མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-10 07:17:58   |   3392

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • 2023ལོར་རང་རྒྱལ་གྱིས་ལོ་ཧྲིལ་པོར་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར8000ལས་བརྒལ་ཞིང་། མིག་སྔར་རྒྱལ་ཡོངས་ཀྱི་འབྲུ་རིགས་མཛོད་ཉར་འདང་ངེས་རེད།

  • 2023ལོར་རྒྱལ་ཁབ་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར36.8སྐྱེལ་འདྲེན་བྱས་པས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་བཏོད་ཡོད།

  • 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ་ཁྱོན་སྡོམ་མི་དམངས་ཉེན་རྟོག་པ253དང་ཞོར་གཏོགས་ཉེན་རྟོག་པ164གཞུང་དོན་དུ་རང་སྲོག་བློས་བཏང་།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་གསར་དུ་བཙུགས་པའི་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོའི་དུད་ཚང་ཁྲི1500ལ་བརྒལ་ཡོད།

  • ཚོང་དོན་པུ་དང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་སོགས་ཀྱིས་བརྡ་ཐོ་བཏང་སྟེ། ཧྥུ་ཅན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཐའེ་ཝན་ལ་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེད་བཏང་ཡོད།

  • 2023ལོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཚད་ལྡན་སྒམ་ཁྲི190སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས18%འཕར་ཡོད།

1.jpg

  • ཚེས9ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཨེ་དབྱིན་སི་ཐན་གྱི་ཁབ་འཚོལ་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

  • འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་ཚེས9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ནེང་ཏེང་ཕྱེད་གླིང་དུ་ས་ཡོམ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས202སླེབས།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས11ཉིན་ནས་ཚེས12ཉིན་བར་ནང་སོག་དང་། བྱང་ཤར། ཞིན་ཅང་། ཀན་སུའུ་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད6℃ནས8℃དམའ་རུ་ཕྱིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་མར་ཆག་ཚད14℃ལས་བརྒལ་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་ལོ་འདིའི་ནང་རྩིས་ཞུ་བྱེད་ཚད་མི་ཐེངས་དུང་ཕྱུར25ལས་བརྒལ་ཡོད་པ་རེད།

  • ཉེ་ཆར། སྤྱི་བདེ་པུས་མི་རིགས་ཀྱི་རྒྱུ་ནོར་འཁྱགས་སེལ་རིགས་ཀྱི་ཁ་བསླུས་རྣམ་གྲངས78ཡོངས་བསྒྲགས་བྱས། 

  • ཚེས9ནས15ཉིན་བར། འབྲུག་ལོའི་དྲན་གསོའི་དངུལ་ལོར་དང་དྲན་གསོའི་ཤོག་དངུལ་གཅིག་སྡུད་ཐོག་བརྗེ་རེས་བྱེད་མགོ་ཚུགས་པ་ཡིན།

  • རིན་གོང་དགུ་རིམ་པའིHPVརིམས་འགོག་སྨན་ཁབ་ལ་སྨན་ཁབ་ཐེངས་གཉིས་རྒྱག་པའི་གོ་རིམ་གསར་སྣོན་བྱ་རྒྱུ་ཡིན་ཞིང་། ལོ9ནས14བར་གྱི་བུད་མེད་ལ་འཚམ་པ་ཡིན།

2.jpg

  • ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེརC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱིས་དུས་བཀག་གི་ཚོང་ལས་མཁའ་ལམ་གཉིས་པ་འཕུར་མགོ་ཚུགས།

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་གསེར་ཉོས་ནས་བཙོག་དངུལ་གཙང་སྒྱུར་བྱེད་པའི་གྱོད་གཞི་རབ་དང་རིམ་པ་མྱུལ་ཞིབ་བྱས་ནས་ཉེས་གསོག་དོགས་ཅན130ལྷག་ཙམ་བཟུང་བ་དང་། གྱོད་འབྲེལ་གསེར་གྱི་ཐོན་རྫས་སྤྱི་རྒྱ59ཙམ་གཞུང་བཞེས་བཏང་།

སྲིད་ཇུས།

  • པེ་ཅིང་དུ་འདུས་གྲུབ་གློག་ལམ་གྱི་མིང་བཏགས་མང་དུ་བཏང་སྟེ། སྙན་ཞུ་འབུལ་མཁན་གྱིས་ཆེད་ལས་གྲུབ་འབྲས་དཔྱད་འདེམས་ནང་ཞུགས་ཆོག་ལ། ཁེ་ལས་ཀྱིས་རང་བརྟེན་དཔྱད་བསྡུར་གདན་ཞུའི་རེ་ཞུ་བྱེད་ཆོག

  • སི་ཁྲོན་གྱིས་ལས་རྨས་ལས་བཟོས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་ཞུས་རྗེས། ཐོ་འགོད་གོ་ཆོད་པའི་དུས་ཚོད་ནང་སྨན་བཅོས་བྱ་ཡུལ་དུ་སྨན་བཅོས་ཐེངས་མང་བྱེད་ཆོག་པར་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་དེ་དྲ་སྦྲེལ་རྩིས་རྒྱག་ཞབས་ཞུ་དང་ལེན་བྱེད་ཆོག་པ་ཁ་གསལ་བཏོན།

  • ཀོང་ཏུང་གིས་སྲིད་ཇུས་བཏོན་ཏེ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གྲོང་ཁྱེར་དུ་ཐད་ཀར་གཞིས་ཆགས་པའི་ཁྱབ་ཁོངས་ནང་བཅུག་པ་དང་། དེའི་བཟའ་ཟླ་དང་བུ་ཕྲུག་གིས་འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་པའི་ལས་ཞུགས་དང་། སློབ་གསོ། སྡོད་ཁང་སོགས་ཀྱི་འགན་ལེན་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་ཐ་ཁྲེང་དང་ཨ་ལི་ཐའེ་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ཀྲེ་ཅང་གི་ལྷོ་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ནུབ་རྒྱུད། ཀོང་ཞི་ཡི་ས་ཆ་མང་ཆེ་བ། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།