དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-26 07:32:01   |   391

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཆགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ1ཚེས25ཉིན། ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ཤིས་ཚིག་ཕུལ།

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་རིང་ནས་བཟུང་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར90ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་དགུ་ཡིས་ཚེས25ཉིན་བརྡ་ཐོ་བཏང་ནས་དེ་རིང་ནས་བཟུང་། རྒྱལ་ཡོངས་སུ2024ལོའི་དཔྱིད་རླུང་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་། ལས་མི་སྤྱོད་པར་ཁག་ཐེག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་གླ་ཆ་འགྱངས་ཆད་དང་འབྲེལ་བའི་རྩོད་གཞིའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། 2023ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི61ལ་ཆད་པ་བཅད་པའི་ནང་། ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ49ཚུད་ཡོད།

  • ཚེས25ཉིན། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་འབྲེལ་ཡོད་འགན་འཁུར་བས་ཁ་གསལ་བྱས་དོན། ས་གནས་ཁག་གིས་བབ་བསྟུན་ཇུས་བསྟར་གྱི་ཐོག་མའི་གཏོང་སྤྲོད་ཀྱི་བསྡུར་ཚད་དང་དངུལ་བུན་གྱི་སྐྱེད་ཀ་སོགས་མི་སྒེར་གྱི་ཁང་པའི་དངུལ་བུན་སྲིད་ཇུས་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར5.1མང་དུ་ཕྱིན་པའི་ནང་། ཀྲུང་གོས་ལེགས་སྐྱེས་ཕུལ་ཚད50%ལྷག་ཙམ་ཟིན་ཡོད་པ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་སྡོམ་རྩིས་བྱས་པར་གཞིགས་ན། རང་རྒྱལ་གྱི་དོམ་ཁྲའི་ཕྱི་རོལ་གྱི་ཁྱུ་ཚོགས་སྡོམ་འབོར1900ཙམ་བར་མང་དུ་ཕྱིན་ཡོད། གོ་ལ་ཧྲིལ་པོར་ལག་གསོ་བྱས་པའི་དོམ་ཁྲའི་གྲངས་འབོར728ཟིན་ཡོད།

  • ཟླ2ཚེས9ཉིན་ནས་བཟུང་། ཀྲུང་གོ་དང་སིང་ཀ་ཕོར(新加坡)དབར་ཕན་ཚུན་ཐོངས་མཆན་མི་དགོས་པ་ཡིན།

སྤྱི་ཚོགས། 

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ཡོངས་ཀྱི་གནམ་གཤིས་ལེགས་པའི་བསྡུར་གྲངས85.5%ཟིན་པ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བཅད་ཁའི་བསྡུར་ཚད89.4%ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལེགས་གྲུབ་བྱུང་ཡོད།

2.jpg

  • རིག་གནས་གནས་སྐོར་པུས་ཡོངས་བསྒྲགས་བྱས་ནས་སྐུ་བླ་རི་བོའི(四姑娘山)མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ21རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱེད་རྩིས་ཡོད་པ་རེད།

  • ཅང་ཤིས་ཤིན་ཡུས(江西新余)ཀྱི“1·24”མེ་སྐྱོན་གྱི་རྒྱུ་རྐྱེན་རགས་ཙམ་རྩད་ཆོད་བྱུང་ཞིང་། དེ་ནི་ཨར་ལས་མི་སྣས་སྒྲིག་འགལ་ངང་མེ་བཀོལ་སྤྱོད་བྱས་པའི་རྐྱེན་གྱིས་ཐོན་པ་དང་། འབྲེལ་ཡོད་འགན་འཁུར་བ་མི12ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས25ཉིན། ཡུན་ནན་ཀྲེན་ཞུང(云南镇雄)གི་རི་ཉིལ་བའི་གནོད་འཚེ་ལས་འབྲེལ་བ་ཆད་པའི་མི་སྣ44ཚང་མ་རྙེད་པ་དང་། ཚང་མ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད།

  • ཧྲན་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ། ཁྲུང་ཆིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཀྲེང་ཧུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས་ཡོད།

  • ཀྲུང་གོ་གསེར་མཐུན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་གསེར་འཛད་སྤྱོད་བྱེད་ཚད་ཏུན1089.69ཟིན་པ་དང་། དུས་མཚུངས་ལས8.78%འཕར་ཡོད།

  • འགྲུལ་སྐྱེལ་གནམ་གྲུའི་ཚེ་སྲོག་དུས་འཁོར་ཧྲིལ་པོའི་ཞབས་ཞུ་ལྟེ་གནས་ཁྲེང་ཏུའུ་རུ་གཉེར་སྐྱོང་བྱེད་མགོ་ཚུགས་ནས་རང་རྒྱལ་གྱི་མཁའ་འགྲུལ་ཐོན་ལས་སྦྲེལ་ཐག་གི་མཐའ་སྣེའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད།

3.jpg

  • ཚེས25ཉིན། 2024ལོའི་ཅང་ཡོན་ཏའོ(江原道)ཡི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་མྱུར་ཚད་འཁྱགས་ཤུད་མཉམ་བསྲེས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད།

4.jpg

  • ཚེས25ཉིན། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེན་ཆིན་ཝུན2024ལོའི་ཨོ་སི་ཁྲུ་ལི་ཡའི(澳大利亚)ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་རྐྱང་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཤིང་། རང་ཉིད་ཀྱི་གྲུབ་འབྲས་ཡག་ཤོས་མུ་མཐུད་དུ་བཏོད་པ་རེད།

  • ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་ཞིབ་འཇུག་ཚོགས་པས་རྒྱལ་ནང་གི་ཕྱོགས་བསྡུས་དམིགས་ཚད་ཡག་ཤོས་ཀྱི་འོད་ཆུ་ཚོད(光钟)ཞིབ་བཟོ་བྱས་ཤིང་། གཤིས་ནུས་ལོ་དུང་ཕྱུར72རིང་སྐར་ཆ1གི་གཡོ་གཟུར་ལས་མེད་པར་སླེབས་ཡོད།

སྲིད་ཇུས།

  • མྱུར་སྐྱེལ་ཐུམ་སྒྲིལ་གྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་བྱས་ནས་དུག་དང་གནོད་འཚེ་ཡོད་པའི་མྱུར་སྐྱེལ་ཐུམ་སྒྲིལ་སྤྱོད་མི་ཆོག་པ་ཁ་གསལ་བཏོན་པ་དེ་ཟླ6ཚེས1ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • སློབ་གསོ་པུས་བརྡ་ཐོ་བཏང་ནས་ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་གྲོན་དགེ་འོས་སློབ་མར་སྒྲིག་ཁོངས་དང་ལས་གནས་ཡོད་པ་དང་། ཚང་མ་དགེ་རྒན་བྱེད་བཞིན་པའི་སློབ་གྲྭར་བཀོད་སྒྲིག་བྱས་ནས“སྒྲིག་ཁོངས་ཡོད་ཀྱང་ཁ་གསབ་མི་བྱེད་པ”གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཁྲུང་ཆིང་གིས་ས་ཁང་བདག་ཁོངས་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱས་ནས་བུ་ཕྲུག་མང་པོའི་ཁྱིམ་ཚང་གིས་ལྟེ་བའི་གྲོང་ཁུལ་དུ་གསར་དུ་ཉོས་པའི་སྡོད་ཁང་གཉིས་པས་སྡོད་ཁང་ཐོག་མའི་དངུལ་བུན་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་རེད།

དེ་རིང་གི་གནམ་གཤིས། 

5.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། ནུབ་རྒྱུད། ཀན་སུའུ་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་ཡོད་པ་དང་། ཀུའེ་ཀྲོའུ་ནུབ་རྒྱུད་ཀྱི་ས་ཁུལ་དུ་ཆར་པ་འབབ་ཀྱི་ཡོད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།


མཉམ་སྤྱོད།