མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས15ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-01 06:47:01   |   4315

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ1པོའི་ཚེས31ཉིན་ཚོགས་འདུ་འཚོགས་ནས། 《ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་ཞིབ་འཇུག་བྱས་པ》དང་། 《ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆེད་དོན་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་བའི་ཐད་ཀྱི་སྤྱི་སྡོམ་སྙན་ཞུ 》《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆེད་དོན་བརྗོད་དོན་སློབ་གསོའི་འབྲས་བུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་ཀྱི་བསམ་འཆར》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》བཅས་ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ2པའི་ཚེས1ཉིན་པར་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་ཀྱི་དུས་ཐེངས་གསུམ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ》ཞེས་པ་སྤེལ་རྒྱུ་རེད།

  • ཟླ1པོའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་པུའུ་ལ་ཤིན·དབྱི་སི་ཀན་ཏ་ལ་གློག་འཕྲིན་བཏང་ནས་ཁོང་གིས་མ་ལེ་ཞི་ཡའི་གཙོ་བདག་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  • ཟླ1པོར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་བདག་གཉེར་གྱི་སྟོན་གྲངས(PMI)49.2%ཡིན་པ་དང་། གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད།

  • 2023ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཐོ་བཀོད་བྱས་པའི་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དུང་ཕྱུར1.24ཡོད་པ་དང་། མི་གྲངས་དུང་ཕྱུར3ཙམ་གྱི་ལས་ཞུགས་ལ་འདེགས་སྐྱོར་བྱས་ཡོད།

001.jpg

  • ཟླ1པོའི་ཚེས31ཉིན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར1.99ལས་བརྒལ་རྒྱུ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་། རྒྱལ་ཡོངས་སུ་དུག་རྫས་ཉེས་གསོག་གྱོད་གཞི་ཁྲི4.2ལྷག་ཙམ་རྩད་ཆོད་པ་དང་། དུག་རྫས་སྣ་ཚོགས་ཏུན25.9གཞུང་བཞེས་བཏང་།

  • 2023ལོའི་དགུན་ཁ་ཐོན་པ་ནས་བཟུང་། རང་རྒྱལ་གྱིས་དྲོད་ལེན་རོགས་སྐྱོབ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་ཁྲི485.1ལ་ཕན་ཐོགས་པ་དང་མ་དངུལ་སྒོར་དུང་ཕྱུར19.1བཏང་།

  • 2023ལོར། རྒྱལ་ཡོངས་དྲ་འཕྲིན་མ་ལག་གིས་འབྲེལ་ཡོད་དྲ་ཚིགས་ལས་སྟེགས་ལ་ཁྲིམས་ལྟར་ཁ་ཆད་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཐོའི་གྲངས་ཀ་ཁྲི12ལྷག་ཙམ་སྒོ་རྒྱག་རྒྱུར་སྐུལ་འདེད་བཏང་།

  • ཟླ1པོའི་ཚེས28ཉིན། ཧྥི་ལི་ཕིན་ཕྱོགས་ཀྱི་མི་སྣ4ཀྲུང་གོའི་ཧོང་ཡན་གླིང་ཕྲན་དུ་ཁྲིམས་འགལ་ངང་ཡོང་ནས་བྱ་སྤྱོད་སྤེལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཐ་ཚིག་བསྒྲགས་ནས་ཕྱིར་འབུད་བཏང་།

སྤྱི་ཚོགས།

002.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ1པོའི་ཚེས31ཉིན་ཁངས་ཆེན་འབབ་པའི་སྔོན་མདོག་སྔོན་བརྡ་བཏང་། སྔོན་དཔག་བྱས་ན། དེ་རིང་ཧྲའན་ཞིའི་བྱང་རྒྱུད་དང་། ཧྲན་ཞིའི་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད།

  • འཕྲལ་སྡོམ་དོ་དམ་པུས་ཧོ་པེ་དང་ཧྲན་ཞི། ཅང་སུའུ། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧྲའན་ཞི་སོགས་ལ་ཁ་གཏད་ནས་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེའི་འཕྲལ་བསྟུན་གྲྭ་སྒྲིག་དང་ལེན་བྱས།

  • ཟླ1པོའི་ཚེས31ཉིན་གྱི་ཆུ་ཚོད24སྟེང་ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་ལ་སོ་སོར་ཏུན་རེར་སྒོར200འཕར།

  • སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ནི་ཟླ2པའི་ཚེས5ཉིན་འགྲོ་སྐྱོད་བྱེད་ཚད་ཆེས་མང་ཤོས་སུ་སླེབས་རྒྱུ་དང་ཟླ2པའི་ཚེས17ཉིན་ཕྱིར་ལོག་པའི་སྐབས་ཀྱི་འགྲོ་སྐྱོད་ཚད་ཆེས་མང་ཤོས་ཀྱི་དུས་ལ་སླེབས་རྒྱུ་རེད།

  • ཟླ1པོའི་ཚེས31ཉིན། ཧྥུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤེལ་བའི་སྲོག་ཁྲིམས་ལག་བསྟར་བྱེད་པའི་བཀའ་རྒྱ་ལྟར་ཞུ་སྦྱོར་ཕྱི་མ་ཝུའུ་ཞེ་ཡུས་ལ་སྲོག་ཁྲིམས་ལག་བསྟར་བྱས།

  • ཟླ1པོའི་ཚེས31ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལྔ་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཤམ་སྤེལ་བྱས་པའི་སྲོག་ཁྲིམས་ལག་བསྟར་བྱ་རྒྱུའི་བཀའ་རྒྱ་ལྟར་ཞུ་སྦྱོར་ཕྱི་མ་ཀྲང་པོ་དང་ཡེ་ཁྲེང་རྡུལ་ལ་སྲོག་ཁྲིམས་བཅད་པ་རེད།

  • ཟླ1པོའི་ཚེས31ཉིན། སི་ཁྲོན་ཞིང་ཆེན་མི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ཝང་མིང་ཧུའེ་ཡིས་ལྐོག་རྔན་བླངས་པ་དང་དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཝང་མིང་ཧུའེ་ལ་ལོ16རིང་གི་ཉེས་ཆད་བཅད།

  • ཟླ1པོའི་ཚེས31ཉིན། 2024ལོའི་ཅང་ཡོན་ཏའོ་ཡི་དགུན་དུས་གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་བུད་མེདUརྣམ་པའི་འགྲན་རའི་རྩལ་ནུས་འགྲན་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ལིའུ་དབྱི་ཧྲན་དང་ཁྲེན་ཙི་ཧྲེང་གིས་གསེར་དངུལ་གྱི་རྟགས་མ་བླངས།

003.jpg

  • འཛམ་གླིང་ཡང་རྩེའི་ཚར་ལ་ཉེ་བའི་ནོར་གྱི་རིགས་ཏེ། ཀྲང་མུའུ་ནོར་དང་ཨ་ཕེ་ཅཱ་ཡི་ནོར་ཉེ་ཆར་ཁྲུང་ཆིང་ཡུན་དབྱང་དུ་བསྐྱར་གསོ(克隆)ལེགས་འགྲུབ་བྱུང་བ་དང་། དེ་ནི་འཛམ་གླིང་ཐོག་བོད་ལྗོངས་ཀྱི་ཚར་ལ་ཉེ་བའི་ནོར་བསྐྱར་གསོ་བྱས་པར་ཐོག་དང་པོ་ཡིན།

  • ཟླ1པོའི་ཚེས31ཉིན། ཀན་སུའུ་ཡི་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་མུའུ་ཀྲའེ་ལིང་ཕུག་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེས། G75ལན་ཀྲོའུ་ནས་ཧའེ་ཁོའུ་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན།

004.gif

ཨན་ཧུའེ་ཁྲུའུ་ཀྲོའུ་ཡི་ཨར་ཚི་ཧའེ་མོ་ནད་ཕོག་པའི་རྒན་པ་ཞིག་གློ་བུར་དུ་ཐོག་སོ་གསུམ་པའི་སྒེའུ་ཁུང་ནས་མར་ལྷུང་བ་དང་། ཉེན་བརྡ་འབྱོར་ནས་ཡུལ་དངོས་སུ་འགྲོ་བའི་མི་དམངས་ཉེན་རྟོག་པ་ལི་ལེ་དང་གཞོགས་འདེགས་ཉེན་རྟོག་པ་ཁྲེན་ཧུང་ཧྲའོ་ཡིས་འཕྲལ་མར་རྒྱུག་ནས་རྒན་པ་མར་ལྷུང་བ་བཟུང་ཐུབ་པ་བྱུང་བས། ལུས་བརྟག་བྱས་པ་ལྟར་ན་རྒན་པ་དེ་སྲོག་ཉེན་ལས་ཐར་ཡོད།

སྲིད་ཇུས།

  • ཅང་ཞི་ཡིས་ཇུས་གཞི་པར་འགྲེམས་བྱས་ནས། 2024ལོའི་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་དངོས་གཞི་དང་པོ་དང་དངོས་གཞི་གཉིས་པའི་རིམ་པ་དེ་གཉིས་དངོས་གཞིའི་ཚན་ཁག་རིམ་པ་གཅིག་ཏུ་ཟླ་སྒྲིལ་གཏོང་རྒྱུ།

  • ཀྲེ་ཅང་གིས་གསལ་བོར་བསྟན་དོན། ལོ་ཧྲིལ་པོར་འབྲས་དང་གྲོ། སྣུམ་བཅས་བསྐྱར་འདེབས་སོགས་མུའུ50ཡན་གཞི་ཁྱོན་འདེབས་འཛུགས་བྱས་པའི་བྱེད་པོར་འདེབས་འཛུགས་རྒྱ་ཁྱོན་དངོས་གཞིར་བཟུང་ནས་མུའུ་རེར་སྒོར120ཡི་ཐད་ཀའི་ཁ་གསབ་སྤྲོད་རྒྱུ།

  • ལེའོ་ཉིང་ཧྲེན་དབྱང་གིས་གཏན་འབེབས་གསར་པ་ལག་བསྟར་བྱས་ནས། གསོག་ཉར་ཁང་སོགས་སྡོད་གནས་མིན་པའི་བར་སྟོང་གནས་མི་སྡོད་རྒྱུར་བོགས་གཏོང་བྱས་མི་ཆོག

དེ་རིང་གི་གནམ་གཤིས།

005.jpg

  • བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞའི་ཤར་ལྷོའི་རྒྱུད། ཧྲའན་ཞིའི་ས་ཆ་མང་ཆེ་བ། ཧྲན་ཞི། ཧོ་པེའི་ལྷོ་རྒྱུད། ཧོ་ནན་གྱི་ས་ཆ་མང་ཆེ་བ། ཧྲན་ཏུང་གི་དབུས་ལྷོ་རྒྱུད། ཧུའུ་པེའི་བྱང་རྒྱུད། སུའུ་ཝན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ཧོ་ནན་གྱི་ཤར་ལྷོའི་རྒྱུད་དང་ཧུའུ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་འཁྱག་ཆར་འབབ་རྒྱུ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།