དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་འཐུས་ཚབ་ཚོགས་པས་དམངས་ཆེན་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

2024-01-28 21:13:49   |   369

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས།རིན་ཆེན་ཚེ་རིང་།


微信图片_20240128225300.jpg

ཟླ1པོའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་བྱང་འཐུས་ཚབ་ཚོགས་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་བྱས།

微信图片_20240128225307.jpg

འཐུས་མི་ཀྲའོ་ཡོས་ཞ་ཡིས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ལ་མོས་མཐུན་ཡོད་དེ།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཚོ་སྔོན་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། དངོས་སྒྲུབ་གསར་གཏོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། བཀྲག་མདངས་འཚེར་ས་ཐོན་པ། བློ་གྲོས་འཕེལ་བ།  “ཐེངས་དང་པོའི”གསར་གཏོད་བྱེད་སྟངས་མང་པོ་བཅས་ལས་དམངས་ཆེན་གྱི་ཆབ་སྲིད་འགན་འཁྲི་མཚོན་པ་དང་། ཞིང་ཆེན་ཏང་ཨུ་ལ་འབོད་སྐུལ་དང་སྐུལ་སློང་། བཀོད་སྒྲིག་བཅས་ཡོད་པ་དང་།    དམངས་ཆེན་ལ་དང་ལེན་དང་འགུལ་སྐྱོད། བྱས་རྗེས་བཅས་ཡོད་ཅིང་། ཞིང་ཆེན་ཏང་ཨུ་དང་བསམ་བློ་གཅིག་མཐུན་དང་། སྲིད་གཞུང་དང་སྟོབས་ཤུགས་གཅིག་མཐུན། ཁྱོན་ཡོངས་དང་གོམ་མཉམ། བཅའ་ཁྲིམས་དང་མཉམ་བགྲོད། མི་དམངས་དང་མགྲིན་གཅིག་བཅས་བྱས་པས་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་བློ་དཀར་སེམས་དཀར་གྱིས་འགན་འཁྲི་སྒྲུབ་པའི་སྙན་ཞུ་ཡག་པོ་ཞིག་རེད།  ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པས་རང་ཞིང་གིས་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་ལྟར་རྒྱལ་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་པ་མཚོན་ཡོད། མཚོ་བྱང་གི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་བྱང་གི་ངེས་གནས་ཡང་དག་འཚོལ་བ་དང་སྣེ་ཁྲིད་རང་བཞིན་དང་ཡར་འདེགས་རང་བཞིན་ཆེ་བའི་བྱ་བར་དམ་འཛིན་ནན་མོ་བྱས་ཏེ་དེ་བས་མཐོ་བའི་གནས་བབ་དང་དེ་བས་ཏན་ཏིག་གི་བྱ་ཐབས་ཐོག་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་།  ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ལྗང་མདོག་ཐཱན་ཉུང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོའི་ནང་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ་དང་མཚོ་བྱང་གི་སྐྱེ་ཁམས་ཀྱི་རྣམ་པ་དང་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱེད་དགོས།   ཏང་འཛུགས་སྐྱོང་དང་རྩ་འཛུགས་བྱ་བར་སྔར་བས་ཤུགས་སྣོན་པ་དང་།  “རྩ་འཛུགས་ཀྱིས་ལས་བྱེད་པར་འགན་འཁུར་བ་དང་གོང་རིམ་གྱིས་འོག་རིམ་ལ་འགན་འཁུར་བ། ལས་བྱེད་པས་བྱ་གཞག་ལ་འགན་འཁུར་བ”བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མགོ་ཁྲིད་ཚན་ཁག་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། བློ་དཀར་སེམས་དཀར་དང་སྤྱོད་གཙང་གི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་རྒྱུར་ཤུགས་སྣོན་པ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། དམངས་ཆེན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་མཚོ་བྱང་གི་འགན་འཁྲི་འཁུར་སེམས་མངོན་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།     

微信图片_20240128225314.jpg

འཐུས་མི་དབྱང་ཧེ་ལུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་ནང་ཡོངས་སུ་ཁྱབ་ཅིང་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས“གཅིག་ཅན་ལྔའི”ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང“ལས་ཁུངས་བཞིའི”འཛུགས་སྐྲུན་བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་ཞིབ་ཚགས་ངང་སྤྱད་དེ་གྲུབ་ཆ་གསར་རྐྱང་དང་རྩོམ་སྲོལ་བབ་ཆགས་ཡིན་པའི་སྒོ་ནས་དམངས་ཆེན་ལས་ཁུངས་ཀྱི་ཆབ་སྲིད་ངོ་བོ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་པས་མོས་མཐུན་ཡོད། གོམ་སྟབས་རྗེས་མར་ང་ཚོས་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་བྱ་བ་གཙོ་གནད་དུ་བཟུང་སྟེ་ལེགས་པར་བསྒྲུབ་དགོས་ཏེ། གཅིག་ནས་ཁྲིམས་འཛུགས་བྱ་བ་དེ་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁུལ་ཨུའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་ཐབས་ཇུས་བཀོད་སྒྲིག་བྱས་ཏེ་དམངས་ཆེན་གྱི་བྱ་བ་སྒྲུབ་དགོས། གཉིས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་ལས་ཁུངས་ལ་སྤྲད་པའི་ལྟ་སྐུལ་དབང་ཆ་དོན་དངོས་ལྟར་ལེགས་པར་སྤྱོད་དགོས་ལ། ཁུལ་ཨུའི་ལྟེ་བའི་བྱ་བར་དམིགས་ནས་ལྟ་སྐུལ་བྱས་ཏེ་དམངས་ཆེན་གྱི་ལྟ་སྐུལ་གྱི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། གསུམ་ནས་དམངས་ཆེན་གྱི་ལྟ་སྐུལ་གྱི་དབང་གྲགས་རང་བཞིན་ལ་ཤུགས་བསྣན་ཏེ། འདྲི་རྩད་དང་ནན་འདྲིའི་བཙན་ཞིང་ནན་པའི་བྱེད་ཐབས་སྤྱད་ནས་འགྱུར་མེད་རང་བཞིན་གྱི་ལྟ་སྐུལ་སྤེལ་དགོས། བཞི་ནས་དམངས་ཆེན་གསོ་སྦྱོང་གི་དམིགས་སའི་རང་བཞིན་ལ་ཤུགས་བསྣན་ནས་དམངས་ཆེན་གྱི་འཐུས་མིས་ལག་བསྟར་ལྟ་སྐུལ་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། ལྔ་ནས་དམངས་ཆེན་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་བྱ་བའི་གསོན་ཤུགས་འཕེལ་བར་བྱེད་དགོས། དྲུག་ནས་བྱ་བའི་སྒྲིག་ལམ་ནན་དུ་གཏོང་བ་དང་བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་དགོས་པར་བཤད་ཅིང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དམངས་ཆེན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་རིམ་དམངས་ཆེན་གྱི་སྒྲིག་ཁོངས་མི་གྲངས་དཀོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་གྲོས་གཞི་བཏོན།     

微信图片_20240128225318.jpg

འཐུས་མི་སི་ཅི་ཧྲིན་གྱིས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་བརྗོད་དོན་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་ལ། རྩོམ་སྲོལ་བབ་ཆགས་པས་སྙན་ཞུའི་ནང་དོན་ཧྲིལ་པོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འབྲེལ་ཡོད་ཅིང་། དེ་ནི་ཚུགས་གནས་ཕུགས་རྒྱང་རིང་ལ་ནང་དོན་གཏིང་ཟབ་ཞིབ་ཕྲ་ཡིན་པའི་སྙན་ཞུ་ཡག་པོ་ཞིག་རེད།   གོམ་སྟབས་རྗེས་མར་རང་ངོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་ཆེན་འཐུས་མིའི་དྲིལ་སྒྲོག་པ་དང་ལྟ་སྐུལ་པ། འབྲེལ་གཏུག་པ། མཐུན་སྦྱོར་པ། ཞབས་ཞུ་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཏེ། གཅིག་ནས་འཐུས་མིའི་ཐོབ་ཐང་ཡིད་ལ་བརྟན་པོར་ངེས་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་དགོས།  “གཞི་རིམ་དུ་སྐྱོད་པ་བཞི”དང་།  ཡིག་སྐུར་ངོ་བཅར་གྱི་སྣེ་ལེན་ཉིན་མོ། བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག བཞུགས་མོལ་སྙན་ཞུ་སོགས་ཀྱི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་འབོད་སྒྲར་ནན་ཏན་གྱིས་ཉན་འཇོག་དང་འཚོལ་བསྡུ། གོང་ཞུ་བཅས་བྱས་ཏེ་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་དང་མང་ཚོགས་ཀྱི་ཁེ་ཕན་ལ་དོ་ཁུར་བྱེད་པའི“བློས་ཐུབ་གྲོགས་པོ”ཡག་པོ་བྱེད་དགོས། གཉིས་ནས་འཕེལ་ཕྱོགས་ཆེན་པོ་དང་ཁྱོན་ཡོངས་ལ་དམིགས་ནས་ཁྲིམས་ལྟར་རང་འགན་རང་སྒྲུབ་བྱེད་དགོས། དམངས་ཆེན་གྱི་འཐུས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་སེམས་སུ་བཅངས་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཟབ་ཏུ་གཏོང་བ་དང་།  འཐུས་མིས་སྤུས་ལེགས་གྲོས་གཞི་བཏོན་པ་དེ་རམ་འདེགས་ཐབས་ཇུས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་གལ་ཆེའི་གཞི་འཛིན་ས་དང་བརྩི་སྲུང་ཞུ་ཡུལ་དུ་བསྒྱུར་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་ཆེད་ནུས་ཤུགས་གང་ཡོད་འདོན་དགོས། གསུམ་ནས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས། དམངས་ཆེན་གྱི་དྲིལ་སྒྲོག་ཟླ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་བརྟག་དཔྱད། གཅིག་སྡུད་བཞུགས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གྱི“གཏེར་ཁ་ཕྱུག་པོའི”བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་འཚོལ་བསྡུ་བྱས་ནས་རྡུལ་ཕྲན་མཁར་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་བྱ་བར་འཆར་འགོད་དང་ཐབས་འདོན་ཇུས་འབུལ་བྱེད་དགོས་ཟེར། 

微信图片_20240128225324.jpg         

འཐུས་མི་ལེ་མིང་གྱིས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་གྱུར་དམ་ཚགས་གང་ལེགས་སྒོས་མཚོན་ཡོད།  སྙན་ཞུའི་བྱ་བ་སོ་སོས་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིམས་སྐྱོང་གི་འགན་འཁྲི་འཁུར་ཕོད་པ། ཆབ་སྲིད་ལས་ཁུངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གཙོ་གནད་གང་དུ་སླེབས་ན་མི་དམངས་དམངས་ཆེན་གྱི་བྱ་བ་དེའི་རྗེས་འབྲངས་ནས་དེར་སླེབས་པ་དང་། འགན་ནུས་འདོན་སྤེལ་གང་དུ་བྱས་ན་དེ་རུ་སླེབས་ཡོད་པས་ང་རང་མོས་མཐུན་ཡོད་པར་མ་ཟད་གཤམ་གསལ་གྱི་མྱོང་ཚོར་ཡོད་དེ།  གཅིག་ནས་དམངས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་དམངས་ཆེན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམངས་ཆེན་གྱི་དབང་གྲགས་སྲུང་སྐྱོང་།  རང་འགུལ་ངང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན།  ཁྲིམས་སྲོལ་ལྟར་དམངས་ཆེན་བྱ་བའི་སྙན་ཞུ་དང་དོན་དག་གལ་ཆེན་སྙན་ཞུ་བྱེད་དགོས། གཉིས་ནས་ལྟ་སྐུལ་དང་འགན་སྲུང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆབ་སྲིད་ལྟ་སྐུལ་འབུར་ཐོན་དང་གཙོ་གནད་དམ་འཛིན། དོན་འཁྱོལ་འགན་ལེན། མངོན་མེད་རྐྱེན་ངན་ལ་ལྟ་རྟོག ཉེན་ཁ་སྔོན་འགོག་བཅས་བྱེད་དགོས། གསུམ་ནས་ནང་དོན་གཙོ་བོ་ནན་མོ་དང་བྱ་ཐབས་ནན་མོ། ཁོར་ཡུག་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱ་བ་ཡག་པོར་བསྒྲུབ་ནས་སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།     

微信图片_20240128225329.jpg     

འཐུས་མི་ཏིན་གོ་ཧྲིན་གྱིས་སྔ་དྲོར་ཀྲུའུ་རིན་གཞོན་པ་ཝང་ལི་མིང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་ལ། ང་ཡོངས་སུ་མོས་མཐུན་ཡོད། གཞི་རིམ་དམངས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བ་ཞིག་ཡིན་པའི་ཆ་ནས་ཕྱིར་ལོག་རྗེས་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་ཡག་པོ་དང་སློབ་སྦྱོང་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་ཏེ། གཅིག་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཤུགས་ཇེ་ཆེར་བཏང་སྟེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། གཉིས་ནས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ཏེ་ཁྱོན་ཡོངས་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་ལེན་དགོས།  གསུམ་ནས་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོ་དགོས། བཞི་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་ཆུ་ཚད་ཐོག་མུ་མཐུད་དུ་ལེའུ་གསར་པ་རྩོམ་དགོས་པར་བཤད་ཅིང་། གཅིག་ནས་དམངས་ཆེན་དཔུང་ཁག་གི་ལོ་ནའི་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ་ན་གཞོན་གྱི་སྟོབས་ཤུགས་སྣོན་དགོས་ལ། གཉིས་ནས་ས་གནས་ཀྱི་དམངས་ཆེན་ལས་ཁུངས་དབར་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་མང་ཙམ་མཁོ་འདོན་བྱེད་དགོས་པའི་གྲོས་གཞི་བཏོན།     

微信图片_20240128225335.jpg   

འཐུས་མི་ཚང་ཚུན་ཧྥུའུ་ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ཡོངས་སུ་ཁྱབ་པར་བྱས་ནས་ལག་བསྟར་བྱས་ཡོད་ལ། དེས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཁྲིམས་སྐྱོང་སྙིང་སྟོབས་དང་མི་དམངས་བླ་ན་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མཚོན་ཡོད་པས་མོས་མཐུན་ཡོད་པར་བཤད་ཅིང་།  ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དམངས་ཆེན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་དམངས་ཆེན་གྱི་སྒྲིག་ཁོངས་མི་གྲངས་དཀོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་གྲོས་གཞི་བཏོན།    


མཉམ་སྤྱོད།