དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2024-01-17 10:22:05   |   2712

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ་དང་པོའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས60པ་གཙོ་སྐྱོང་གནང་སྟེ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལས་དོན་སྙན་ཞུར་གསན་པ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས།

1.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུར་གསན་ཏེ། ང་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་དཔེ་སྟོན་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་ལ་རང་འགུལ་ངང་ཁ་གཏད་གཅོག་པ་དང་། ཏང་ཙུའུ་ལས་ཁུངས་ཀྱི་ལས་དོན་སྙན་ཞུར་ནན་ཏན་གྱིས་ཉན་པ། དོན་གནད་གལ་ཆེན་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། འགན་འཁྲི་ནན་དུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་བསྟན།

2.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཕྱོགས་སྡོམ་གནང་བ་དང་། ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ།  རུལ་སུངས་སྔོན་འགོག་བྱེད་པའི་ལས་དོན་ལ་རྒྱུད་མཐུད་ངང་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་འགོག་རྒོལ་བཅས་བྱེད་པའི་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། རང་ངོས་གསར་བརྗེའི“གཞི་འཛིན་ས་དགུ”ཡི་ལག་ལེན་བླང་བྱ་ཡང་དག་པའི་སྒོ་ནས་སྟངས་འཛིན་བྱས་ཏེ། འདུ་ཤེས་ནན་མོ་དང་། བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་རྒྱུན་མཐུད་རྒྱུན་འཁྱོངས་བྱེད་དགོས་ལ། སྐད་ཅིག་ཙམ་ལའང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མཚམས་ཆད་མི་རུང་། མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་དང་། སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། འབད་པ་ལྷོད་མེད་ཀྱིས་སྤྱོད་ཚུལ་ཇེ་བཟང་དང་། སྒྲིག་ཁྲིམས་ནན་པོ། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་རང་འགུལ་ངང་ཚོགས་འདུ་ཡོངས་ཀྱི་དགོངས་དོན་ལ་ཁ་གཏད་གཅོག་པ་དང་། “ས་ཁུལ་བཞི་”འཛུགས་སྐྲུན་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། གྲོང་གསེབ་དར་སྤེལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་ཏན་ཏིག་བྱས་ཏེ་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། རང་ཞིང་གི2023ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཤིང་། དཔལ་འབྱོར་གྱི་གནས་བབ་ལ་གཏིང་ཟབ་པའི་དབྱེ་ཞིབ་བྱས་པ་དང་། 2024ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་སྒྲུབ་དངོས་སྒྲུབ་བྱེད་པ་དང་། བྱས་རྗེས་འཇོག་པ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ། མངོན་འགྱུར་གྱི་ཐབས་ལམ་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་བསམ་བློའི་བྱ་སྤྱོད་དེ་ཞིང་ཆེན་ཨུ་ལྷན་གྱི་བླང་བྱ་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ལས་ཀའི་དམིགས་ཚད་དེ་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱས་ཏེ་མཚོ་བྱང་གི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འགྲོ་ལམ་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དྲིལ་སྒྲོག་སྡེ་ཚན་གྱིས་ཁུལ་ཡོངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིབ་ཕྲའི་ཇུས་གཞི་བཟོས་ནས་ཕྱོགས་མང་དང་ཟུར་ཚད་མང་བའི་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ་དྲང་ཕྱོགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ཡོངས་དང་རྒྱ་ཆེའི་ལས་བྱེད་པ་ཡོངས་ལ་བརྒྱུད་སྒྲོག་ཏན་ཏིག་བྱེད་དགོས་པ་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། གོ་རྟོགས་གཏིང་ཟབ་པ། མི་སེམས་ལ་ཟུག་པ་བཅས་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་ཏེ་ཞིང་ཆེན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་གསར་པ་གཞིར་བཟུང་སྟེ། རང་རྟོགས་ངང“ལས་བྱེད་པས་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “ངོས་འཛིན་གསལ་པོ་མེད་པ་བཞི”སྔར་བས་གསལ་པོ་བཟོ་བ་དང་། བརྟག་ཞིབ་གཏིང་ཟབ་དང་བསམ་གཞིགས་གཏིང་ཟབ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་བྱ་ཐབས་འདོན་པ། ལས་ཀའི་དམིགས་ཚད་སྔར་བས་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་བ། ལས་དོན་དོན་འཁྱོལ་སྔར་བས་ཏན་ཏིག་བྱེད་པ་བཅས་བྱས་ནས། ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་རྩ་བ་རྒྱས་ཤིང་གཉོམ་ལག་རྒྱས་པའི་འགན་ལེན་བྱེད་དགོས། ཁུལ་གྱི་རིམ་ཁག་མགོ་ཁྲིད་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔོན་ལ་ཁོང་དུ་ཆུད་པ་བྱས་ནས། “1+10”ལྟར་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། དུས་ཐོག་ཏུ་གཞི་རིམ་དང་ས་ཚིགས། འབྲེལ་གཏུག་ས་ཁུལ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་བརྒྱུད་སྒྲོག་བྱེད་དགོས།

3.jpg

ཚོགས་འདུའི་ཐོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ལ་གསན། དམངས་ཆེན་དང་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཏང་གི་མགོ་ཁྲིད་དེ་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་དང་། འགན་འཁྲི་སྒྲུབ་པའི་གནད་འགག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཁུལ་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ངེས་གནས་གཏན་འཁེལ་བྱེད་མཁས་པ། བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ལས་ཀའི་སྤྱོད་ཚུལ་དང་ལས་ཀའི་བྱ་ཐབས་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་ཀྱི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས། ལམ་ལུགས། ནུས་པ་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཆགས་པར་བྱེད་དགོས།

ཚོགས་འདུའི་ཐོག ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་འབྲེལ་ཡོད་དོན་གནད་ལ་གྲོས་ཞིབ་བྱས་པ་དང་།《ཁུལ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱ་ཐབས་འགའ》སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།