དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-22 07:47:05   |   793

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2023ལོར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར471495ཟིན་པ་དང་། དུས་མཚུངས་ལས7.2%འཕར་ཡོད།

  • 2023ལོར་རྒྱལ་ཡོངས་ཀྱི་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་ཁྲི5ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་རིན་ཐང་འཕར་མ་དུས་མཚུངས་ལས4.7%འཕར་ཡོད།

  • 2023ལོའི་ལོ་སྨད་ནས་བཟུང་ཁེ་ལས་འབྲིང་ཆུང་གི་ཉོ་སྒྲུབ་སྟོན་གྲངས་ཟླ་བ5ལ་བསྟུད་མར་འཕར་བ་དང་། དེའི་ནང་ཟླ12པར54.5%ཟིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས1.6འཕར་ཡོད།

  • མིག་སྔའི་བར། རྒྱལ་ཡོངས་ཀྱི་ཀྲུང་དབྱང་གྲབས་གསོག་འབྲུ་རིགས་ཐད་གཏོགས་མཛོད་400ལྷག་ཙམ་ལ་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

  • ཉེ་ཆར། ཚོང་དོན་པུས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལམ་ལུགས་གསར་གཏོད་གྲུབ་འབྲས་ཁག47གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ནས་ཚོང་དོན་སྟབས་བདེ་ཅན་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བ། ཕྱི་རྒྱལ་གྱི་མ་དངུལ་འཇུག་འཐུས་སོགས་ཁྱབ་ཁོངས་མང་པོར་དམིགས་ཡོད།

  • འཕྲལ་སྡོམ་དོ་དམ་པུས་ཚེས21ཉིན་གྱི་ཆུ་ཚོད10པར་ཧུའུ་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་ཀྱིས་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེའི་འཕྲལ་སྡོམ་དང་ལེན་བྱས་པ་རེད།

1.jpg

  • 2024ལོའི་ཅང་ཡོན་ཏའོ་ཡི(江原道)དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་ལམ་ཐུང་མྱུར་ཤུད་སྨི1000གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་ལུས་རྩལ་པ་ཀྲང་ཞིན་ཀྲེ་དང་ལི་ཅིན་ལ་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་གསེར་གྱི་རྟགས་མ་ཐོབ་པ་རེད།

  • ཨ་རིའི་སྨྱན་སྦྱོར་གྱིས་ཚེས20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དགུན་དུས་ཀྱི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་འདས་ཟིན་པའི་གཟའ་འཁོར་གཅིག་ནང་ཨ་རིར་ཉུང་མཐར་ཡང་མི83གནམ་གཤིས་ངན་པ་དང་དེ་ལས་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་སོགས་ཀྱི་རྐྱེན་པས་རྐྱེན་ལམ་དུ་ཤོར་ཡོད།

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བཙག་རླུང་གི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྔོན་དཔག་བྱས་ན་དེ་རིང་དང་སང་ཉིན་བར། ནང་སོག་གི་ནུབ་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་བྱང་ཤར་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧོང་ཧོའེ་ཤར་རྒྱུད། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་སུ་སྔ་རྗེས་སུ་དྲོད་ཚད8ནས10བར་དམའ་རུ་འགྲོ་རྒྱུ་རེད།

  • ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་པེ་ཅིང་དུ་འགྲོ་འོང་བྱེད་མཁན་འགྲུལ་པའི་སྡོམ་འབོར་སྔོན་དཔག་བྱས་ན་མི་ཐེངས་ཁྲི4988ཟིན་རྒྱུ་དང་། དེ2023ལོ་ལས55%འཕར་རྒྱུ་རེད།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། 2024ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་སླར་ཡང་མགྱོགས་སུ་ཕྱིན་ནས་རླངས་འཁོར་ཁྲི1150བར་འཕར་རེ་ཡོད་པ་རེད།

  • ཧྥུའུ་ཅན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་སུའུ་ཙུན་ཐེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

3.png

  • ཚེས19ཉིན། ཨེར་ཏོ་སི་ཁུའུ་པུའུ་ཆི་བྱེ་ཐང(鄂尔多斯库布齐沙漠)དུ2024ལོའི་ཁངས་ཐེངས་དང་པོ་བབས་པ་དང་། བྱེ་ཐང་འོ་མས་གཡོག་པ་ལྟར་དཀར་པོ་གྱུར་ཡོད། 

  • ཡེ་མེན(也门)དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་གང་མགྱོགས་ངང་ཕྱིར་འཐེན་ནམ་ཡང་ན་གནས་སྤོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

  • ཧྲན་ཤིས་ཞིང་ཆེན་སྡོམ་རྩིས་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་ཧྲན་ཤིས་ཞིང་ཆེན་གྱི་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་112.7ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཀོང་ཤིས་ཀུའེ་ལིན(广西桂林)གྱི་འབྲས་ཕྱེ་ཟ་ཁང་གཅིག་གིས་གནས་སྐོར་བར“ཚལ་ཐོ་རྫུན་མ”བཀོད་སྒྲིག་བྱས་པ་དང་མིག་སྔར་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་དང་སྒོ་བརྒྱབ་ནས་བཅོས་སྒྲིག་བྱས་ཡོད།

  • ཉེ་ཆར། ཧྲན་ཏུང་ཅི་ནན་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་བཟོ་བའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན50ལྷག་ཙམ་བཟུང་ཞིང་། དུག་རྫས་སྤྱི་རྒྱ་120ལྷག་ཙམ་གཞུང་བཞེས་བཏང་བ་རེད།

སྲིད་ཇུས།

  • པེ་ཅིང་གིས་བྱིས་པའི་ཚན་ཁག་གི་ཞབས་ཞུའི་མ་ལག་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་ཚང་མར་བྱིས་ནད་ཚན་ཁག་གི་སྒོ་བསྟེན་སྨན་ཁང་འཛུགས་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཧའེ་ནན་གྱིས་འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)ཞིང་འབྲེལ་ཆེད་ལས་ཀྱི་ལོ་རིམ་དང་པོ་དང་གཉིས་པའི་དཔལ་འབྱོར་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མར་ཉལ་ཁང་གི་རིན་པ་དང་སློབ་ཁྲིད་རྒྱུ་ཆའི་གྲོན་དངུལ་རྩ་ཆག་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་སྐར་མ་བསགས་ནས་ཐེམ་ཐོ་འཛུགས་པ་དང་ཐེམ་ཐོ་གནས་སྤོ་བྱེད་པའི་ཞིབ་སྲོལ་ཁྱབ་བསྒྲགས་བྱས། ཤེས་ལྡན་པའི་ཐེམ་ཐོ་འཛུགས་པ་དེ་ཆེད་སྦྱོང་བསླབ་ཚན་བར་ཇེ་ལྷུག་ཏུ་བཏང་ཡོད།

དེ་རིང་གནམ་གཤིས།

4.jpg

  • བྱང་ཤར་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། ཞིན་ཅང་གི་དབུས་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཅང་ཧན། ཅང་ཧོའེ་ཡི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧྭ་ལྷོའི་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཁྲུང་ཆིང་ཤར་རྒྱུད་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་དབུས་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཤིས་ཀྱི་དབུས་བྱང་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད་སོགས་ས་ཁུལ་ཏུ་ཁངས་ཆེན་འབབ་པ་དང་། ཀུའེ་ཀྲོའུ་ཤར་རྒྱུད། ཧུའུ་ནན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་ཀྱི་རེད། 


མཉམ་སྤྱོད།