མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”སྟེང་ཁོ་ཚོས་འདི་ལྟར་གླེང་སོང་།

2024-01-31 16:31:00   |   614


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240131160437.jpg

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ལྔ་པ་དང་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་སྐབས། “ཚོགས་ཆེན་གཉིས"ཀྱི་སྐད་སྒྲ་དེ་བས་ལེགས་པའི་སྒོ་ནས་བརྒྱུད་སྤྲོད་བྱ་ཆེད“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”བཏོད་ཡོད། ཟླ1པོའི་ཚེས30ཉིན་གྱི་ཕྱི་དྲོ། “འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ཐོག་མ་དངོས་སུ་བཏོད་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་དང་འཇུ་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོ་ཁུའེ། མདོ་ལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲིན་ཧུའེ། རྐང་ཚ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཆིན་ཧྲི་ཧྥུའུ། མདའ་བཞི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་མ་ཀྲི་ལུང་བཅས་གོ་རིམ་ལྟར་བགྲོད་ལམ་ནང་ཞུགས་ཏེ་གསར་འགོད་པ་དང་མཉམ་དུ་བསམ་ཚུལ་སྨྲས་ཤིང་དམངས་འཚོ་བཤད། འཕེལ་རྒྱས་གླེང་སྟེ་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་གཟི་དཔལ་ངོམ།

微信图片_20240131160446.jpg
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞོ་རོས་ཞིན།

ཞོ་རོས་ཞིན་གྱིས་བཤད་རྒྱུར། “2023ལོར་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག འགན་འཁྲི་ལེགས་འཁུར་དང་སེམས་ནུས་གཅིག་སྒྲིལ་གྱིས་ཁུལ་ཨུའི་ལྟེ་བའི་བྱ་བར་དམིགས་ཏེ། དོན་ཆེན་དང་དཀའ་གནད་ལ་གཞིགས་ནས་སྲིད་དོན་གྲོས་བསྡུར་དང་དམངས་གཙོ་ལྟ་སྐུལ་བྱས་ཏེ་དངོས་སྒྲུབ་ཀྱི་ཐབས་ཇུས་འདོན་པ་དང་གསར་གཏོད་ཀྱི་བྱ་ཐབས་དོན་གཉེར་བྱས་པ་དང་། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་བསམ་བློའི་དྲིལ་སྒྲོག་བྱ་བ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན། རིག་གནས་ལོ་རྒྱུས་ཀྱི་བྱ་བ་བཅས་དང་དེ་བཞིན་རང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི‘འགན་འཁྲིའི་འགུལ་སྐྱོད་ཆེན་པོ་བཅུའི’བྱ་བར་སྐུལ་འདེད་ཏན་ཏིག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་བྱ་བ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད། ལྷག་པར་དུ་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བྱ་བའི་ཐད་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཆེད་དོན་ཨུ་ལྷན་སོ་སོ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག ལོ་འདིའི་ནང《མཚོ་བྱང་ཁུལ་གྱི་སྲིད་གྲོས་ལོ་རྒྱུས》དང《ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ།》《མཚོ་བྱང་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས》《གསེར་དངུལ་ཐང221འབྲོག་པའི་གནས་སྤོའི་དངོས་བྲིས》《མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལོ་རྒྱུས》སོགས་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག9ཡི་པོད་10རྩོམ་སྒྲིག་དཔེ་སྐྲུན་བྱས་ཏེ། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་ཆའི‘ལོ་རྒྱུས་ཉར་ཚགས་དཔྱད་གཞིར་འཛིན། མཐུན་སྒྲིལ་སྲུང་ཞིང་མི་གཞི་སྐྱོང་བའི’ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱས་པར་མ་ཟད། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བར་རྣམ་པ་གསར་པ་མངོན་པ་དང་བཀྲག་མདངས་གསར་པ་བཏོད་དེ་གྲུབ་འབྲས་གསར་པ་ཐོབ་ཅིང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད”ཟེར།

ཞོ་རོས་ཞིན་གྱིས་གླེང་དོན། 2024ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་དམིགས་ཚད་ལས་འགན་ལྟར་བྱ་བ་སོ་སོ་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན། དུས་མཚུངས་སྐབས་བཅོ་ལྔ་པའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་སྒྲིག་བྱ་བའི་ལོ་ལྔའི་འཆར་འགོད་དང2024ལོའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་སྒྲིག་འཆར་གཞི་གཞིར་བཟུང་ནས་ནུས་ཤུགས་ཡོད་རྒུས《རི་ཆུའི་ཁྲོད་ཀྱི་མཚོ་བྱང》(གནས་སྐབས་ཀྱི་མིང་།)དང《མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས།》《མཚོ་བྱང་ཁུལ་གྱི་ཐོན་རྫས་གྲགས་ཅན་ཕྱོགས་བསྡུས།》《མཚོ་བྱང་ཁུལ་གྱི་ཁྱད་ལྡན་དངོས་ཐོན་ཕྱོགས་བསྡུས》《མཚོ་བྱང་བོད་རིགས་དམངས་སྲོལ་རིག་གནས་གོམས་སྲོལ》སོགས་རིག་གནས་ལོ་རྒྱུས་དཔྱད་གཞིའི་དེབ་ལྔ་བསྡུ་སྒྲིག་བྱ་བ་ཡག་པོར་སྒྲུབ་རྒྱུ་ཡིན་ཟེར།

微信图片_20240131160455.jpg
འཇུ་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། ཧོ་ཁུའེ།

ཧོ་ཁུའེ་ཡིས2023ལོར་འཇུ་ལག་རྫོང་གི་སྲིད་གྲོས་ཀྱི་བྱ་བ་གཙོ་བོ་ཕྱོགས་ལྔའི་ཐད་ནས་ངོ་སྤྲོད་བྱས། གཅིག་ནས“བསམ་བློ་གསར་པ་སློབ་སྦྱོང་དང་ལས་འགན་གསར་པ་ལག་བསྟར། རྒྱང་སྐྱོད་གསར་པ་བརྩོན་ལེན”བཅས་ཀྱི་བརྗོད་དོན་ལག་ལེན་བྱེད་སྒོ་སྤེལ་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་བཏང་། གཉིས་ནས་ཨུ་ཡོན་གྱིས“བརྗོད་གཞི་གཏན་འཁེལ་གྱི་བརྟག་ཞིབ”གསར་གཏོད་དང་སྤེལ་ནས་གཙོ་གནད་བྱ་བ་ལ་དམིགས་ཏེ་ཆེད་དོན་གྲོས་མོལ་དང་བརྟག་དཔྱད་གྲོས་མོལ་བྱས་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་། གསུམ་ནས་འཇུ་ལག་ཧའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་དམིགས་ནས“ཨུ་ཡོན་བརྒྱ་ཡིས་འཕེལ་རྒྱས་གླེང་ནས་ལེགས་སྐྱེས་འབུལ་བའི”འགན་འཁྲིའི་ལག་ལེན་བྱེད་སྒོ་སྤེལ་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱས། བཞི་ནས་འགན་ནུས་སྒྲུབ་པའི་སྤྱི་སྟེགས་རྒྱ་བསྐྱེད་བཏང་བ་དང་ཆས་རྟགས་ཀྱི་ཁྱད་ཆོས་གཏོད་པ། རིགས་ཁོངས་ཨུ་ཡོན་གྱི་ལས་སྒྲུབ་ཁང་དང་ཨུ་ཡོན་མི་སྒེར་གྱི་ལས་སྒྲུབ་ཁང་གཏོད་པ་བཅས་བྱས་ནས་བྱ་བའི་སྤེལ་ཤུགས་ཆེ་རུ་བཏང་། ལྔ་ནས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་ལ་དོ་སྣང་བྱས་ཏེ་ཨུ་ཡོན་གྱི“ལས་སྒྲུབ་དེབ”གསར་གཏོད་བྱས་ནས《ཨུ་ཡོན་གྱི་འགན་སྒྲུབ་གཏན་འབེབས་ཕྱོགས་བསྡུས་གདེང་འཇོག་བྱེད་ཐབས》བཙུགས་པ་དང་འཐུས་ཚང་དུ་བཏང་ནས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཧུར་སེམས་ཆེ་རུ་བཏང་ཡོད་ཟེར། ཧོ་ཁུའེ་ཡིས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཀྱིས་གནང་བའི་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་། བྱ་བ་ལ་ཕྱོགས་སྡོམ་བྱས་པ་ཁྱོན་ཡོངས་ཁྱབ་པ་དང་ཕྱི་རོལ་ཡུལ་ལ་མཐུན་པ། བཀོད་སྒྲིག་ཐད་བསམ་ཕྱོགས་གསལ་པོ་ཡོད་པས་མ་འོངས་པའི་བྱ་བ་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཐབས་བཀོད་གསར་པ་དང་བྱ་ཐབས་གསར་པ་མཁོ་འདོན་བྱས་ཡོད་པར་བསྟན་ལ། མ་འོངས་པ་ང་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་ཡག་པོ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། ཞིང་ཆེན་ཏང་ཨུའི‘ལས་བྱེད་པས་བྱ་བ་ཡག་པོ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ’བཅས་ཀྱི་བྱ་བའི་བླང་བྱ་དང་། ཁུལ་ཨུའི‘མདུན་གྲལ་དུ་སྐྱོད་གསུམ’གྱི་དམིགས་ཚད་བླང་བྱ་ལག་ལེན་ཧུར་ཐག་སྒོས་འཇུ་ལག་གི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་རབས་གསར་པའི་སྲིད་གྲོས་བྱ་བའི་ངེས་གནས་གསར་པར་སྟངས་འཛིན་ཡང་དག་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་ནན་ཏན་བྱེད་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་རྒྱུ་ཡིན་ཟེར།

微信图片_20240131160500.jpg
མདོ་ལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། ཨན་ཧྲིན་ཧུའེ།

ཨན་ཧྲིན་ཧུའེ་ཀྱིས“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ནང་ཞུགས་སྐབས་བཤད་རྒྱུར། ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཀྱིས་གནང་བའི་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཀྲུའུ་ཞི་གཞོན་པ་ཝུའུ་ཧྲུའུ་རུང་གིས་གནང་བའི་གྲོས་གཞིའི་བྱ་བའི་སྙན་ཞུར་ཉན་པ་དང་། སྙན་ཞུ་གཉིས་ཀྱི་ནང་དོན་ཆ་ཚང་བ་དང་ཡང་སྙིང་ཕུན་སུམ་ཚོགས་པ། གཙོ་གནད་མངོན་གསལ་དོད་པ། མི་རྣམས་མདུན་སྐྱོད་ལ་སྐུལ་མ་ཐེབས་པ་བཅས་ཀྱི་ཐོག་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་ཟེར། ཨན་ཧྲིན་ཧུའེ་ཀྱིས་གླེང་དོན། གཞི་རིམ་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་གཤམ་གསལ་ཕྱོགས་བཞིའི་ཐད་ནས་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན། གཞི་རིམ་ཨུ་ཡོན་གྱི་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཨུ་ཡོན་གྱི་འགན་སྒྲུབ་ནུས་པའི་གསོ་སྦྱོང་འཛིན་གྲྭ་སྣ་མང་འཛུགས་གཉེར་བྱས་ཏེ“སྤྱོད་གཙང་སྲིད་གྲོས”བསྐྲུན་རྒྱུ་ཡིན། གཉིས་ནས་སྲིད་གྲོས་ཀྱི་འགན་འཁྲི་འཁུར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་གྲོས་མོལ་བརྟག་དཔྱད་ཞིབ་འཇུག་སྤེལ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་གནས་སྐོར། མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུ་ཡིན། གསུམ་ནས་དམངས་ཆེད་འགན་འཁྲི་སྒྲུབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། “ཁང་གཉིས་དང་ལས་སྟེགས་གཅིག”ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རྫོང་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་དུ་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། བཞི་ནས་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས་ཤིང་། “མདོ་ལ་སྲིད་གྲོས”ཀྱི་སྐད་འཕྲིན་སྤྱི་སྟེགས་སུ“ཐབས་འདོན་ཇུས་འབུལ”དང“ཨུ་ཡོན་གྱི་ཉམས་འགྱུར”སོགས་ཆེད་སྒྲིག་ལེ་ཚན་བཟོས་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གྲུབ་འབྲས་དང་སྔོན་ཐོན་བྱས་རྗེས་སོགས་གང་ལེགས་མངོན་པར་བྱས་ཏེ་ཨུ་ཡོན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་ཡིན་ཟེར།

微信图片_20240131160506.jpg
རྐང་ཚ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། ཆིན་ཧྲི་ཧྥུའུ།

ཆིན་ཧྲི་ཧྥུའུ“འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ”ནང་ཞུགས་སྐབས་རྐང་ཚ་རྫོང་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་བྱ་བར་དོན་དངོས་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་།  རྐང་ཚ་རྫོང་སྲིད་གྲོས་ཀྱིས་ཁུལ་སྲིད་གྲོས་ཀྱི་མཛུབ་ཁྲིད་དང་རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ<<སྲིད་གྲོས་སྒྲིག་ཡིག>>གི་བླང་བྱ་གཞིར་བཟུང་སྟེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་བྱས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་དེ། གཅིག་ནས་ཏང་གི་མགོ་ཁྲིད་འགྱུར་མེད་སྟོབས་ལྡན་ཡིན་པ། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་མགོ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། གཉིས་ནས་འགན་འཁྲི་སྒྲུབ་པའི་ཕན་འབྲས་དེ་བས་མངོན་གསལ་དོད་པོ་ཡིན་པ། ལོ་གཅིག་གི་རིང་། ཁྱོན་སྡོམ་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་སྙན་ཞུ8གྲུབ་པ་དང་། འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས2གཉེར་བ། སྲིད་གྲོས་ཨུ་ཡོན2ལེགས་སྒྲིག་དང་ཁ་སྣོན་བྱས་པ། རིགས་ཁོངས་ཨུ་ཡོན་གྱི་བྱེད་སྒོ་ཁང2བསྐྲུན་པ།  བྱ་བའི་ལམ་ལུགས70ལྷག་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ། གྲོས་གཞི་ལན་འདེབས་ཚད100%ཟིན་པ། “རྐང་ཚ་རྫོང་གི་གྲོས་མོལ་སྲིད་གླེང་ཞབས་ཞུའི་ལྟེ་གནས”བཙུགས་པ། 《ཀྲུང་གུང་རྐང་ཚ་རྫོང་ཨུས་རྫོང་ཡོངས་ཀྱི་མི་དམངས་ལ་མགོ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དངོས་བྲིས》རྩོམ་སྒྲིག་པར་སྐྲུན་བྱས་ཤིང་།  བརྗོད་དོན་སློབ་གསོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བས་ཨུ་ཡོན་གྱི་ཞབས་ཞུའི་ནུས་པ་དང་རང་ངོས་འཛུགས་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་ཟེར། 

གོམ་སྟབས་རྗེས་མར་རྐང་ཚ་རྫོང་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་འགན་གཙང་སྒྲུབ་ཀྱི་གཙོ་རྐང་དུ་བརྩིས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་གཞི”འཛུགས་སྐྲུན། གྲོང་གསེབ་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འགན་སྒྲུབ་བྱེད་སྒོ་ཧུར་ཐག་སྤེལ་ཏེ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཆིན་ཧྲི་ཧྥུའུ་ཡིས་གོམ་སྟབས་རྗེས་མའི་བྱ་བའི་འཆར་གཞི་སྐོར་གླེང་སྐབས་དེ་ལྟར་བཤད།

微信图片_20240131160511.jpg
མདའ་བཞི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། མ་ཀྲི་ལུང་།

མ་ཀྲི་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གཅིག་ནང་། མདའ་བཞི་རྫོང་སྲིད་གྲོས་ཀྱིས་ཁུལ་སྲིད་གྲོས་ཀྱི་མཛུབ་ཁྲིད་འོག བཀྲག་མདངས་འཚེར་སའི་བྱ་བ་མང་པོ་ཡོད་དེ། རྫོང་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་དཔྱད་བརྗོད་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་ཨུ་ཡོན་གྱི་འགན་སྒྲུབ་ཐད་བྱས་རྗེས་གསར་པ་མངོན་པར་བྱས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི“ཐད་གཏོང་རླངས་འཁོར”དེ་དམངས་གཙོའི་ལྟ་སྐུལ་ལག་བསྟར་བྱེད་པའི་ནུས་ལྡན་བྱེད་ཐབས་སུ་བཟུང་ནས་དམངས་གཙོའི་ལྟ་སྐུལ་འཚོལ་ཞིབ་ལ་ཐབས་ལམ་གསར་པ་རྙེད། གྲོས་གཞིའི་སྤུས་ཚད་དང་གཉེར་སྒྲུབ་སྤུས་ཚད་ཀྱི“ཕྱོགས་གཉིས་དཔྱད་མོལ”བྱེད་སྒོ་ཐེངས་དང་པོ་སྤེལ་བས་གྲོས་གཞིའི་བྱ་བའི་དཔྱད་མོལ་ལ་གྲུབ་འབྲས་གསར་པ་ཐོ། “ཐོས་བསམ་སྲིད་གྲོས”ཀྱི་གཡུལ་སའི་ལས་སྟེགས་བཏོད་པ་དང་། དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི་བྱེད་སྒོ་སྤེལ་བས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ལས་སྟེགས་གསར་པ་བསྣན་ཡོད། ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་ཞུས་ཤིང་། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་གྱི་ཆུས་དང་རྫོང་སོ་སོའི་བར་བརྗེ་རེས་སློབ་སྦྱོང་བྱས་ཏེ“མཛའ་མཐུན་སྲིད་གྲོས”ཀྱི་སྒྲོམ་གཞིའི་མཉམ་ལས་ལ་གྲོས་མཐུན་བྱུང་བ་དང་། ཕྱི་ཕྱོགས་མཐུན་འབྲེལ་རྒྱ་སྐྱེད་གཏོང་བར་ཐབས་ལམ་གསར་པ་བཏོད་ཡོད། མ་ཀྲི་ལུང་གིས་གླེང་དོན། གོམ་སྟབས་རྗེས་མར་མདའ་བཞི་རྫོང་སྲིད་གྲོས་ཀྱིས་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ལྟེ་བའི་བྱ་བ་དང་གཙོ་གནད་ལས་འགན་དང་དེ་བཞིན་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “སྣེ་ཁྲིད”དང“འགན་སྒྲུབ”“དམངས་གཙོ”“མཐུན་སྒྲིལ”“དཔུང་ཁག”བཅས་ཀྱི་རྩོམ་ཡིག་ལྔ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྩམས་ནས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་གྱི་མཚོ་བྱང་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་མདའ་བཞི་སྲིད་གྲོས་ཀྱི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུ་ཡིན་ཟེར།


མཉམ་སྤྱོད།