དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་སྤྱི་བདེ་ཅུས་ཤོག་སྦག་ཚོང་གཉེར་ལ་ཆེད་དོན་ཞིབ་བཤེར་བྱས།

2024-01-10 14:50:14   |   3663

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁོངས་གཏོགས་ཁུལ་གྱི་ཤོག་སྦག་གི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་དང་། བདེ་འཇགས་ཀྱི་བྱུར་རྐྱེན་སེལ་བ་དང་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུར་དོགས་ཟོན་ནུས་ལྡན་བྱ་ཆེད། ཉེ་ཆར། མདོ་ལ་རྫོང་སྤྱི་བདེ་ཅུ་བཙུན་མོ་གཞོང་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཤོག་སྦག་བྲིན་ཚོང་ཚོང་ཁང་ཁག་ཏུ་ཆེད་དོན་ཞིབ་བཤེར་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་པོར་བསྐྲུན།

1.jpg

ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱས། ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཤོག་སྦག་ཕྱིར་ཚོང་ཚོང་ཁང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཁྲིམས་འགལ་ངང་ཐོན་སྐྱེད་དང་། གཉེར་སྐྱོང་། སྐྱེལ་འདྲེན། གསོག་ཉར་བྱས་ཡོད་པའི་ཉེན་ཡོད་འབར་གས་དངོས་རྫས་ཀྱི་བདེ་འཇགས་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྒྲིག་ཤུགས་ཆེན་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས།

2.jpg

ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་། ཁོངས་གཏོགས་ཁུལ་དུ་ཤོག་སྦག་ཕྱིར་ཚོང་དང་གསོག་ཉར་བྱེད་ཡུལ། ཁྲོམ་གཞུང་གི་ཚོང་ཁང་དུ་ཞིབ་བཤེར་ཞིབ་ཚགས་བྱས་ཏེ་དེ་དག་ལ་ཁྲིམས་འགལ་ངང་ཤོག་སྦག་གཉེར་སྐྱོང་དང་ཉར་ཚགས་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་མེད་ལ་ཞིབ་བཤེར་ནན་ཏན་བྱས། མ་ལུས་ཡོངས་ཁྱབ་ཀྱི་རྣམ་པས་བདེ་འཇགས་དོགས་ཟོན་ལས་དོན་དོན་འཁྱོལ་ནན་པོ་བྱས། 

བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བཟོས། ཕྱིར་ཚོང་ཚོང་པས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་། ལས་བཟོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་བྱུར་རྐྱེན་རང་བཤེར་ལས་དོན་སྤེལ་ཏེ་བདེ་འཇགས་གཉེར་སྐྱོང་གི་འདུ་ཤེས་མཐའ་གཅིག་ཏུ་ཇེ་བརྟན་དུ་བཏང་། 

དྲིལ་སྒྲོག་རྣམ་པ་ཤུགས་ཆེན་པོས་བཏོད། ཚོང་ཁང་དང་སྡེ་མིར་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་། མང་ཚོགས་ཀྱིས་ཁྲིམས་འགལ་ངང་ཐོན་སྐྱེད་དང་། གཉེར་སྐྱོང་། སྐྱེལ་འདྲེན། གསོག་ཉར་སོགས་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ལྟ་སྐུལ་དང་ཐེར་འདོན་ཧུར་ཐག་བྱས་ནས་སྤྱི་ཚོགས་སྟོབས་ཤུགས་མཉམ་འཛིན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས། 

ཐེངས་འདིའི་ཞིབ་བཤེར་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཤོག་སྦག་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་ཕྱིར་ཚོང་མི་སྣའི་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་བཏང་། ལོ་མཇུག་གི་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་དང་བརྟན་ལྷིང་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་། གོམ་སྟབས་རྗེས་མར་བཙུན་མོ་གཞོང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཤོག་སྦག་གི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་ངང་ཤོག་སྦག་གསོག་ཉར་དང་ཕྱིར་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་འགན་ལེན་བྱེད།


མཉམ་སྤྱོད།