དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད34)

2024-02-02 09:40:58   |   2973

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

འཕེལ་རྒྱས་འདུ་ཤེས་གསར་པའི་ནང་དོན་ནི་ཅི་ཞིག་ཡིན་ནམ།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་རྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན།གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ་དང་།མཐུན་སྦྱོར་ནི་རྒྱུན་མཐུན་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་དང་།ལྗང་མདོག་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མཚོན་ཚུལ་གལ་ཆེན་ཡིན་པ་དང་།སྒོ་དབྱེ་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་ལྡོག་མེད་ལམ་བུ་ཡིན་པ་དང་།མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་བཅས་རེད།གསར་གཏོད་དང་།མཐུན་སྦྱོར་དང་།ལྗང་མདོག་དང་།སྒོ་འབྱེད་དང་།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ནི་ཕན་ཚུན་འབྲེལ་མཐུན་དང་ཕན་ཚུན་སྐུལ་འདེད་བྱེད་པ་ཞིག་ཡིན་པས།ནང་གནས་ཀྱི་འབྲེལ་བ་ལྡན་པའི་ཚོགས་སྤྱི་ཞིག་ཡིན་པས།གཅིག་གྱུར་ངང་ལག་བསྟར་བྱས་ནས་དེ་མཐུན་སྦྱོར་ངང་ནུས་ཤུགས་འདོན་པ་དང་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་།ཡང་དག་པ།ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པར་མ་ལག་གི་འདུ་ཤེས་ངེས་པར་དུ་མཐའ་འཁྱོངས་དང་།སྤྱི་ཡོངས་དང་ནང་གནས་ཀྱི་འབྲེལ་བའི་ཁྲོད་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁོང་དུ་ཆུད་པ།རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་།ཁྱོན་ཡོངས་ཀྱི་རང་བཞིན་གྱི་འཆར་འགོད།འཐབ་ཇུས་རང་བཞིན་གྱི་བཀད་སྒྲིག  ཁྱོན་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་བྱས་ནས།ལག་བསྟར་དོན་འཁྱོལ་གྱི་ཁྱོན་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་སྐུལ་འདེད་དང་ཤུགས་སྣོན་བྱས་ཏེ།རང་རྒྱལ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་།གཏོང་བ་བཅས་བྱས་ཏེ་ཉིན་བཞིན་ཛ་དྲག་གི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་འཛིན་སྟངས་དང་འབྱུང་འགྱུར་ཐོབ་པ་བྱེད་དགོས།


མཉམ་སྤྱོད།