དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་མཐོ་འབྲིང་སློབ་མའི 2023ལོའི་ལོ་སྨད་ཀྱི་སྦྱང་འབྲས་ཆུ་ཚད་དང་ཚད་ལོན་ཡིག་རྒྱུགས་བདེ་བླག་ངང་མཇུག་སྒྲིལ།

2024-01-10 17:16:57   |   403

རྩོམ་སྒྲིག    སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ1ཚེས10ཉིན། མདའ་བཞི་རྫོང་གི2023ལོའི་ལོ་སྨད་ཀྱི་མཐོ་འབྲིང་སློབ་མའི་སྦྱང་འབྲས་དང་ཚད་ལོན་ཡིག་རྒྱུགས་དེ་བསྟུད་མར་ཉིན5རིང་གི་རྒྱུགས་ལེན་བྱས་པ་བརྒྱུད་བདེ་བླག་ངང་མཇུག་སྒྲིལ། ཐེངས་འདིའི་རྒྱུགས་ལེན་བྱ་བར་ཁྱོན་སྡོམ་རྒྱུགས་ར14བཀོད་སྒྲིག་བྱས་ཡོད་ཅིང་། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་གཉིས་སློབ་མ364དང་མཐོ་གསུམ་སློབ་མ238བཅས་རྒྱའི་སྐད་ཡིག་དང་རྩིས་རིག དབྱིན་ཡིག  ལོ་རྒྱུས། ས་ཁམས་སོགས་རིག་ཚན16གི་སྦྱང་འབྲས་དང་ཚད་ལོན་ཡིག་རྒྱུགས་ལ་ཞུགས་ཡོད།

0000.jpg 

རྒྱུགས་ལེན་བྱ་བའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མདའ་བཞི་རྫོང་སློབ་གསོ་ཅུ་དང་སྤྱི་བདེ་ཅུ། བཟོ་ལས་ཆ་འཕྲིན། སྨན་ཁང་། འཕྲལ་སྡོམ་དོ་དམ། གློག་ཤུགས་སོགས་སྡེ་ཚན་གྱིས་མི་སྣ་ཧྲག་བསྡུས་བྱས་ཏེ་རྒྱུགས་ལེན་གྱི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་མཐུན་རྐྱེན་སྦྱར་བ་དང་སློབ་བུ་ཚོས་རྒྱུགས་འབྲས་བཟང་པོ་ཞིག་ལོན་པར་རམ་འདེགས་གང་ལེགས་བྱས། 


མཉམ་སྤྱོད།