དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞོན་ནུ་ལས་བྱེད་པའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ།

2024-01-17 15:06:10   |   350

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་མཐོ་སྒང་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་གི་༼མཐོ་སྒང་གཞིས་ཁྱིམ༽གྱི་གྲོང་ཁྱེར་དཔེ་ཁང་དུ“བསམ་བློའི་ཟིལ་ཤུགས་རྟོགས་པ་དང་གཞོན་ནུ་ཚོས་བློ་སྟོབས་ཆེན་པོས་འགན་འཁྲི་འཁུར་བ། མཚོ་བྱང་ལྔ་བསྐྲུན་པ”བཅས་ཀྱི་མཚོ་བྱང་ཁུལ་གྱི་གཞོན་ནུ་ལས་བྱེད་པའི“ཞི་ཅིན་ཕིང་གི་གསུང་བཏུས་ཀློག་འདོན་བྱེད་པ”བརྗོད་དོན་ཡིན་པའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་ཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་ལི་ཞུས་ཀྲིན་དང་ཧ་ཝུན་ཞིག ཞའོ་རུའེ་ཞིན་བཅས་བྱེད་སྒོར་ཕེབས།

1~2.jpg

བྱེད་སྒོའི་ཁྲོད་གཞོན་ནུ་ལས་བྱེད་པའི་འཐུས་མིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གཞོན་ནུའི་ལས་དོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་གསེབ་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཀློག་འདོན་བྱས་པ་དང་། རང་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་གནང་། བྱེད་སྒོའི་ཁྲོད་ཞུགས་མཁན་གྱི་གཞོན་ནུ་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་བསམ་བློ་བཏང་སྟེ། ཁུལ་ཨུའི“243”ཀྱི་འཕེལ་རྒྱས་ཀྱི་བཀོད་པར་དམིགས་ཏེ“མཚོ་བྱང་ལྔ”འཛུགས་སྐྲུན་ཁྲོད་ལང་ཚོའི་རྔུལ་ཆུ་འདོན་པ་དང་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

2~1.jpg

ཝང་ཡུང་ཁྲང་གིས་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་ནས་གཞོན་ནུ་ལས་བྱེད་པ“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། རང་རྟོགས་ངང་བསམ་བློའི་སྟོབས་ཤུགས་དེ་འགན་འཁྲི་འཁུར་སེམས་ཆེན་པོར་འགྱུར་བར་བྱས་ཏེ། “དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ཁྲོད་གཞོན་ནུའི་སྟོབས་ཤུགས་མངོན་པ་དང་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་བསྟན།

3~1.jpg


མཉམ་སྤྱོད།