དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲུག་མོ་བ་རྡོའི་རི་ངོས་སུ།

2024-01-25 15:34:56   |   486

ཁྲང་ཡོ་ཡིས་བརྩམས། ཀླུ་མོ་མཚོས་བསྒྱུར།


1~1.jpg

འདི་ནི་སྐབས་འདིར་ང་ཡིས་འདུལ་ཐུབ་པའི་མཐོ་ཚད་ཉག་ཅིག་ཡིན་ཏེ།
ངས་གཟབ་གཟབ་ཀྱིས་མགོ་བོ་ཕར་བསྲིངས་པ་ན།
འབྲུག་མོ་བ་རྡོའི་རི་ངོས་ལ་ཡུན་རིང་འཕྲོས་པའི་དགུང་གི་ཉི་མ་དེ
ཐེ་ཚོམ་མེད་པར་ཡིད་སེམས་རབ་ཏུ་གཡོ་བའི་རི་ཚོགས་ཀྱི་ཀློང་དུ་མཆོང་བ་མཐོང་།
ང་དེར་ཧ་ལས་པར་གྱུར།
བར་མེད་དུ་འདྲིལ་བའི་རྦབ་རྡོ་ཡིས།
དབོལ་སྨུག་པོར་གོང་ནས་འོག་ཏུ་མཆེད་པའི་བྲག་ཅ་སློང་།
         དེ་ནི་རྒྱང་བཞུད་དམག་དཔུང་གིས་དགྲ་བོ་ཆམ་པ་ཕབ་པའི་ང་རོ་སྒྲོག་པ་དང་མཚུངས།
  ངའི་མཛུབ་མོ་བྲག་རྡོའི་གས་བར་ལ་ལྕགས་གཟེར་བཞིན་བརྡབས་པ་ན།
ཁྲག་གི་ཐིགས་པ་ནི།
 རལ་ཧྲུལ་དུ་གྱུར་པའི་ལྷམ་མཐིལ་མཐུག་པོ་ལས་འཛག
དངོས་གནས། ནམ་མཁའི་དབྱིངས་སུ་སྙེག་པའི་བྱ་རྒོད་ཅིག་གམ།
གངས་རི་འཕྲེད་ཀྱིས་གཅོད་པའི་གངས་སེང་ཞིག
ངའི་སྡོངས་གྲོགས་སུ་ཡོད་ན་ཅི་མ་རུང་།
ཡིན་ནའང་། བཙའ་ཡིས་སིམ་པའི་བྲག་ངོས་སུ།
ཉམ་ཆུང་གི་སྡོམ་ཕྲུག་ཅིག
           ང་དང་ལྷན་དུ་ཁུ་སིམ་མེར་རང་བྱུང་ཁམས་ཀྱི་སྐད་ཅིག་གི་བདེ་སྣང་ལ་རོལ་གྱིན་འདུག 

峨日朵雪峰之侧
这是我此刻仅能征服的高度了:
   我小心地探出前额,
   惊异于薄壁那边
   朝向峨日朵之雪彷徨许久的太阳
  正决然跃入一片引力无穷的山海。
   石砾不时滑坡,
   引动棕色深渊自上而下的一派嚣鸣,
   像军旅远去的喊杀声。
我的指关节铆钉一样揳入巨石的罅隙
血滴,从撕裂的千层掌鞋底渗出。
   呵,真渴望有一只雄鹰或雪豹与我为伍。
   在锈蚀的岩壁;
   但有一只小得可怜的蜘蛛
   与我一同默享着这大自然赐予的快慰。


མཉམ་སྤྱོད།