དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་ཚོགས།

2024-01-09 11:02:16   |   2099

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་ནས་འཚོགས་པའི“དུས་རབས་གསར་པ། མཚོ་སྔོན་གསར་པ། འཐབ་ལམ་གསར་པའི་མཚོ་བྱང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་ཚོགས།”

微信图片_20240109110821.jpg

微信图片_20240109110825.jpg

ཡོངས་བསྒྲགས་ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་གིས་མཚོ་བྱང་ཁུལ་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས་ལོ་གཅིག་ལྷག་གི་རིང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ལ། “གནས་བཞི”ཐོན་ལས་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་པ། ལྗང་མདོག་གི་ནང་དོན་སྔར་བས་ཟབ་ཏུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ། དམངས་འཚོ་འགན་ལེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། རིག་གནས་ཀྱི་སྣེ་ཁྲིད་སྔར་བས་ནུས་ལྡན་བྱུང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཆབ་སྲིད་ཀྱི་སྐྱེ་ཁམས་སྔར་བས་དྭངས་གཙང་བཅས་བྱུང་ཡོད་པར་བསྟན། ཝང་ཡུང་ཁྲང་གིས་ད་དུང་ཆབ་སྲིད་འཛུགས་སྐྱོང་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་འཛུགས་སྐྱོང་བཅས་ཕྱོགས་ལྔའི་ཐད་ནས་མཚོ་བྱང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་པ་ལས་གྲུབ་པའི་སྤྱོད་གོ་ཆོད་པའི་བྱེད་ཐབས་དང་རྒྱལ་ཁའི་ཉམས་མྱོང་རབ་དང་རིམ་པ་ངོ་སྤྲོད་གནང་།

微信图片_20240109110830.jpg

 ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན་དང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་རིག་རྩལ་གནས་སྐོར་རྒྱང་བརྙན་ཅུ་ཡིས་འགན་འཁུར་བློ་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོངཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པ་བཅས་ཀྱི་ཐད་གསར་འགོད་པའི་དྲི་བར་ལན་བཏབ།

 ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། མི་དམངས་དྲ་བ། ཀྲུང་དབྱང་རྒྱང་སྒྲོག་དྲ་བ། ཀྲུང་གོ་གསར་འགྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་དཔལ་འབྱོར་འཕྲིན་ལམ། ཟི་ལིང་དགོང་དྲོའི་ཚགས་པར་ཁང་། མདོ་ལ་རི་བོ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས20ལྷག་གི་གསར་འགོད་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས།


མཉམ་སྤྱོད།