དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད25)

2024-01-22 08:48:54   |   2564

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ཁྱད་ཆོས་གཙོ་བོ་གང་ཡིན་ནམ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་བཏོན་པ་མ་ཟད། ཚིག་ལྔའི་ཐོག་ནས་དུས་རབས་གསར་པའི་མངོན་གསལ་དོད་པའི་ཁྱད་ཆོས་གནད་ལ་འཁེལ་པོས་སྙིང་བསྡུས་བྱས་ཡོད།“དུས་རབས་འདི་ནི་སྔ་འཛིན་ཕྱི་གཏོད་དང་།  ལོ་རྒྱུས་ཀྱི་ཆ་རྐྱེད་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་མུ་མཐུད་བརྩོན་ལེན་བྱེད་པའི་དུས་རབས་ཤིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གཏོད་པའི་དུས་རབས་ཤིག་ཀྱང་ཡིན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གསར་སྐྲུན། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་བཅས་བྱེད་པའི་དུས་རབས་དང་། ཀྲུང་ཧྭ་བུ་དང་བུ་མོའི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པའི་དུས་རབས་དང་། རང་རྒྱལ་འདི་ཉིད་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་གནས་པ་དང་མིའི་རིགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་པའི་དུས་རབས་བཅས་རེད། ”དུས་རབས་གསར་པའི་ཁྱད་ཆོས་ལྔ་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་ལེན་ཐུབ་ན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་སྔར་ལས་ལྷག་པ་གཏོང་བར་ཕན་པ་ཡོད།


མཉམ་སྤྱོད།