དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ལས་དོན་བགྲོ་གླེང་ཚོགས་འདུ་འཚོགས།

2024-01-10 10:28:04   |   270

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


  ཟླ1པོའི་ཚེས8ཉིན། མཚོ་བྱང་ཁུལ་ཨུའི་ལས་དོན་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ལས་དོན་ལ་ཞིབ་བཤེར། དུས་བབ་ལ་ཞིབ་འཇུག་བཅས་བྱས་ཏེ2024ལོའི་གཙོ་གནད་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་བཅས་ཚོགས་འདུར་ཕེབས།

1.jpg

ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མི་དང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁག་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བ་དང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྟ་བ་དང་གྲོས་མགོ་བཏོན་ཞིང་བསམ་ཕྱོགས་གླེང་། ཤ་བོ་སྐྱབས་ཀྱིས་དཔྱད་བརྗོད་གནང་སྐབས་བསྟན་དོན། ཚང་མས་མཐོང་རྒྱ་ཆེ་ཞིང་གནད་ལ་འཁེལ་བ། རིན་ཐང་ལྡན་པ་བཅས་ཀྱི་བསམ་འཆར་དང་གྲོས་མགོ་བཏོན་པས་བློ་བསྡུས་དགེ་འཚོལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཉམ་ཤུགས་ཆགས་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་ཅིང་། ཚོགས་འདུ་ལ་དགོས་ངེས་ཀྱི་ཕན་འབྲས་ཀྱང་ཐོབ་ཡོད། ཁུལ་རིམ་པའི་མགོ་ཁྲིད་དང་སྡེ་ཚན་ཁག་གིས་གྲོས་མགོ་ཡག་པོ་དང་། བསམ་ཕྱོགས་ཡག་པོ། བྱེད་ཐབས་ཡག་པོ་དག་ད་ལོའི་ལས་ཀའི་འཆར་འགོད་དང་བྱ་ཐབས་བཟོ་བའི་ཁྲོད་བསྡུ་ལེན་གང་ལེགས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མངོན་པར་བྱེད་དགོས་ཞེས་བསྟན།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཞིང་ཨུའི“ལས་བྱེད་པས་ལས་ཀ་བྱེད་པ་དང་། བསམ་ཕྱོགས་གསལ་པོ་བཟོ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གོ་སྐབས་དམ་འཛིན་དང་། དངོས་སྒྲུབ་གཙོ་བོར་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད་”ཀྱི་ལེ་ལག་ཚང་བའི་འདུ་འགོད་དང་། “བོད་ལུག་ཁྲི་གཅིག་དང་འབྲི་གཡག་ཁྲི་གཅིག་”གི་རྟེན་གཞི་ལ་སྐུལ་འདེད་བཏང་བ་དང་། རྟ་རྒྱུག་དང་། རྐང་བགྲོད། རྐང་འཁོར་འགྲན་བསྡུར། མདའ་འཕེན་སོགས་རིགས་མི་འདྲ་བའི་མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་རྒྱུད་མ་ཆད་པར་སྤེལ། “A”རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས། གསར་བརྗེའི་སློབ་སྦྱོང་རྟེན་གཞི་འཛུགས་པའི་ལས་དོན་ལ་འབྲས་བུ་ལེགས་པོ་ཐོབ། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། “མདེལ་གཉིས་དང་སྐར་གཅིག”གི་དགོངས་དོན་བཏོན་ནས་ལོ25འཁོར་བའི་ལོ་དང་། རང་སྐྱོང་ཁུལ་གྱིས་“བཅུ་བཞི་ལྔའི”འཆར་འགོད་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན་པས། གཅིག་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་དམིགས་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་སྣང་གནད་དོན་དག་ཐེར་བྱེད་པའི་ལས་དོན་ལེགས་སྒྲུབ་བྱེད་པ་དང་། “རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི”དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྐྱེ་ཁམས་སླར་གསོ་དང་མཛེས་ལྗོངས་མཐོར་གཏོང་སོགས་རྣམ་གྲངས་འཛུགས་སྐྲུན་དང་སྲིད་ཇུས་དོན་འཁྱོལ་ལ་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་དང་དཔེ་སྟོན་རྫོང་གསར་འཛུགས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་ཏེ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་དང་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། “123”Aརིམ་པའི་མཛེས་ལྗོངས་ཁུལ་མུ་མཐུད་གཏོད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། རྐང་ཐང་འགྲན་བསྡུར་སྣ་ཚོགས་རྒྱུན་རྣམ་ཅན་དུ་སྤེལ་བ། ལུས་རྩལ་འགྲན་བསྡུར་ཆེ་གྲས་ཀྱི་ཁུལ་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་གསར་བརྗེའི་སྙིང་སྟོབས་ཀྱི་མཐོ་ས་གཏོད་རྒྱུར་དམིགས་ནས་ཁུལ་ཁོངས་ཀྱི་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། “མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་དང་། དར་གོས་ལམ་བུའི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ནས་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་ཤོད་པ་སོགས་ཀྱི་ཐོག་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་འཆར་འགོད་ཐད་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་ཕུགས་ཀྱི་འཆར་འགོད་ཡག་པོ་བྱས་ཏེ། མཚོ་བྱང་ཁུལ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་གསར་བརྗེའི་སློབ་གསོའི་གཡུལ་ས་གཙོ་བོར་གཏོད་དགོས། བཞི་ནས་དམངས་འཚོ་ལེགས་སུ་གཏོང་བར་དམིགས་ནས་གྲོང་གསེབ་དར་སྤེལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“གྲོང་ཚོ་སྟོབས་ཆེར་གཏོང་བའི་”འདུ་འགོད་ལག་བསྟར་མགྱོགས་སུ་བཏང་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། ལྔ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་དམིགས་ཏེ“མི་རིགས་མཐུན་སྒྲིལ་+”ཡི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལས་སྒོའི་ལས་དོན་དང་ལས་རིགས་ཀྱི་ཁྱད་ཆོས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་བཅས་མཉམ་འདྲེས་གཏིང་ཟབ་དང་། ཕན་ཚུན་སྐུལ་འདེད། མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དྲུག་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཨུའི“གཅིག་ཅན་དྲུག”གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མགོ་ཁྲིད་ལས་བྱེད་པས“1+10”ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང་། “4+1+N”ཡི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། ཤང་གྲོང་གི“ཡོད་པ་བཅུ”ཡི་འདུ་འགོད་སྲ་བརྟན་དང་རིམ་སྤོར་བྱེད་པ། གྲོང་ཚོ་རིམ་པའི“ཡོད་པ་བཅུ”ཡི་འདུ་འགོད་འཚོལ་ཞིབ་དང་ལག་བསྟར་བཅས་བྱེད་དགོས།

ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣ་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་བསྐྱོད་དེ་ཡུལ་དངོས་ནས་ལྟ་སྦྱོང་བྱས་པ་དང་། རྟེན་གཞིའི་འཆར་འགོད་དང་། བརྗོད་དོན་གཙོ་བོ་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས།

8.jpg


མཉམ་སྤྱོད།