དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་མི8རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་ལ་བདམས་པ།

2024-01-09 16:35:33   |   2163

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


“མི་ཆོས་དང་། བྱམས་བརྩེ། ལེགས་སྐྱེས”བཅས་ཀྱི་རྒྱ་གྲམ་དམར་པོ་སྙིང་སྟོབས་དང་། “ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས།  ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས2023ལོའི་རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་འདེམ་པ་དང་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ།

མཚོ་སྔོན་ཞིང་ཆེན་གྱི་མ་ཝེ་ཅུན་དང་། མ་མིང་ཅའོ། ཡུའེ་ཁྲུན་ལུའུ། ཧོ་ཏེ་ཞི།  ཁྲང་ཨའེ་། ཚེ་རིང་མཁའ་འགྲོ། ལན་ཞའོ་མིང་། ཀྲང་ཧུང་མེ་སོགས་རྒྱ་གྲམ་དམར་པོའི་ཕུལ་བྱུང་དང་བླངས་པ8རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་དུ་བདམས་ཐོན་བྱུང་།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་རྣམས་ཀྱིས་སྔོན་ཐོན་དཔེ་མཚོན་མིག་དཔེར་བཟུང་སྟེ། མི་ཆོས་རིང་ལུགས་དར་སྤེལ་དང་། སྤྱི་ཕན་བྱ་གཞག་ལག་བསྟར། སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤེལ་བཅས་བྱས་ནས“མི་ཆོས་དང་། བྱམས་བརྩེ། ལེགས་སྐྱེས”བཅས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་ཀྱི་དཔལ་ཡོན་དར་སྲོལ་གསར་པར་སྐུལ་འདེད་གཏོང་བར་རྒྱ་གྲམ་དམར་པོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

མ་ཝེ་ཅུན། ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་བྱ་རྒོད་མུག་སྐྱོབ་རོགས་སྐྱོབ་རུ་ཁག་གི་རུ་གཙོ།

མ་མིང་ཅའོ་། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་སྨན་པའི་དང་བླངས་ཞབས་ཞུའི་རུ་ཁག་གི་དང་བླངས་པ།

ཡུའེ་ཁྲུན་ལུའུ། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ།

ཧོ་ཏེ་ཞི།  མཚོ་བྱང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ།

ཁྲང་ཨའེ་། རྨ་ལྷོ་ཁུལ་སོག་རྫོང་ལན་ལུང་གྲོང་ཚོའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ།

ཚེ་རིང་མཁའ་འགྲོ།  ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་རྒྱ་གྲམ་དམར་པོའི་དང་བླངས་པ།

ལན་ཞའོ་མིང་།  མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ།

ཀྲང་ཧུང་མེ། མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སློབ་མའི་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ།


མཉམ་སྤྱོད།