མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད17)

2024-01-10 08:38:40   |   547

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

ཏང་གི་བསམ་བློའི་ལམ་ཕྱོགས་ནི་བྱ་བ་གང་ཞིག་བྱེད་ན་དོན་དངོས་གཞིར་འཛིན་པ་དང་།རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་བྱེད་པ་དང་། ལག་ལེན་ཁྲོད་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་གཏོང་བ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ནི་ཡོད་ཚད་དོན་དངོས་ལ་གཞིགས་ནས་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་ལག་ལེན་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱེད་པའི་ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་གཏན་འབེབས་བྱེད་པ་དང་ཆགས་པར་བྱེད་པ། ལག་ལེན་ཁྲོད་བདེན་དོན་ཞིབ་བཤེར་དང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།”ཞེས་ནན་བཤད་གནང་ཡོད། དངོས་ཐོག་བདེན་འཚོལ་ནི་ཏང་གི་བསམ་བློའི་ལམ་ཕྱོགས་གཅིག་བསྡུས་ཀྱིས་སྙིང་བསྡུས་བྱས་པ་ཞིག་ཡིན་ལ། ཏང་གི་གཞི་རྩའི་བསམ་བློ་གཏོང་སྟངས་དང་། ལས་ཀ་བྱེད་སྟངས་དང་། མགོ་ཁྲིད་བྱེད་སྟངས་བཅས་ཀྱང་ཡིན། “དངོས་དོན”ཞེས་པ་ནི་ཕྱི་རོལ་ཡུལ་དུ་ཡོད་པའི་བྱ་བ་དང་དངོས་པོ་ཐམས་ཅད་ལ་ཟེར་བ་དང་། “བདེན”ཞེས་པ་ནི་ཕྱི་རོལ་ཡུལ་གྱི་བྱ་བ་དང་དངོས་པོའི་ནང་གི་འབྲེལ་བ་སྟེ་ཆོས་ཉིད་ལ་ཟེར་བ་དང་། “འཚོལ”ཞེས་པ་ནི་ཞིབ་འཇུག་བྱེད་པ་རང་རེད། 


མཉམ་སྤྱོད།