དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་འཇུ་ལག་གི་མཉམ་ལས་ཁང་གཉིས2023ལོའི་ཀྲུང་གོའི་ཞིང་པའི་མཉམ་ལས་ཁང500ཡི་ནང་དུ་ཚུད།

2024-01-09 11:10:22   |   2601

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོའི་ཀྲུང་གོའི་ཞིང་པའི་མཉམ་ལས་ཁང500ཡི་མིང་ཐོ་ཁྱབ་བསྒྲགས་བྱས།  མཚོ་སྔོན་ཞིང་ཆེན་གྱི་མཉམ་ལས་ཁང9མིང་ཐོའི་ནང་དུ་ཚུད་འདུག་ཅིང་། མཚོ་བྱང་ཁུལ་འཇུ་ལག་རྫོང་བྱང་རིའི་ཞིང་ཡོན་ས་ཞིང་མཉམ་གཉེར་ཆེད་ལས་མཉམ་ལས་ཁང་དང་འཇུ་ལག་རྫོང་བྱང་རི་ཞིང་ཡོན་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་དེའི་ནང་ཚུད་འདུག

ཞིང་པའི་མཉམ་ལས་ཁང་ནི་ཞིང་དུད་ཆུང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་སྦྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་རྩ་འཛུགས་གལ་ཆེན་ཞིག་ཡིན་ཞིང་། གྲོང་གསེབ་དར་སྤེལ་དང་“ས་ཁུལ་བཞི”འཛུགས་སྐྲུན་ལ་རྒྱུན་མཐུད་རོགས་སྐྱོར་བྱེད་ཐུབ། ཉེ་བའི་ལོ་ཤས་རིང་།  མཚོ་བྱང་ཁུལ་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐྱེད་སྲིང་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་ཀྱི་འཐབ་ཇུས་ལག་བསྟར་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇུག་སྒོ་གལ་ཆེན་ཞིག་ཏུ་བརྩིས་ནས་སྲིད་ཇུས་ཀྱི་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་པ་དང་དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པོ་བྱས་པ་བརྒྱུད། 

ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བྱང་ཚད་མཐོ་བ་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྣེ་ཁྲིད་ནུས་པ་དང་། སྡུད་སྒྲིལ་ཤུགས་ལྡན་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ས་ཁོངས་ནང་གི་མཉམ་ལས་ཁང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར།  ཁུལ་ཡོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང404སྐྱེད་སྲིང་བྱས་པ་དང་། མཉམ་ལས་ཁང་ནང་ཞུགས་མཁན་གྱི་ཁྱིམ་ཚང5800ལྷག་ཙམ་ཟིན་ཡོད།


མཉམ་སྤྱོད།