དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-18 07:41:10   |   2478

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ལི་ཁེ་སི·ཆི་སའེ་ཁེ་ཏི་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཏེ་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་དུ་བདམས་པར་རྟེན་འབྲེལ་ཞུས།

  • ཟླ1པའི་ཚེས17ཉིན། བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐར་མ་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་བང་སོར་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཤིས། ཧན་ཀྲེང་སོགས་པ་པའོ་ཧྲན་དུ་ཞལ་གྱེས་གནང་བར་ཕེབས།

  • ཚེས17ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་ཞིབ་རྩིས་རགས་ཙམ་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར1260582ཟིན་ཞིང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས5.2%འཕར་ཡོད།

    1.jpg

  • 2023ལོའི་ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཀྱི་སྡོམ་འབོར་ཏུན་ཁྲི69541ཟིན་ཞིང་། ལོ་སྔོན་མ་ལས་ཏུན་ཁྲི888འཕར་ཡོད།

  • 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་རྩ་འཛུགས་ཁྱོན1900ལྷག་ཙམ་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན་ཁྲི2.7འཛིན་བཟུང་བྱས།

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་སྡོམ་རྩིས་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་ལུས་རྩལ་པར་འཛམ་གླིང་གི་ཨང་དང་པོ165ཐོབ་ཡོད།

    2.jpg

  • ཚེས17ཉིན་གྱི་དུས་ཚོད22:27སྟེང་། མཁའ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་བརྒྱད་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་བྱ་ཡུལ་དུ་མེ་སྤར་ནས་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་། 

  • ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་བསྟན་དོན། ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་ཞི་བའི་གཅིག་གྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན། འོན་ཀྱང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ལ་བར་སྟོང་སྤུ་ཙམ་ཡང་འཇོག་མི་རུང་ཞེས་བཤད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལོ་བཞི་ལ་བསྟུད་མར་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད།

  • རྒྱལ་ཁབ་གཉིས་པོའི་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ལ་ཕྱོགས་རྐྱང་པའི་ལམ་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུ་རེད།

    སྤྱི་ཚོགས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔོན་དཔག་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་དང་།  གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར18ལས་བརྒལ་རྒྱུ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་ལྔས་ཚེས17ཉིན་རིག་ནུས་དྲ་སྦྲེལ་རླངས་འཁོར་ལ“རླངས་འཁོར་དང་ལམ། བར་སྟོང་བཅས་གཞི་གཅིག་ཅན”གྱི་བཀོལ་སྤྱོད་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། ཚོད་ལྟའི་དུས་ཚོད་ནི2024ལོ་ནས2026ལོའི་བར་ཡིན།

  • ཚེས17ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར50རེ་མར་བབ་ཡོད།

    3.jpg

  • སི་ཁྲོན་གཤོངས་སར་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1330ལྷག་ཙམ་ཟིན་པའི་རང་བྱུང་སོལ་རླངས་གི་ཞིང་གསར་ཞིག་རྩད་ཆོད།

4.jpg

  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྦྲག་སྲིད་དོ་དམ་ཅུ་ཡིས་ཚེས19ཉིན་ཀྲུང་གོའི་ལུགས་རྙིང་གི་ཤིང་ཕོ་འབྲུག་ལོའི་དམིགས་བསལ་སྦྲག་འཛིན་པར་གཞི་འགྲེམས་སྤེལ་བྱ་རྒྱུ་རེད།

  • ཚེས16ཉིན་གྱི་དགོང་མོར་སིང་ཀ་ཕོར་དུ་སྐྱེས་པའི་དོམ་ཁྲ“ལེ་ལེ”བདེ་འཇགས་ངང་རྒྱལ་ནང་དུ་ལོག

    5.jpg

  • ཅང་ཞི་དབྱང་ཅི་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱེ་དངོས་རིགས་གསར་པ་ཏོན་མང་ལོ་མའི་ཨར་ཅོ་རྙེད། 

  • ཡུན་ནན་ཏེ་ཧུང་དབྱིང་ཅང་རྫོང་དུ་ཀའོ་ལི་ཀུང་གི་སྨིན་མ་དཀར་པོ་ཅན་གྱི་སྤྲ་རིགས་ཁྱུ་ཚོགས་ཤིག་གསར་དུ་རྙེད་ཅིང་། དེ་ཡིས་ཁྱུ་ཚོགས་ཀྱི་ཁྱབ་རྒྱ་ལྷོ་ཕྱོགས་སུ་སྤྱི་ལེ30བསྲིངས།

    སྲིད་ཇུས།

  • ཅི་ལིན་གྱིས་བུ་བཙའི་ཕོགས་སྣོན་གཏོང་སྤྲོད་དང་། ཕྲུ་གུ་སྐྱེས་པའི་ཁ་གསབ་དངུལ་སོགས་དོན་ཚན3སྒྲུབ་པའི་དུས་བཀག་དེ་ཉིན15ནས་ལས་ཀའི་ཉིན10བར་ཐུང་དུ་གཏོང་རྒྱུ་ཁ་གསལ་བཏོན།

  • ཐེན་ཅིན་གྱིས་བྱ་ཐབས་བཏོན་ནས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་ལ་སྒོར5000སྤྲོད་རྒྱུ་རེད།

  • ཀུའེ་ཀྲོའུ་ཡིས་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་མཐོ་རུ་བཏང་བ་སྟེ། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་འགྲོ་སོང་རྩིས་ཞུ་བྱེད་ཆོག་པ་དང་། མཐོ་ཤོས་ལ་སྒོར600རྩིས་ཞུ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

    6.jpg

  • ཤིན་ཅང་གི་བྱང་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞ། ཧྲའན་ཞིའི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་དུ་ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཁངས་ཆེན་པོ་འབབ་རྒྱུ་རེད། སུའུ་ཝན་གྱི་དབུས་ལྷོ་རྒྱུད་དང་། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་ནུབ་རྒྱུད་དང་ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།