དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-15 07:42:04   |   2560

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་མཐའ་གཅིག་གི་མགོ་ཁྲིད་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། འགན་འཁྲི་འཁུར་བ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་།

  • མིག་སྔའི་བར་ཐོན་ཁུལ་གཙོ་བོའི་རིགས་མི་གཅིག་པའི་འབྲུ་རིགས་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཏུན་དུང་ཕྱུར1.2ཙམ་ཉོ་སྒྲུབ་བྱས་པ་དང་། ཉོ་སྒྲུབ་བྱེད་ཚད་ཀྱིས་བཅུ་ཆ་དྲུག་ཙམ་ཟིན་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ནང་གི་སྣུམ་རླངས་ཐོན་འབོར་ཏུན་དུང་ཕྱུར3.9ལས་བརྒལ་ཞིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་སྡོམ་འབོར་སྒོར་དུང་ཕྱུར427945ཟིན། དུས་མཚུངས་ལས7.2%འཕར་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་གསར་ཚེས་ཚུན་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཚད་ནད་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་མཁན་ཇེ་ཉུང་དུ་གྱུར་ཡོད།

  • 2023ལོའི་ཟླ8པ་ནས་བཟུང་རྒྱལ་ཡོངས་ཀྱི་གློག་འཕྲིན་གྱི་མགོ་སྐོར་གཏོང་བའི་གྱོད་གཞི་དུས་མཚུངས་ལས28.6%མར་ཆག་ཡོད།

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2024ལོའི་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱི་ཚད་གཞི་ཚེས14ཉིན་ཁྱབ་བསྒྲགས་བྱས། ཞིབ་འཕྲིན།

  • ཚེས14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་ཐའེ་ཝན་ས་ཁུལ་གྱི་འདེམས་བསྐོའི་ཐད་ཀྱི་་གསལ་བསྒྲགས་ཐད་གཏམ་བཤད་སྤེལ་ཞིང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ཏན་ཏིག་བྱས་ནས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

    1.jpg

  • 2024ལོའི་མ་ལེ་ཞི་ཡའི་བྱ་སྒྲོའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ཚེས14ཉིན་མཇུག་གྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་སྐྱེས་པ་ཟུང་གི་ཚོགས་པ་དང་བུད་མེད་ཟུང་གི་ཚོགས་པའི་ཨང་དང་པོ་བླངས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། མཁའ་རླུང་གྲང་མོའི་ཤུགས་རྐྱེན་དབང་གིས་དེ་རིང་བྱང་ཤར་ས་ཁུལ་དང་ཧྭ་བྱང་གི་ལྷོ་རྒྱུད་སོགས་སུ་དྲོད་ཚད4~8བར་མར་ཆག་རྒྱུ་རེད།

  • ཁྲིམས་འཛིན་པུས་བསྟན་དོན། 2023ལོར་དཔང་ཡིག་རིགས33གྱི་གསལ་ཐོའི་ནང་དགོས་མེད་ཀྱི་དཔང་ཡིག་དཔྱད་གཞི116ཉུང་དུ་བཏང་སྟེ་དཔང་ཡིག་འཁོར་རྒྱུག་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོའི་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱི་མཉམ་ལས་ཞབས་ཞུ་གྲོང་ཚོར་ཁྱབ་ཚད་ཀྱིས75%ཡིན་པ་དང་། མྱུར་སྐྱེལ་གྲོང་ཚོར་སྐྱོད་པའི་ལས་སྒོའི་གྲངས་འབོར་དུང་ཕྱུར27ཟིན།

  • 2023ལོའི་ལོ་མཇུག་བར་དུ། དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཀྱི་དྲ་རྒྱའི་ཕྱིར་འཚོང་ལས་སྟེགས་ཀྱིས་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར500ལས་བརྒལ་བ་ཕྱིར་འཚོང་བྱས་ཡོད།

    2.png

  • ཚན་རིག་ཞིབ་འཇུག་མི་སྣས་ཀོང་ཞི་ནས་ལོ་བརྒྱ་ལྷག་ཙམ་ལ་མེད་པར་གྱུར་པའི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྲ་གཟུགས་རང་བཞིན་གྱི་ཚྭ་མེད་ཆུའི་དུང་འཁྱིལ་རིགས་ཏེ། གཙང་པོའི་དུང་འཁྱིལ་ཤེས་རྟོགས་བྱུང་།

  • མིག་སྔའི་བར་ཧོ་ནན་ཕིང་ཏིང་རི་བོའི་རྡོ་སོལ་གཏེར་ཁའི་ཝ་སི་ལས་འཛོལ་གྱིས་མི13རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར།

  • ཧྲན་ཞི་ལིན་ཧྥུན་ཉེན་རྟོག་ཕྱོགས་ཀྱིས་ཉིན་ཤས་གོང་ས་མཚམས་སྒྲོལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཆེན་པོ་ཞིག་ཁྱབ་བསྒྲགས་བྱས་ཤིང་། ཉེས་གསོག་དོགས་ཅན59འཛིན་བཟུང་བྱས་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར3.5ཟིན་ཡོད།

    3.gif

  • ཅང་སུའུ་ནན་ཅིང་གི་རླངས་འཁོར་ཆུང་ཆུང་ཞིག་མེ་ཤོར་ནས་ཁ་ལོ་བ་ཉེན་ཁར་འཕྲད་པ་ན། ལས་ཀར་འགྲོ་བའི་ལམ་བར་དུ་ཁྲེན་ཀྲུའུ་ཡིས་རླངས་འཁོར་ནང་གི་མིའི་འབོད་སྐད་ཐོས་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མདུན་དུ་རྒྱུགས་ཤིང་། རླངས་འཁོར་ཡོངས་སུ་མ་འབར་བའི་སྔོན་ལ་ཁ་ལོ་བ་བསྐྱབས།

    སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཏན་འབེབས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ3པའི་ཚེས15ཉིན་ནས་བཟུང་སྤྱི་དམངས་དང་ཁེ་ལས་ཀྱིས་མ་དངུལ་གཏོང་མཁན་ཡིན་པའི་ངོས་ནས་ཐོ་འགོད་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ཐོབ་ཐང་ཞིབ་བཤེར་བྱེད་དགོས།

  • པེ་ཅིང་གིས་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཐེངས་གཅིག་ལ་སློབ་རིན་སྒོར5000ལས་བརྒལ་བ་བསྡུ་མི་ཆོག་པ་ཁ་གསལ་བཏོན།

  • སི་ཁྲོན་ཁྲེང་ཏུའུ་ཡིས་ཟླ2པའི་ཚེས1ཉིན་ནས་བཟུང་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། ས་འོག་ལྕགས་ལམ་གྱི་འབབ་ཚུགས་དང་འཁོར་སྒྲོམ་ནང་གློག་རྡུལ་སྒྲིག་ཆས་ཀྱི་སྒྲ་ཕྱིར་བཏོན་ནས་འགྲུལ་པ་གཞན་དག་སྟབས་མི་བདེ་བ་བཟོ་མཁན་ལ་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཤིན་ཅང་བྱང་རྒྱུད་ཀྱི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧྲའན་ཞི་དང་ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཅང་ཧན་གྱི་དབུས་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།