དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-08 07:43:32   |   2324

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོའི་ཟླ12པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32380ཟིན་ཡོད་པ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར24351.5ཟིན་པ་དེ་དུས་མཚུངས་ལས8.3%འཕར་ཡོད།

  • ཀྲུང་དབྱང་དྲིལ་བསྒྲགས་པུས་མཚོ་དམག་ནན་ཁྲང་དམག་གྲུའི་ཏང་ཨུ་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་དགུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། རང་རྒྱལ་གྱིས་གྲོང་གསེབ་འགྲུལ་སྐྱེལ་རླངས་འཁོར་གྱིས་སྦྲག་རྫས་ཚབ་སྐྱེལ་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་བསྟན།

  • སློབ་གསོ་པུས་དཀྲོག་གཏམ་ཐེར་འདོན་བྱས་ཏེ། འོས་འགན་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟ་ཁུལ་དང་ཚོད་ལྟའི་སློབ་གྲྭའི་ལས་ཀའི་ལས་འགན་ནང་སློབ་ཡུན་ཇེ་ཐུང་དུ་གཏོང་བ་དང་འབྲིང་རྒྱུགས་མེད་པ་བཟོ་བ་སོགས་ཀྱི་ནང་དོན་མེད།

  • ཚེས7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས5ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

1.jpg

  • ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས40པས་ཚེས6ཉིན་ཨ་མོང་སེན་རྒྱ་མཚོར་ཆུ་ཟབ་སྐྱེ་ཁམས་མངོན་མེད་མཚོན་རྟགས་བདེ་བླག་ངང་བཞག་པ་དེ་ནི་ཀྲུང་གོས་གླིང་སྣེའི་ས་ཁུལ་དུ་སྐྱེ་ཁམས་མངོན་མེད་མཚོན་རྟགས་བཞག་པའི་ཐོག་མ་ཡིན།

  • ཚེས7ཉིན་རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·མོ་ཏུའུ་རྟགས་ཅན”གྱིས་ཚོང་ལས་ཀྱི་མཁའ་འགྲུལ་ཐོག་མ་ལེགས་གྲུབ་བྱུང་།

2.jpg

  • འཇར་པན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཧྲི་ཁྲོན་རྫོང་ཕྱེད་གླིང་དུ་ས་ཡོམ་བརྒྱབ་ནས་མཚོ་རྒྱུད་ཀྱི་མཚོ་འོག་ཁག་གཅིག་སྐམ་སར་འཕར་ཡོད།

སྤྱི་ཚོགས།

  • དེ་རིང་དགོང་མོ་ནས་ཚེས10ཉིན་བར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་དབུས་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4℃ནས6℃བར་ཆག་རྒྱུ་ཡིན།

  • ཚེས7ཉིན་རྨ་ཆུའི་སྨད་རྒྱུད་ཀྱི་འཁྱགས་འགོག་ཆུ་བོའི་དུམ་བུ་ཤར་གཏོང་ཐུབ།

  • རང་བྱུང་ཐོན་ཁུངས་པུའུ་སོགས་ཀྱིས་ཡིག་ཆ་བཀྲམ་སྟེ།  པེ་ཅིང་གྲོང་ཁྱེར་ས་འོག་ཆུ་ཚན་ཁྱབ་གདལ་ལྟེ་གནས་སོགས་ཚན་རིག་ཁྱབ་གདལ་རྟེན་གཞི50ལ་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཚན་རིག་ཁྱབ་གདལ་རྟེན་གཞི་ཞེས་པའི་མིང་བཏགས།

  • ཚེས6ཉིན་ཧྥུ་ཅན་གྱི“ཧོང་ཆི་ནས་མ་ཙུའུ” བརགྱི་ཐའེ་ཝན་གྱི་འབོར་ཉུང་ཚོང་དོན་མཁའ་ལམ་དངོས་སུ་སླར་གསོ་བྱས་པ་རེད།

3.jpg

  • རང་རྒྱལ་གྱི་ས་བབ་མཐོ་བའི་རླུང་གློག་གི་ལོ་མའི་སྟོང་སངས་ཆུ་འདྲེན་ལག་རྩལ་ཞིབ་འཇུག་ཚོད་ལྟ་དེ་མཚོ་སྔོན་གྱི་ན་གོར་མོ་ནས་ལེགས་གྲུབ་བྱུང་ཞིང་། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ལོ་མའི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཅང་སུའུ་ཐའེ་ཤིན་གྱིས་ཧ་ཅང་མཐོང་དཀོན་པའི་ཁྲག་རིགས་ཆུང་བའིpརིགས་རྙེད་པ་དང་། མིག་སྔར་རང་རྒྱལ་དུ་ཟིན་ཐོར་བཀོད་པའི་ཁྲག་རིགས་ཆུང་བའིpརིགས་ལ་མི9ལས་མེད།

4.gif

  • ཧྲན་ཏུང་གི་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཞིག་གིས་སེམས་ཆུང་མ་བྱས་པར་འཁྱགས་ངོས་ནས་ཆུར་ལྷུང་ཞིང་། ཉེ་འགྲམ་གྱི་དགུན་དུས་ཆུ་རྐྱལ་བྱེད་མཁན་ལོ58ལ་སླེབས་པའི་ཨ་ཁུ་ཝང་ཅན་མིན་གྱིས་འཁྱགས་པ་གཏོར་ནས་ཁོར་ཡུག་གཙང་སྦྲ་བྱེད་པའི་བཟོ་པ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་སྟེ། ཟླ1ཚེས24ཉིན་ནས་བཟུང་སྨན་སྤྱོད་རུས་པ་དང་སྡོད་རྩའི་བར་འཇུག་སྦུ་གུ་གཉིས་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

  • ཧོ་ནན་གྱིས་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་ཐོན་རྫས་བེད་སྤྱོད་བྱེད་མི་ཆོག་པ་གཏན་འབེབས་བྱས་ཤིང་། ཚོད་འཛིན་བྱེད་པའི་མིང་གཞུང་ཁྱབ་བསྒྲགས་བྱས་པའི་ནང་ཐེངས་གཅིག་རང་བཞིན་གྱི་འགྱིག་བཟོས་གསོལ་ཆས་སོགས་རིགས11ཚུད་ཡོད་པ་རེད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་ཤེས་ལྡན་པ་དུད་ཚང་དུ་སྐྱོད་པའི་ཆ་རྐྱེན་ཇེ་ལྷོད་ཏུ་བཏང་སྟེ། ལོ35མན་གྱི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ཆེད་ཚན་སློབ་རྒྱུས་མཐར་ཕྱིན་སློབ་མ་གཞིས་ཆགས་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

  • ཞིན་ཅང་གི་ནུབ་བྱང་རྒྱུད་དང་། ནང་སོག་གི་ནུབ་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ལྷོ་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། ཧུའུ་ནན། ཅང་ཞིའི་ས་ཆ་མང་ཆེ་བ། ཀྲེ་ཅང་ལྷོ་གི་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།