དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆོས་དབྱིངས་སྐྱིད་སོགས་བདམས་ཐོན་བྱུང་འདུག མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་སྒྲོག་གསར་ཤོས།

2024-01-08 15:49:09   |   2459

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི《2023ལོའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དཔེ་སྟོན་པ་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་སྔོན་ཐོན་པའི(ཐུན་མོང་)དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་ཞིང་།  གྲོང་ཁྱེར་དང་ཁུལ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་འོས་སྦྱོར་བྱས་པ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཤེར་འབེབས་དང་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། རང་ཞིང་གིས་འོས་སྦྱོར་བྱས་པའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དཔེ་སྟོན་པའི་འོས་མི་དང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་སྔོན་ཐོན་པའི་འོས་མི། རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་སྔོན་ཐོན་པའི་ཚོགས་པའི་འོས་མི་ཁག་བཅས་སྤྱི་བསྒྲགས་བྱས།  སྤྱི་སྒྲོག་བྱེད་རིང་། གལ་སྲིད་བསམ་འཆར་ཡོད་ཚེ་ཁ་པར་དང་། ཡིག་ཟམ། འཕྲིན་ཡིག་བཅས་ཀྱི་ལམ་ནས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲིལ་སྒྲོག་པུའི(དྲ་རྒྱའི་ལས་དོན་པུ་)ལ་སྙན་སེང་ཞུ་ཆོག  གནས་ཚུལ་གོང་ཞུ་བྱེད་སྐབས་ངེས་པར་དུ་དོན་དངོས་ཡིན་དགོས་ཤིང་། ཚན་པའི་མིང་ཐོག་ནས་གནས་ཚུལ་གོང་ཞུ་བྱེད་པ་ཡིན་ན་བདེན་དཔང་ཡིག་ཆ་ལ་ཚན་པའི་གཞུང་ཐམ་རྒྱག་དགོས་པ་དང་།  མི་སྒེར་གྱི་མིང་ཐོག་ནས་གནས་ཚུལ་གོང་ཞུ་བྱེད་པ་ཡིན་ན་བདེན་དཔང་ཡིག་ཆའི་ཐོག་ཏུ་དངོས་མིང་འགོད་དགོས་པ་མ་ཟད་འབྲེལ་གཏུག་བྱེད་སྟངས་ནུས་ལྡན་མཁོ་འདོན་བྱེད་དགོས།

སྤྱི་བསྒྲགས་དུས་ཚོད། 2024ལོའི་ཟླ1པོའི་ཚེས8ནས་ཚེས12ཉིན་བར།

འབྲེལ་གཏུག་ཁ་པར། 0971-6330019

གློག་རྡུལ་ཡིག་ཟམ། qh_fxc 163.com

ས་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་གཉིས་པའི་ཨང19པ།

སྦྲག་ཨང་། 810008

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས།

2024ལོའི་ཟླ1པོའི་ཚེས7ཉིན།

རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དཔེ་སྟོན་པའི་འོས་མི།

མི་གཅིག

ཆོས་དབྱིངས་སྐྱིད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་རིམ་པ་གཉིས་པའི་རྩལ་ཁྲིད་པ་དང་ལུས་རྩལ་པ།

རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་སྔོན་ཐོན་པའི་འོས་མི།

(མི4ཡོད། རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས།)

ལི་ཅིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ།

ཝུའུ་ཅ་ནན། རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཚད་བརྒལ་མཐོ་གནོན་སྤྱི་གཉེར་གྱི་ཟི་ལིང་འཁོར་སྐྱོད་སྲུང་སྐྱོང་ཡན་ལག་པུའི་གློག་སྒྱུར་དང་འཁོར་སྐྱོད་ལག་རྩལ་གྱི་ཆེད་དོན་འགན་འཁུར་བ།

ཏང་ཁྲུན་ཡན།    མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུ་བརྒྱད་པའི་ཀྲུའུ་རིན།

ཞུས་ཧྲུའུ་ཅུས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་རྫོང་ཤངས་སྡེ་གྲོང་རྡལ་ཁྲའེ་ཞིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི།

རྒྱལ་ཡོངས་ཀྱི་གསུམ་བརྒྱད་སྔོན་ཐོན་པའི་ཚོགས་པའི་འོས་མི།

ཚོགས་པ་བཞི་ཡོད།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པ། 

ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ཐིང་།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་།


མཉམ་སྤྱོད།