དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད16)

2024-01-09 08:32:18   |   1211

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་ཟེར་དོན་ཅི་ཡིན་ནམ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྲུན་གི་བརྗོད་གཞི་གལ་ཆེན་དེ་གསལ་པོར་བཏོན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པ་ནན་བཤད་བྱས་ཡོད། ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་ཏང་ལེགས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་བཀོད་པའི་ནང་བཅུག་པ་མ་ཟད། གོ་གནས་ཨང་དང་པོར་ཡང་བཞག་པ་དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཏང་ལེགས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་བྱས་པ་ཞིག་ཡིན་ཞིང་། དེའི་ཐོག་ནས་རང་རེའི་ཏང་གི་བསམ་གཞིགས་ཟབ་པོ་མཚོན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གཞི་འཛིན་ས་གང་ལེགས་ཡོད། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་དང་ལེན་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རྩ་བའི་བླང་བྱ་རེད། ཆབ་སྲིད་ཀྱི་ཐོག་ནས་ཏང་ལེགས་སྐྱོང་བྱེད་པར་དོ་སྣང་ཆེན་པོ་བྱ་རྒྱུ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཉམས་མྱོང་རྩ་ཆེན་ཞིག་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩིས་ནས་ཏང་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་དགོས། ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་དམ་འཛིན་བྱས་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོ་ནི“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན། ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཕྱོགས་གང་ཅིའི་ཐད་ནས་ཤུགས་རྒྱག་དགོས་ལ་གཙོ་གནད་ཐོག་ནས་ཤུགས་ཀྱང་རྒྱག་དགོས།


མཉམ་སྤྱོད།