དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-17 07:37:21   |   3737

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རང་རྒྱལ་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་། “ལས་ཆོད་ཆེ་བའི་དོན་དག་གཅིག་སྒྲུབ་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་”སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར90ཟིན་རྒྱུ་རེད། 

  • ད་ལོའི་དཔྱིད་གསར་དུས་ཆེན་རིང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་སྟེང་རིན་མེད་ངང་ཤར་གཏོང་བྱེད་པའི་དུས་ཚོད་ནི་ཟླ2པའི་ཚེས9ཉིན་ནས་ཟླ2པའི་ཚེས17ཉིན་བར་ཡིན་པ་དང་། ཉིན9ལ་རིན་མེད་ཤར་གཏོང་བྱས་ཆོག

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་ལས་ཞུགས་ཀྱིས་ཉམས་རྒུད་སེལ་བའི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་རིམ་རྩིས་བྱས་ན་ཡོང་འབབ་དམའ་བའི་མང་ཚོགས་ཁྲི253.4ལས་ཞུགས་ཐུབ་ཡོད།

  • 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཚུད་མེད)གི་གསར་གཏོད་ཁེ་བེད་ཀྱི་དབང་ཚད་ཁྲི401.5ཟིན་ཞིང་། འཛམ་གླིང་ཐོག་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཁེ་བེད་དབང་ཚད་ཀྱི་གྲངས་འབོར་ཁྲི400ལས་བརྒལ་བའི་རྒྱལ་ཁབ་ཐོག་མར་གྱུར་ཡོད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་གས་ཀྱི་གྱོད་གཞི་ཁྲི2རྩད་ཆོད་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི2འཛིན་བཟུང་བྱས་ལ། མེ་མདའ་བཟུང་བ་དང་འབར་གས་ཀྱི་ཉེས་གསོག་གྱོད་གཞི་དུས་མཚུངས་ལས20%ཆག

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱིས་དྲ་དམངས་ཀྱི་ཐེར་འདོན་ཁུངས་སྣེ་དུང་ཕྱུར2.06བདག་སྤྲོད་དང་ཐག་གཅོད་བྱས་ཤིང་། དུས་མཚུངས་ལས19.5%འཕར་ཡོད།

    2.jpg

  • ཚེས16ཉིན་གྱི་དགོང་མོར། སིང་ཀ་ཕོར་དུ་སྐྱེས་པའི་དོམ་ཁྲ“ལེ་ལེ”ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་སུ་ཕྱིར་ལོག་མགོ་བརྩམས།

    སྤྱི་ཚོགས།

  • མ་འོངས་པའི་ཉིན་གཉིས་རིང་བྱང་ཕྱོགས་སུ་ཁངས་འབབ་ཚད་ཇེ་ཉུང་དུ་འགྲོ་རྒྱུ་དང་། ལྷོ་ཕྱོགས་སུ་ཆར་པ་འབབ་ཚད་ཇེ་མང་དུ་འགྲོ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཅང་ཧན། ཅང་ཧོའེ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

  • ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བྱ་སྤུའི་གྱོན་ཆས་ཐོན་རྫས་ཀྱི་སྤུས་ཚད་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་བྱས་པའི་གནས་ཚུལ185ཡི་བརྡ་ཁྱབ་བཏང་། དེའི་ནང་ཐོན་རྫས་ཁག26ཚད་ལོན་མེད།

  • པེ་ཧའེ་འགག་སྒོས་སྡོམ་རྩིས་བྱས་པར་གཞིགས་ན། ཚེས16ཉིན་བར་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་སྒྲོལ་བའི་ཤང་ཀང་དང་ཨའོ་མོན་གྱི་ས་རྟགས་ཅན་གྱི་རླངས་འཁོར་རྐྱང་པ་ཐེངས་ཁྲི150ལས་བརྒལ་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཁྲེན་ཅི་ཤིན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • གྲངས་གཞི་ལས་མངོན་པ་ལྟར་ན། དཔྱིད་གསར་དུས་ཆེན་རིང་བྱང་ཕྱོགས་ཀྱི་དར་ཐོག་གནས་སྐོར་རྒྱུན་མཐུད་ངང་དར་ཁྱབ་ཆེ་བར་འགྲོ་རྒྱུ་དང་། ཁྲང་ཁྲུན་གྱི་གནས་སྐོར་མངགས་ཐོ་དུས་མཚུངས་ལས613%འཕར་ཡོད།

    3.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གཤོག་གོར་བཞི་ཅན་གྱི་མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་འཛིན་མི་ཐུབ་པའི་དཀའ་གནད་སེལ་བ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་འཕྲུལ་མིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གལ་ཆེན་《IEEEའཕྲུལ་མིའི་དུས་དེབ》ཐོག་སྤེལ།

    4.jpg

  • 2023ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག མའེ་ཞིས་ཧ་ལན་ཏེ་དང་མུའུ་པ་ཕེ་ལས་རྣམ་པར་རྒྱལ་ཞིང་། “འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས”ཐེངས་བརྒྱད་པ་ཐོབ།

  • ས་གནས་དེ་གའི་གཞུང་ལམ་འགྲིམ་འགྲུལ་སོགས་སྡེ་ཚན་གྱིས་ཉིན་བདུན་ལ་བསྟུད་མར་ལས་ཀ་བྱས་པ་བརྒྱུད། ཚེས16ཉིན་གྱི་ཉིན་གུང་གི་དུས་ཚོད13:14སྟེང་། ཤིན་ཅང་ཨ་ལེ་ཐའེ་ཁ་ན་སི་མཛེས་ལྗོངས་ཁུལ་གྱི་ལམ་མདོ་ནས་ཧོ་མུའུ་གྲོང་ཚོར་སྐྱོད་པའི་གཞུང་ལམ825མྱུར་བཟོ་བྱས་ནས་འགྲུབ།

    5.gif

  • ཀོང་ཏུང་ཧྲེན་ཀྲེན་གྱི་གྲོང་མིའི་ཐོག་ཁང་ཞིག་གློ་བུར་དུ་མེ་ཤོར་ཞིང་མི5ཁང་པའི་ནང་བཀག གུང་གསེང་གཏོང་རིང་ཁྱིམ་དུ་ཡོད་པའི་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཁྲེན་ཁའེ་སུང་གིས་དུ་བ་ལ་མ་འཛེམ་པར་མེ་སྐྱོན་ཐོན་སར་རྒྱུག་ཅིང་མེ་ཟོན་མི་སྣ་དང་མཉམ་དུ་ཁང་པའི་ནང་བཀག་པའི་མི་སྣ་བསྐྱབས།

    སྲིད་ཇུས།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས་ཟླ1པོའི་ཚེས1ཉིན་ནས་བཟུང་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱ་རྒྱུ་དང་། རིམ་པ་མཐོ་ཤོས་ཀྱི་ཟླ་ཕོགས་ཟླ་རེར་སྒོར2490བར་མཐོ་རུ་བཏང་ཡོད།

  • ཧྲའན་ཞི་ཡིས་བྱེད་ཐབས་བཏོན་ནས་མཐོ་སློབ་ཁག་གིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མ་ཚང་མར་ཉུང་མཐར་ཡང་ཁ་གཏད་རང་བཞིན་ལྡན་པའི་ལས་གནས5ཡི་ཆ་འཕྲིན་མཁོ་འདོན་བྱས་ཏེ། ལས་ཞུགས་བྱེད་འདོད་ཡོད་པའི་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • ཧྲན་ཏུང་ཅི་ནན་གྱིས་བྱེད་ཐབས་བཏོན་ནས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་མི་འདང་བའི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱེད་པ་དང་། ཚད་དང་མཐུན་པའི་སྤྱི་པའི་ས་འོག་རླངས་འཁོར་འཇོག་ས་གསར་སྐྲུན་བྱས་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི2སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

6.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ལིའོ་ཏུང་ཕྱེད་གླིང་། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད།  མཚོ་སྔོན་གྱི་ལྷོ་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་དབུས་ལྷོ་རྒྱུད། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཆ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཅང་ཧན་གྱི་ས་ཆ་མང་ཆེ་བ་དང་།  ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧུའུ་པེའི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།