལ་གྲོང་གི་སྒྲིག་ཨུའི་ཧྲུའུ་ཅི། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁག་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད། རྫོང་རིམ་པའི་ལས་བྲལ་དང་ལས་འཁྱུར་ལས་བྱེད་པའི་འཐུས་མི། ཞིང་ཆེན་དང་ཁུལ། རྫོང་གི“འཐུས་ཚབ་གཉིས་དང་ཨུ་ཡོན་གཅིག”གི་མི་སྣ་ཁག་ཅིག ཁེ་ལས་འཐུས་ཚབ་དང་། རོང་འབྲོག་པ། སྡེ་ཁུལ་སྡོད་དམངས་ཀྱི་འཐུས་ཚབ་སོགས་ཚོགས་འདུར་ཞུགས།