མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོགས།

2024-01-31 16:46:23   |   3171

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་དམངས་ཆེན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་ལྔ་པ་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས།

微信图片_20240131200353.jpg

ཚོགས་འདུར་ཕེབས་དགོས་པའི་འཐུས་མི231དང་། ཚོགས་འདུར་ཞུགས་མཁན་གྱི་འཐུས་མི205ཡོད་དེ། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས་དང་དབྱང་ཧེ་ལུང་། ཞུ་ཡུང་ཀུང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧོས། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

微信图片_20240131200359.jpg

ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད་པ་ནི། ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ལྟ་ཞིབ་ཨུ་ལྷན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་སོགས་ཡིན།

微信图片_20240131200404.jpg

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། དེ་མིན་རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ཞིང་ཆེན་གྱི་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་བྱས།

微信图片_20240131200409.jpg

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དབྱང་ཧེ་ལུང་གིས་མགོ་རྩོམ་ཚོགས་ཆེན་ལ་གཙོ་སྐྱོང་གནང་ཞིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་མགོ་བརྩམས།

微信图片_20240131200414.jpg

ཚོགས་འདུའི་ཐོག  ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཕུལ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་ཀྲུའུ་རིན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ་ཀྱིས་ཕུལ་བའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན)》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》གི་གསལ་བཤད་དང་། ཝང་ཞིང་ཧོས་ཀྱིས་གནང་བའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་དོ་དམ་སྲོལ་ཡིག》གི་ཐག་གཅོད(འཆར་ཟིན)ལ་བཟོ་བཅོས་བྱས་པའི་སྐོར་གྱི་གསལ་བཤད་བཅས་ལ་ཉན་པ་མ་ཟད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།

微信图片_20240131200419.jpg

微信图片_20240131200424.jpg


མཉམ་སྤྱོད།