དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད20)

2024-01-15 08:28:12   |   2391

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

གཟབ་ནན་གྱི་གཞི་གདངས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། 

ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་ཡིན་པ་དང་། མིའི་བློ་ཁ་གཏད་ཡིན་མིན་དང་། ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། སྒྲིག་ཁྲིམས་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི“སྡོམ་ཁྲི”ཡིན་ལ། ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་པའི་ཚད་གཞི་དང་བརྩི་སྲུང་ཞུ་བྱའང་ཡིན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་དཀའ་གནད་སྒྲོལ་བ་དང་། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་མིག་དཔེ་སྟོན་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་སོགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ། དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་བཟང་དར་སྤེལ་བཅས་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བཞག་ནས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་དང་། སྐྱིད་འདོད་རིང་ལུགས་དང་། བག་མེད་ཆུད་ཟོས་བཅས་ཀྱི་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱོད་ཚུལ་གནད་དོན་གྱི་ལྟེ་བ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་གནད་དོན་དེ་རེད། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཐབས་ཇུས་ཤིག་རེད། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བར་ཐོག་མར་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ང་ཚོའི་ཏང་གི་ཆེས་རྩ་བར་གྱུར་པ་དང་ཆེས་གལ་ཆེ་བའི་སྒྲིག་ཁྲིམས་ཤིག་ཡིན་ལ། ཆབ་སྲིད་ཀྱི་སྐྱེ་ཁམས་གཙང་མ་བཟོ་བའི་ཁག་ཐེག་གལ་ཆེན་ཞིག་ཀྱང་ཡིན།


མཉམ་སྤྱོད།