དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད33)

2024-02-01 08:30:44   |   1611

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཁ་ཕྱོགས་དང་།ལངས་ཕྱོགས་དང་།རྩ་དོན་བཅས་ནི་ཅི་ཞིག་ཡིན་ནམ།

ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཁ་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ནས། མི་དམངས་ལྟེ་བར་བྱེད་པའི་སྒྱུར་བཅོས་ཀྱི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་དགོས་པ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་ངེས་པར་དུ་མཐའ་འཁྱོངས་བྱ་དགོས། ངེས་པར་དུ་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་འདི་མཐའ་འཁྱོངས་བྱ་དགོས། སྤྱི་ཡོངས་ནས་སྐུལ་འདེད་དང་གཙོ་གནད་འགག་སྒྲོལ་ཕན་ཚུན་སྐུལ་སྤེལ་བྱ་དགོས། གོང་རིམ་ཇུས་འགོད་དང་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་བའི་རྩ་དོན་གལ་ཆེན་འདིར་ངེས་པར་བརྩི་སྲུང་བྱ་དགོས།


མཉམ་སྤྱོད།