དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-02 07:10:36   |   2324

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་མཉམ་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་གཅིག་པར་ནན་གྱིས་བསྟན་དོན། དུས་རབས་གསར་པའི་སྤུས་དག་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཤད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་དྲོད་ཚད་དམའ་བའི་ཁངས་ཆར་འཁྱག་རོམ་གྱི་གནོད་འཚེ་སྔོན་འགོག་དང་འཕྲལ་བསྟུན་གྱི་བྱ་བ་ལེགས་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི21ལས་བརྒལ་བ་དང་། དུས་མཚུངས་ལས6.44%འཕར་ཡོད།

  • ཚོང་དོན་པུས་ཚེས1ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར65754.3ཟིན་པ་དང་། དུས་མཚུངས་ལས10%འཕར་ནས། ཞབས་ཞུའི་ཉོ་ཚོང་གི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པར་ཐོན།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་འཇར་པན་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་ཁྲི112.7ཐག་གཅོད་བྱས་ནས། འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར13.7ཕྱིར་ལེན་བྱས་ཡོད།

  • 2023ལོར། རིམ་པ་ཁག་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚུལ་མིན་འགྲན་རྩོད་ཀྱི་གྱོད་གཞི་སྣ་ཚོགས་སྡོམ་པས12496ཞིབ་གཅོད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སྒོར་དུང་ཕྱུར5.82ཡིན།

  • རྒྱལ་ཁབ་གཏེར་ཁུངས་བདེ་འཇགས་ལྟ་ཞིབ་ཅུ་ཡིས《གཏེར་ཁུངས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་དམིགས་བསལ་ཅན་ལ་དོགས་ཟོན་དང་བཀག་འགོག་བྱ་རྒྱུའི་སྐོར་གྱི་བྱེད་ཐབས》གསལ་འགྲེལ་བྱས་ནས། ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ།

  • ཨ་རིའི་རྒྱལ་སྲུང་པུས་ཀྲུང་གོའི་དམག་དོན་ཁེ་ལས་ཀྱི་མིང་ཐོ་གསར་སྒྱུར་བྱེད་པའི་དོན་དེར་དམིགས་ནས། རང་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཆེན་པོའི་ཐ་སྙད་ཀྱིས་ཀྲུང་གོའི་ཁེ་ལས་ལ་དོན་མེད་གནོན་ཤུགས་བཟོ་བར་ངོ་རྒོལ་བྱ་རྒྱུ་དང་། ཀྲུང་གོས་རང་རྒྱལ་ཁབ་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་ལ་མུ་མཐུད་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

0001.jpg

  • ཚེས1ཉིན། འཛམ་གླིང་ཐོག་གི་འདེགས་སྐྱོར་ངོས་མཉམ་གྱི་བར་ཐག་ཆེས་རིང་ཤོས་ཀྱི་གཞུ་དབྱིབས་ཟམ་པ་སྟེ། ནན་ཏན་ནས་ཐེན་ཨོ་ཞ་བར་གྱི་མྱུར་བགྲོད་གཞུང་ལམ་རྙིང་པའི་ཐེན་ཨོ་ལུང་ཐང་གི་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། དེ་ནི་འཛམ་གླིང་ཐོག་གི་འདེགས་སྐྱོར་བར་ཐག་སྨི600ལས་བརྒལ་བའི་གཞུ་དབྱིབས་ཟམ་པ་ཐོག་མ་ཡིན།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས1ཉིན། 2010ལོར་འཁྱག་རོམ་ཉེན་ཟོན་སྔོན་བརྡའི་ཚད་གཞི་བཙུགས་པའི་ཚུན་ཆད་ཀྱི་འཁྱག་རོམ་ལི་མདོག་གི་ཉེན་ཟོན་སྔོན་བརྡ་ཐོག་མ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ནས་ཚེས4ཉིན་བར། ཧོ་ནན་གྱི་ལྷོ་རྒྱུད་དང་། ཧུའུ་པེ། ཨན་ཧུའེ་ཡི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རྒྱུན་མཐུད་རང་བཞིན་གྱི་ནམ་ཟླ་འཁྱག་པའི་ཆར་བ་འབབ་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་གསུམ་གྱིས་བརྡ་ཐོ་བཏང་ནས། ལས་རྨས་འགན་བཅོལ་དེ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་རྒྱུའི་ཚོད་ལྟ་བྱ་རྒྱུ།

  • ཁྲིམས་འཛིན་པུས་རྒྱལ་ཡོངས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་གླ་རྒྱག་ཞིང་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྔོན་དུ་བདག་སྤྲོད་དང་། སྔོན་དུ་ཞིབ་བཤེར། སྔོན་དུ་མངགས་གཏོང་བཅས་བྱེད་དགོས་པའི་བླང་བྱ་བཏོན།

  • དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཆང་ཆུའི་རིགས་ཀྱི་འཛད་སྤྱོད་ཁྲོམ་རའི་ཉོ་ཚོང་གཉིས་དར་ཆེ་བས། སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར “དམིགས་བསལ་མཁོ་འདོན”དང“ཆེད་མངགས་མཁོ་འདོན”ཟེར་བར་ཡིད་ཆེས་བྱེད་མི་རུང་བ་དང་མགོ་སྐོར་འོག་ཚུད་རྒྱུ་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་གནང་།

  • ཁག་གསུམ་པའི་ཀྲུང་ཧྭའི་ཟོང་རྟགས་རྙིང་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་སྡོན་པས་ཟོང་རྟགས382ངོས་འཛིན་བྱས་ཡོད།

  • ཧའེ་ནན་གྱི་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས། ཚེས3ཉིན་གྱི་ཆུ་ཚོད7ནས8བར། ནན་ཧེ་མཚོ་ཁོངས་ཁག་གཅིག་ཏུ་མེ་ཤུགས་འཕུར་མདའི་ཆག་རོ་ལྷུང་ཡོད་པས་དེར་སྐྱོད་མི་ཆོག

0002.jpg

  • ཅང་ཞིའི་ཀན་ཀྲོའུ་ཡིས་ད་བར་དུ་ལོ་ངོ་ཁྲི9000ལྷག་འགོར་བའི་རྨིག་པའི་རིགས་ཀྱི་ཁུང་འབྲུག་གསར་པའི་རིགས་ཏེ། ཆིང་ཝེ་ཀན་ཏེའི་ཞེས་མིང་བཏགས་པའི་འབྲུག་ཆེན་གྱི་རུས་རྡོ་གསར་དུ་རྙེད།

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་རྒྱལ་སྤྱིའི་དུས་དེབ《རང་བྱུང》(Nature)ཞེས་པའི་ཐོག་རྩོམ་ཡིག་སྤེལ་ནས་མིའི་རིགས་ཀྱི་རྒྱུད་འཛིན་རྒྱུ་རྐྱེན་དང་ཨ་མའི་བུ་སྣོད་ནང་གི་ཁོར་ཡུག་གིས་རྗེས་རབས་བདེ་ཐང་ལ་ཐོན་པའི་ཤུགས་རྐྱེན་གསལ་སྟོན་བྱས།

  • ཀོང་ཏུང་ཧྲའོ་ཀོན་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་དོན། ཧོ་ཆེ་གེ་མོ་དང་ཀྲུང་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་ངང་མི་མེད་གནམ་གྲུ་འཕུར་སྐྱོད་བྱས་པས། དུས་གཏན་གནམ་གྲུ་ཞིག་འཕུར་རྒྱུ་འགོར་འགྱངས་བྱས། ཉེན་རྟོག་པས་ཁོ་གཉིས་ལ་སྲིད་འཛིན་བཀག་སྐྱིལ་ཉིན10དང་སྒོར500ཡི་ཆད་པ་བཅད།

སྲིད་ཇུས།

  • ཐེན་ཅིན་གྱིས་ཁེ་ལས་ཀྱི་ལོ་དངུལ་ལ་མཁོ་བའི་འགྲོ་གྲོན་དེ། མི་སྤྱོད་ལས་ཁུངས་དང་ལས་བཟོ་བ་མི་སྒེར་གྱིས་ཐུན་མོང་ཐོག་འཇལ་དགོས་པ་དང་། སྡོམ་རྩིས་ལས་ཁུངས་དེའི་ལས་བཟོ་བའི་གླ་ཕོགས་སྡོམ་འབོར་གྱི12%ལས་མི་བརྒལ་བ་གསལ་བོར་བཏོན།

  • ལེའོ་ཉིང་གིས་བརྡ་ཐོ་བཏང་ནས། “ཀྲུང་ཧྭའི་ཟོང་རྟགས་རྙིང་པ”དང“ལེའོ་ཉིང་གི་ཟོང་རྟགས་རྙིང་པའི”ཁེ་ལས་ལ་སྒོར་ཁྲི50དང་སྒོར་ཁྲི30ཡི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ།

  • ཡུན་ནན་གྱིས་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་དང་། ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས། མི་སྒེར་བཟོ་ཚོང་དུད་ཚང་བཅས་ལ“དཔྱ་ཁྲལ་དྲུག་དང་གྲོན་དངུལ་གཉིས”ཕྱེད་ཀ་ཆག་ཡང་དུ་གཏོང་རྒྱུ།

དེ་རིང་གི་གནམ་གཤིས།

  • ནང་སོག་གི་ལྷོ་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་ས། ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཧོ་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་དབུས་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད་དང་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ནམ་ཟླ་འཁྱག་པའི་ཆར་བ་འབབ་རྒྱུ་རེད། ཨན་ཧུའེ་ཡི་ལྷོ་རྒྱུད་དང་ཧུའུ་པེའི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཧྥུའུ་ཅན་གྱི་ནུབ་བྱང་གི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།