དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-09 07:22:42   |   3253

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས8ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱིས་གསར་གཏོད་ཆེད་ཁེའི་བདག་དབང་ཁྲི92.1དབང་བཅོལ་བ་དེ་དུས་མཚུངས་ལས15.4%འཕར་ཡོད།

  • 2024ལོའི་དཔྱིད་འདྲེན་ཟླ1ཚེས26ཉིན་ནས་མགོ་ཚུགས་རྒྱུ་ཡིན་ཞིང་། དཔྱིད་འདྲེན་རིང་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི8000ཟིན་རྒྱུ་ཡིན་པ་རེད།

  • ཚེས10ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རེའུ་མིག་གསར་པ་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར11149བཀོད་སྒྲིག་བྱ་རྒྱུ་དེ་ད་ལྟའི་འཆར་གཞི་ལས་མེ་འཁོར233མང་དུ་གཏོང་རྒྱུ་ཡིན་པ་རེད།

  • ཚེས8ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཡིག་ཆ་བཀྲམ་སྟེ། ས་གནས་ཁག་གིས་སྟབས་བསྟུན་ལས་ཞུགས་མི་སྣ་ཚང་མར་རིན་མེད་ངང་ཚད་ལྡན་དང་རྒྱུན་མཐུད་ཀྱི་གཞི་རྩའི་ལས་ཞུགས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུ་སོགས་སྡེ་ཚན་བཞིས་ཉིན་ཤས་གོང་མཉམ་འབྲེལ་ཐོག《བཅའ་ཁྲིམས་རོགས་སྐྱོར་གྱི་བཅའ་ཁྲིམས་ལག་བསྟར་ལས་དོན་བྱ་ཐབས》ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། “དྭངས་གཙང་། འཚོ་བའི་ཞབས་ཞུའི་རིགས་ཀྱི་ལས་སྟེགས་ཀྱི་ཆ་འཕྲིན་ནང་དོན་བཅོས་སྒྲིག”གི་ཆེད་དོན་བྱེད་སྒོ་སྤེལ་བ་ནས་བཟུང་། རིམ་རྩིས་བྱས་ན་ཁྲིམས་འགལ་གྱི་ཆ་འཕྲིན་ངན་པ་ཁྲི790ལྷག་ཙམ་གཙང་སེལ་བྱས་ཡོད།

  • ཉེ་དུས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དབྱིན་ཇིའི་གསང་བའི་གསང་འཕྲིན་ཅུ་ཡིས(MI6)རྒྱལ་ཁབ་གསུམ་པའི་མི་སྣ་སྤྱད་དེ་ཀྲུང་གོར་གསང་མྱུལ་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

2.jpg

  • རྒྱལ་སྤྱིའི་གྲི་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞོན་ནུའི་གྲི་རྩལ་འཛམ་གླིང་བུམ་པའི་འགྲན་བསྡུར(ཝུའུ་ཏི་ནེ་ས་ཚིགས)ཚེས7ཉིན་མཇུག་འགྲིལ་ཞིང་། རུ་ཁག་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ཞུགས་པའི་ཀྲུང་གོའི་གཞོན་ནུའི་གྲི་རྩལ་རུ་ཁག་ལ་གསེར་གྱི་རྟགས་མ3དང་། དངུལ་གྱི་རྟགས་མ3ཟངས་ཀྱི་རྟགས་མ1བཅས་ཐོབ་པ་རེད།

  • འཇར་པན་ཧྲི་ཁྲོན་རྫོང་གིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ནེང་ཏེང་ས་ཁུལ་དུ་ས་ཡོམ་དྲག་པོ་བརྒྱབ་ནས་ཤི་བའི་མི་གྲངས168བར་མང་དུ་ཕྱིན་ཡོད་པ་རེད།

སྤྱི་ཚོགས།

3.jpg

  • དེ་རིང་ནི་གསུམ་དགུའི་དུས་ཚིགས་ཀྱི་ཉིན་དང་པོ་ཡིན་ལ་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ད་ལོའི་གསུམ་དགུའི་རིང་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་མཐོ་བ་ཡོད།

  • 2023ལོའི་ལོ་སྨད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ངོ་རྒྱུག)བྱས་འབྲས་དང་ཡིག་རྒྱུགས་ཚད་ལོན་དཔང་ཡིག་ཚེས10ཉིན་འདྲི་རྩད་ཤར་གཏོང་ཐུབ་པ་རེད།

  • ཀྲུང་གོ་གནས་སྐོར་ཞིབ་འཇུག་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། 2024ལོར་རྒྱལ་མཚམས་སྒྲོལ་ནས་གནས་སྐོར་དུ་འགྲོ་བའམ་ཡོང་པའི་མི་གྲངས་མི་ཐེངས་དུང་ཕྱུར2.64ལས་བརྒལ་རྒྱུ་ཡིན་པ་རེད།

4.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་མཚོ་གཏིང་དུ་ནུས་པ་ཧ་ཅང་ཆེ་བའི་ཕྲ་རྡུལ་རྒྱང་ཤེལ་གྱི་མཚོ་དྲིལ་ཞིག་གསར་གཏོད་བྱེད་བཞིན་ཡོད་པ་དང་། ནུས་ཆེའི་བར་རྡུལ་ཕྲ་རབ་བཟུང་ནས་འཇིག་རྟེན་འཕྲོ་འོད་ཀྱི་འབྱུང་ཁུངས་སོགས་ལ་ལན་འདེབས་ཐུབ་པ་རེད།

  • ཚེས8ཉིན། ཧྲེན་ཀྲེན་སྤྲོ་སྐྱིད་གླིང་པའི་རི་བོ་བརྒལ་བའི་རླངས་འཁོར་གདོང་ཐུག་བརྒྱབ་པའི་ལས་འཛོལ་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། འགན་འཁྲི་ལས་ཁུངས་གསུམ་དང་གཞུང་ཞབས་པ9ཡི་འགན་འཁྲི་བདའ་འདེད་བཏང་བ་རེད།

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་མཉམ་སྤྱོད་རྐང་འཁོར་ཁྲི་ལྷག་ཙམ་བརྐུས་པའི་གྱོད་གཞི་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན11འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་དངུལ་འབོར་ཁྲི་སྟོང་ལྷག་ཙམ་ཟིན་ཡོད་པ་རེད།

5.gif

  • ཀོང་ཏུང་ཀོང་ཀྲོའུ་ཡི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་ཞིང་། ལིའང་ཀྲེ་ཞོན་དང་ཀྲུང་ཅིན་ཧུང་སོགས་སློབ་ཆེན་སློབ་མ་ལྔ་ཡིས་འཕྲལ་མར་ཆུར་ལྷུང་བའི་བྱིས་པ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཟླ2ཚེས1ཉིན་ནས་བཟུང་། དངོས་སྦྱོང་ལས་ཁུངས་ཀྱིས་དང་ལེན་བྱས་པའི་ལས་རིགས་སློབ་གྲྭའི་དངོས་སྦྱོང་སློབ་མར་འགན་བཅོལ་གྱི་རིགས་ལྟར་ལས་རྨས་འགན་བཅོལ་ནང་ཞུགས་དགོས་པ་ཁ་གསལ་བཏོན།

  • ཐེན་ཅིན་གྱིས་སྲོལ་ཡིག་བཏོན་ཏེ། གྲོང་ཁྱེར་རིམ་པའི་འདམ་ར་གལ་ཆེན་རང་དགར་བཟུང་སྤྱོད་བྱས་ཚེ་སྨི་གྲུ་བཞི་མ་རེར་སྒོར500ཡན་ནས་སྒོར5000མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་རེད།

  • ཡུན་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ཏེ། འཕྲུལ་སྒུལ་རླངས་འཁོར་རིགས་ལ་སྒྲ་སེལ་འཕྲུལ་ཆས་བཤིག་པའམ་ཡང་ན་གཏོར་སྐྱོན་གཏོང་བ་དང་། རླུང་འབུད་སྦུ་གུ་བླུགས་པ་སོགས་འཕྲུལ་སྒུལ་རླངས་འཁོར་རིགས་རང་དགར་བཅོས་སྒྲིག་བྱས་ནས་འུར་སྒྲ་སྒྲོག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཛེར་སྒྲའི་སྦགས་བཙོག་བཟོ་རྒྱུ་གཏན་འགོག་བྱས་པ་རེད།

དེ་རིང་གི་གནམ་གཤིས།

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ནང་སོག་གི་དབུས་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། པེ་ཅིང་གི་ནུབ་རྒྱུད། ཧྲན་ཏུང་གི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ཀུའེ་ཀྲོའུ། ཧྭ་ལྷོ། ཐའེ་ཝན་གླིང་ཕྲན་སོགས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།