དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-29 06:45:50   |   472

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས28ཉིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན3པར། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར1.9ལས་བརྒལ་རྒྱུ་རེད།

  • ཚེས27ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་ལོ་གསར་ཚེས་གཅིག་གི་སྤ་སེ་ཁྲི162.8བཙོང་པ་དང་། དཔྱིད་གསར་སྐྱེལ་འདྲེན་ལས་དུས་ཆེན་སྔོན་གྱི་སྤ་སེ་འཚོང་པ་ཆེས་མང་པའི་དུས་སྐབས་མཇུག་འགྲིལ་བ་རེད།

  • 2023ལོར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་ཁྱོན་སྡོམ་107547ཞིབ་བཤེར་ཐག་གཅོད་བྱས་ཡོད།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས2021ལོར་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་ལས་སྤུས་ཚད་ཐོན་ཁུངས་ཡོངས་བཤེར་བྱེད་འགོ་ཚུགས་པ་དང་མིག་སྔར་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད།

  • རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུ་སོགས་སྡེ་ཁག་12ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་2030ལོར་སླེབས་སྐབས་མཛེ་ནད་ཀྱི་གནོད་འཚེ་ཕྱོགས་ཡོངས་ནས་མེད་པ་བཟོ་བའི་དམིགས་ཚད་དུ་སླེབས་པ་བྱེད་རྒྱུ།

  • 2023ལོར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལོ་ཧྲིལ་པོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་133.44ཟིན་པ་དེ་ལོ་གོང་མ་ལས་1.1%འཕར་ཡོད།

  • 2023ལོར། རང་རྒྱལ་གྱིས་ནགས་བསྐྲུན་དང་རྩྭ་འདེབས་ལེགས་བཅོས་མུའུ་དུང་ཕྱུར་1.25བྱས་པ་དང་། བྱེ་འགྱུར་ཅན་གྱི་ས་ཆ་མུའུ་ཁྲི་2857བཅོས་སྐྱོང་བྱས་ཡོད།

  • ཟླ1ཚེས28ཉིན། ཀྲུང་གོ་དང་ཐེ་གོ་གཉིས་ཀྱིས་མན་ཀུའུ་རུ་ཕན་ཚུན་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད། གྲོས་མཐུན་དེ2024ལོའི་ཟླ3ཚེས1ཉིན་ནས་བཟུང་ནུས་པ་ཐོན་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ1ཚེས31ནས་ཟླ2ཚེས5ཉིན་བར། དབུས་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁངས་ཆར་འབབ་པའི་གནམ་གཤིས་ཐོན་རྒྱུ་རེད།

002.jpg

  • ཚེས28ཉིན། 2024ལོའི་ཧིན་རྡུ་ཉི་ཞི་ཡའི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་ལ་ཕོ་མོ་མཉམ་བསྲེས་དང་བུད་མེད་ཆ་ཡི་ཨང་དང་པོ་ཐོབ་པ་རེད།

  • ཚེས27ཉིན། ཀུའུ་ཨའེ་ལིང་གིས་འཛམ་གླིང་གི་མཐར་ཐུག་ལུས་རྩལ་འགྲན་ཚོགས་ཀྱི་དགུན་དུས་འགྲན་བསྡུར་ཁྲོད་རང་མོས་རྣམ་པའི་གངས་ཤུད་བུད་མེདUརྣམ་པའི་འགྲན་རའི་ལག་རྩལ་གྱི་གསེར་གྱི་རྟགས་མ་བླངས་པ་རེད།

  • རྒྱལ་ནང་གི་མཚོ་སྒྲོལ་བར་ཐག་རིང་ཤོས་ཀྱི་བར་སྣང་གློག་གཏོང་སྐུད་ལམ་ཏེ་ཆན་ཧྥུའུ220ཡི་ཁྲི་ཁང་ནས་ཧྭ་ཐང་བར་གྱི་ལམ་ཐིག་ཧྲིལ་པོ་ཚེས26ཉིན་ཤར་གཏོང་ཐུབ་ཡོད།

  • པེ་ཅིང་དང་ཝུའུ་ཧན། ནན་ཅིང་སོགས་ཀྱི་མཐོ་སློབ་མང་པོ་ཞིག་གིས་དགུན་ཁའི་གུང་གསེང་རིང་སྤྱི་ཚོགས་ལ་སྒོ་མོ་ཕྱེ་རྒྱུ་ཁྱབ་སྒྲོག་བྱས།

  • ཚེས28ཉིན། ཁུན་མིང་སྲོག་ཆགས་གླིང་གིས་བརྡ་ཁྱབ་བཏང་ནས་སྤྲེའུ་རི་བོའི་ནང་གི་བྱི་ལ་བདེ་འཇགས་ངང་ཕྱིར་སྤོས་ཟིན་པ་དང་། གཟུགས་པོར་བརྟག་དཔྱད་བྱས་པ་བརྒྱུད་བདེ་ཐང་ཡིན་པ་གཏན་འཁེལ་བྱས་ཡོད།

  • ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྙེད་པའི་སྐར་མ་དུ་བ་མཇུག་རིང་ཐོག་མ་སྟེ“རི་བོ་སྨུག་པོ་ཅན་ཨང་དང་པོ”ཞེས་པའི་སྐར་མ་དུ་བ་མཇུག་རིང་62Pདེ། དེ་རིང་ས་དང་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་དང་། སྐབས་དེར་གནམ་གཤིས་བཟང་ན་སྤྱི་དམངས་ཀྱིས་གནམ་དཔྱད་རྒྱང་ཤེལ་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་བྱས་ཆོག

  • ཧྲའན་ཞི་ཞི་ཨན་གྱིས་ཧན་གྱི་ཁྲང་ཨན་མཁར་གྱི་ཤར་འདབས་ཀྱི་འགྲོ་ལམ་འགྲིམ་འགྲུལ་མ་ལག་རྙེད་པའམ་ཡང་ན་ཚད་ལྡན་ཡིག་ཆའི་ནང་འཁོད་པའི་གནའ་བོའི་སྦུག་ལམ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།

  • ཅང་ཞི་ཉེན་རྟོག་ཕྱོགས་ཀྱིས་བརྙན་ཐུང་གི་དྲ་དཔོན་ཆེད་དུ་བཙལ་ནས་ལག་འཇོག་པའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་གཏོར་ནས། ཉེས་གསོག་དོགས་ཅན་89འཛིན་བཟུང་བྱས་པ་རེད།

004.jpg

  • ཉེ་ཆར། ཀྲུང་གོའི་གནས་སྐོར་བ་ཞིག་མ་ལེ་ཞི་ཡར་གནས་སྐོར་བྱེད་སྐབས་གློ་བུར་དུ་ཁོག་གཟེར་བརྒྱབ་ནས་ས་ལ་འགྱེལ། མི་མང་པོ་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ་གཞུང་དོན་དུ་སོང་བའི་ཀྲུང་གོའི་སྨན་པ་ལི་ཀྲི་ཀྲུང་གིས་འཕྲལ་མར་མྱུར་སྐྱོབ་བྱས་མཐར་བུད་མེད་ཀྱི་འདུ་ཤེས་ཕྱིར་སླར་གསོ་བྱས་པ་རེད།

སྲིད་ཇུས།

  • ཨན་ཧུའེ་ཡིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་རོགས་དངུལ་ཆ་ཚང་སྤྲོད་རྒྱུ།

  • ཧའེ་ནན་གྱི2024ལོའི་ཞིང་ཆེན་རིམ་པའི་དམངས་འཚོའི་བྱ་བའི་རྣམ་གྲངས་10བཏོན་པའི་ནང་རིན་མེད་ངང་མཆིན་ནད་ལྡེམ་བུའི་རིམས་འགོག་སྨན་ཁབ་རྒྱག་པ་དང་ཕྲུ་གུའི་བུ་བཅོལ་ས་གནས་མང་དུ་གཏོང་བ་སོགས་དེའི་ནང་ཚུད་ཡོད།

  • ཁྲུང་ཆིང་གིས་བརྡ་ཐོ་བཏང་ནས།དཔྱིད་གསར་དུས་ཆེན་རིང་འགྲིམ་འགྲུལ་ལྟེ་གནས་དང་བསྡུ་འགྲེམས་ལྟེ་གནས་གཙོ་བོར་ཞབས་ཞུའི་ས་ཚིགས་100བཙུགས་ནས། ཕ་ཡུལ་དུ་ལོག་པ་དང་ལས་གནས་སུ་ལོག་པའི་གླ་རྒྱག་ཞིང་པར་ཕ་ཡུལ་དུ་ལོག་པའི་ལམ་བུ་མཁོ་འདོན་བྱེད་རྒྱུ།

དེ་རིང་གི་གནམ་གཤིས།

005.jpg

  • ཧེ་ལུང་ཅང་གི་དབུས་བྱང་རྒྱུད་དང་། ཞིན་ཅང་གི་ནུབ་རྒྱུད་རི་ཁུལ། ཁྲོན་ཞི་ས་མཐོའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ། ཧུའུ་པེའི་ཤར་རྒྱུད་དང་ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧྭ་ནན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།