དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

2024-01-10 15:02:56   |   216

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


1~1.jpg

“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”ནི་རྒྱལ་ཁབ་རིམ་པའི་ངོས་ཐད་ནས་མི་དམངས་ཉེན་རྟོག་པའི་དཔུང་སྡེར་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན་ལ། མི་དམངས་ཉེན་རྟོག་པའི་དཔུང་སྡེས་ཏང་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དཀའ་སྤྱད་འབད་འཐབ་བྱས་པར་གདེང་འཇོག་དང་ཁས་ལེན་བྱས་པ་ཞིག་ཡིན། 2020ལོའི་ཟླ7པའི་ཚེས21ཉིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”འཛུགས་རྒྱུར་ཆོག་མཆན་གནང་བའི་སྐོར་གྱི་བཀའ་ལན》ཁྱབ་བསྒྲགས་བྱས་པ་དང་། 2021ལོ་ནས་བཟུང་། ལོ་རེའི་ཟླ1པའི་ཚེས10ཉིན“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”དུ་གཏན་འཁེལ་བྱ་རྒྱུར་ཆོག་མཆན་གནང་།

2~1.jpg


མཉམ་སྤྱོད།