དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད23)

2024-01-18 08:19:41   |   2717

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ།བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པར་གོ་བ་ཇི་ལྟར་ལེན་དགོས་སམ།

མང་ཚོགས་ལམ་ཕྱོགས་ནི་ང་ཚོའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པས། ངེས་པར་དུ་མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་དང།མི་དམངས་མང་ཚོགས་ལ་རྒྱབ་རྟེན་དམ་པོ་བཅོལ་བ། མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཏེ། ཆབ་སྲིད་ཀྱི་བློ་གྲོས་འཕེལ་བ་དང་སྲིད་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་དུ་རྩ་བ་གཏིང་ཟབ་འཛུགས་དགོས། མི་དམངས་མང་ཚོགས་ཀྱི་བདག་པོའི་གོ་གནས་མཐའ་འཁྱོངས་དང་། རང་རྟོགས་ངང་མི་དམངས་དགེ་རྒན་ལ་བསྟེན་པ་དང་། འཇོན་ནུས་ཡོད་མཁན་ལ་སློབ་གསོ། བློ་གྲོས་ཅན་ལ་སྲིད་ཇུས་འདྲི་བ། མང་ཚོགས་ཀྱི་གང་ལ་བསམ་བློ་གཏོང་ས་དང་གང་ལ་རེ་སྒུག་བྱེད་དོན་ཁོང་དུ་ཆུད་པ། དམངས་སེམས་དང་དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱ་དགོས། མི་དམངས་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་མི་དམངས་མང་ཚོགས་ཀྱི་གསར་གཏོད་སྤྲོ་སེམས་སྐུལ་སློང་གང་ཐུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གསར་དུ་བཏོད་པའི་ཉམས་མྱོང་གསར་པ་དུས་ཐོག་ཏུ་ཤེས་རྟོགས་དང་། ཕྱོགས་སྡོམ་དང་། སྙིང་བསྡུས་བཅས་བྱས་ནས་དེ་དག་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སུ་འཕེལ་བ་དང་ལག་ལེན་གསར་པར་སློབ་སྟོན་བྱ་དགོས། མང་ཚོགས་ལམ་ཕྱོགས་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་རྩ་བའི་ལས་ཀ་བྱེད་སྟངས་ཤིག་ཡིན། ཏང་གི་མགོ་ཁྲིད་ལས་ཀའི་བྱེད་ཐབས་ཡང་དག་པ་ནི་མང་ཚོགས་ཀྱི་བསམ་འཆར་གཅིག་ཏུ་བསྡུས་ནས་ཐབས་ཇུས་ཡང་དག་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དང་།སླར་ཡང་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ནས་ཐབས་ཇུས་རྣམས་མང་ཚོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱ་རྒྱུ་མ་ཟད།མང་ཚོགས་ཀྱི་ལག་ལེན་ནང་ནས་ཐབས་ཇུས་དེ་དག་ཡང་དག་པ་ཡིན་མིན་ཞིབ་བཤེར་བྱ་རྒྱུ་དེ་རེད།


མཉམ་སྤྱོད།