དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་བདེ་འཇགས་ཐོན་སྐྱེད་ཤེས་བྱའི་ཆེད་དོན་འཆད་ཁྲིད་བསྡུས་པ།

2024-01-18 10:35:27   |   4623

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་དོ་དམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་ངང་ཆེ་རུ་གཏོང་ཆེད། “བསམ་བློའི་གཅུ་ཕུར”དམ་པོར་བསྒྲིལ་བ་དང་། “བདེ་འཇགས་ཀྱི་འཆིང་ཐག”དམ་པོར་སྡོམ་པ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས། བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་ཆེད།

微信图片_20240118142807.jpg

ཟླ1པོའི་ཚེས17ཉིན། མདོ་ལ་རྫོང་གིས་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི(རྒྱས་འཛོམས)ཚོགས་འདུ་དང་བདེ་འཇགས་ཐོན་སྐྱེད་ཤེས་བྱའི་ཆེད་དོན་འཆད་ཁྲིད་བསྡུས།

 རྫོང་གི་མགོ་ཁྲིད་ལི་ཧུའེ་ལིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། 

ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱལ་ཁབ་ཐོ་འགོད་བདེ་འཇགས་བཟོ་སྐྲུན་པ་ཡུས་ཞའོ་ཧྥུང་གདན་དྲངས་ནས། “སྐུལ་སྡོམ་འགན་འཁྲི་དོན་འཁྱོལ། བདེ་འཇགས་ཉེན་ཁ་འགོག་སྡོམ”གྱི་ཆེད་དོན་འཆད་ཁྲིད་བྱས། དགེ་རྒན་ཡུས་ལགས་ཀྱིས“བདེ་འཇགས་ཀྱི་དམར་ཐིག་འདུ་ཤེས་བརྟན་པོར་འཛུགས་པ་དང་། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ། བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན། ལས་འཛོལ་གྱི་བསླབ་བྱ་དང་ཉེན་བརྡ”བཅས་ཕྱོགས་བཞིའི་ཐད་ནས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་རྒྱས་བཤད་གནང་བ་དང་འབྲེལ། ཞིབ་ཚགས་ཏན་ཏིག་དང་ཕུན་སུམ་ཚོགས་པའི་གྱོད་དཔེ་བརྒྱུད་ལག་ལེན་གྱི་ཉམས་མྱོང་དང་ཟུང་འབྲེལ་སྒོས་རྫོང་ཡོངས་ཀྱི་རིམ་པ་ཁག་གི་བདེ་འཇགས་ཐོན་སྐྱེད་དམ་འཛིན་དང་། བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཉམས་མྱོང་བསྩལ་ཅིང་བྱེད་ཐབས་བཏོན། ཐེངས་འདིའི་ཆེད་དོན་འཆད་ཁྲིད་བྱས་པ་བརྒྱུད“བླ་ན་མེད་པ་གཉིས”ཀྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་ལ། མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཉེན་ཁའི་འདུ་ཤེས་བཅས་ཇེ་ཟབ་ཏུ་ཕྱིན། སྡེ་ཚན་ཁག་གིས“དོ་དམ་གསུམ་དང་ངེས་པར་གསུམ”གྱི་ལས་ཀའི་བླང་བྱར་གོ་བ་ལེན་ཤུགས་ཆེ་རུ་ཕྱིན་ཡོད། 

ཚོགས་འདུའི་ཐོག གཅིག་ནས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་ཀྱི་འཆིང་ཐག”དམ་པོར་སྡོམ་དགོས་ཏེ། “བདེ་འཇགས་གཙིགས་སུ་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཆབ་སྲིད་ཀྱི་མཐོ་ཚད་དང་། དམངས་ཀྱི་ཚད་གཞི། འཕེལ་རྒྱས་ཀྱི་ཟུར་ཚད་བཅས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་དགོས། བདེ་འཇགས་ཀྱི་ཆུ་རགས་བརྟན་པོར་བཟོས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ“མེ་འགོག་རྩིག་པ”བརྟན་པོར་བཟོ་དགོས། གཙོ་གནད་ལས་རིགས་དང་ལྷུ་ཚིགས་ཞན་སར་དམ་པོར་དམིགས་ནས་རྒྱུན་རྣམ་ཅན་གྱི་ཉེན་ཁ་དང་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ཆེན་པོ་བྱེད་པ་དང་། ཞིབ་ཚགས་ཅན་གྱི་སྒོ་ནས་ཆེད་དོན་བཅོས་སྒྲིག་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས། བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་ཡོངས་ཀྱི་ལྟ་སྐུལ་དོ་དམ་ལེགས་པར་བྱེད་དགོས། སྒོས་སུ་ཉེ་དུས་རང་རེའི་རྫོང་དུ་ཆར་བ་འབབ་ཚད་ཉུང་བའི་དོན་དངོས་ལ་དམིགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱུར་རྐྱེན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མི་ཐོན་པར་བྱེད་དགོས། དུས་མཚུངས་སུ་ཆད་གཅོད་དང་དྲིལ་སྒྲོག་སློབ་གསོ་ཟུང་འབྲེལ་སྒོས་ཁྲིམས་བསྟར་ཁྲིམས་སྤེལ་གཅིག་མཚུངས་ཐོག་གལ་ཆེན་ལ་བརྩི་བ་དང་། ཆད་གཅོད་དང་སློབ་གསོ་མཉམ་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོ་དེ་བདེ་འཇགས་ཐོན་སྐྱེད་ཁྲིམས་བསྟར་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཐོག དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ“འགན་འཁྲིའི་འབྲེལ་ཐག”དམ་པོར་བཟོ་དགོས། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་འགན་འཁྲི་བདའ་འདེད”བཅས་ཀྱི་བླང་བྱ་གཞིར་བཟུང་། 

མགོ་ཁྲིད་ཀྱི་འགན་འཁྲི་དང་། ཡུལ་གྲོང་གི་གཏོགས་ཁོངས་འགན་འཁྲི། ལས་རིགས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་ཏན་དུ་བཏང་ནས་ཡོངས་ཁྱབ་འགན་འཁྲིའི་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ལས་རེས་དང་ལས་འཛོལ་གྱི་ཆ་འཕྲིན་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་ཏན་ཐོག་ཐོལ་བྱུང་གནས་ཚུལ་ཐོན་ཚེ་འཕྲལ་མར་ཐག་གཅོད་ཐུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཐུབ་པར་བྱེད་དགོས་ཞེས་བླང་བྱ་བཏོན།

 ཁྱིམ་སྡོད་རྫོང་རིམ་པའི་མགོ་ཁྲིད་དང་། རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི། ཡུལ་གྲོང་ཁག་གི་ཡུལ་གྲོང་དཔོན། བདེ་འཇགས་ཐོན་སྐྱེད་ཀྱི་མགོ་འཛིན་གཞོན་པ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁག་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། འཕྲལ་སྡོམ་དོ་དམ་ཅུའི་ལས་བྱེད་ལས་བཟོ་ཡོངས་ཚོགས་འདུར་ཞུགས།


མཉམ་སྤྱོད།