དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད22)

2024-01-17 08:16:59   |   1758

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བསྟན་དོན།“ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་།ཉེན་ཁ་འགོག་པ་དང་།འགྲན་སློང་བསུ་བ་དང་།འགོག་གནོན་བྱེད་པ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་བར་ཤུགས་རྒྱག་པ། སྣེ་ཁྲིད་དེ་འགན་འཁྲི་འཁུར་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ།དུས་རྒྱུན་དུ་གནད་འགག་གནས་ཚུལ་མཐོང་ཐུབ་པ་དང་། གནད་འགག་ཆེ་བའི་སྐབས་སུ་ལངས་ཕྱོགས་བརྟན་པོར་ཡིན་པ། ཉེན་ཁར་ཐུག་པའི་འགག་རྩའི་སྐབས་སུ་གང་ལའང་མི་འཛེམ་པ་བཅས་བྱ་དགོས།” དེ་ནི་རྒྱང་སྐྱོང་ཀྱི་ལམ་བུ་གསར་པའི་ཐོག་ཏང་གི་ལི་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ། རླབས་ཆེན་གྱི་འཐབ་རྩོད་བཅས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་བདེ་སྡོད་ཉེན་བསམ་གྱི་ཆབ་སྲིད་རིག་པ་དྭངས་གསལ་དང་། སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས། འཐབ་རྩོད་བྱེད་ཕོད་པའི་འབད་འཐབ་ཀྱི་ཉམས་འགྱུར་བཅས་གང་ལེགས་མངོན་ཡོད། འཐབ་རྩོད་བྱེད་ཕོད་པ་དང་།འཐབ་རྩོད་བྱེད་མཁས་པོ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་གཤིས་རྒྱུད་མངོན་གསལ་ཞིག་རེད། ནང་རྩོད་ཕྱི་འཁྲུག་གི་ཁྲོད་དུ་ང་ཚོའི་ཏང་དབུ་བརྙེས་པ་དང་། གེགས་བར་ཁྲོད་དུ་འཚར་ལོངས་བྱུང་བ་དང་། འགག་སྒྲོལ་དཀའ་སེལ་ཁྲོད་དུ་སྟོབས་ཆེན་གྱུར་བ་བཅས་ཀྱི་དབང་གིས་སྟོབས་ལྡན་རྒྱལ་ཁབ་ལ་མི་སྐྲག་པ་དང་། ཉེན་ཁ་ལ་མི་སྐྲག་པ་དང་།  འཐབ་རྩོད་བྱེད་ཕོད་པ་དང་།རྒྱལ་ཁ་ལེན་ཕོད་པའི་སྤྱོད་ཚུལ་དང་གཤིས་རྒྱུད་ལ་སྦྱོང་བརྡར་ཐེབས་པ་རེད། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་འགྲོ་བ་བྱ་རྒྱུ་ནི་ལས་བྱེད་པ་འཚར་ལོངས་བྱུང་པའི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། བསམ་བློའི་ཐོག་ནས་སྦྱོང་བརྡར་ནན་པོ་དང་། ཆབ་སྲིད་ཐོག་ནས་སྦྱོང་བརྡར་དང་། ལག་ལེན་ཐོག་ནས་སྦྱོང་བརྡར་བཅས་བྱས་ཏེ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་དུ་དཀའ་ཁག་དང་གདོང་ཐུག་བྱེད་ཕོད་པ་དང་། མཐོང་རྒྱ་ཆེ་བའི་བློ་ཁོག་ཡངས་པ་དང་། སྙིང་སྟོབས་ཆེར་སྐྱེད་བཅས་བྱ་དགོས། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་འགྲོ་བ་བྱ་རྒྱུ་ནི་འཐབ་རྩོད་རླབས་ཆེན་བྱ་རྒྱུའི་དགོས་གལ་ཆེན་པོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་དཀའ་ཚེགས་ཆེ་ལ་རླབས་ཆེ་བའི་སྤྱི་ཚོགས་ཀྱི་གསར་བརྗེ་ཞིག་རེད། མིག་སྔར་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པའི་མི་བཀོལ་སྤྱོད་བྱེད་དང་ཁྲིད་ཕྱོགས་གསལ་པོར་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་འཐབ་རྩོད་རླབས་ཆེན་བྱེད་པའི་འདོད་བློ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།


མཉམ་སྤྱོད།