དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གཞུང་བྱ་བའི་སྙན་ཞུ་ནང་གི་ཐ་སྙད་འགྲེལ་བཤད།

2024-02-02 16:27:12   |   2546

རྩོམ་སྒྲིག   སངས་དོན།       བཤེར་འབེབས།   རིན་ཆེན་ཚེ་རིང་།


微信图片_20240202161321.jpg

1.“243”གྱི་འཕེལ་རྒྱས་ཀྱི་བཀོད་པ། “2”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་བསྟར་བའི་མཐོ་ས་གཏོད་པ་ཡིན། “4”ནི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་གྱི་དཔེ་སྟོན་ཁུལ། ནུས་ཁུངས་གཙང་མ་ཐོན་སྐྱེད་ཀྱི་བེད་སྤྱོད་སྐུལ་འདེད་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཁུལ་བཅས་གཏོད་པ། “3”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་བཅས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་སླེབས་རྒྱུ།

2.མཚོ་བྱང་ལྔ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི་མཚོ་བྱང་གསར་བ།

3.སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་ལས་གཞི། ལོ་གཅིག་གི་ནང་རྨང་གཞི་བཙུགས་ནས་ཐོག་དང་པོར་འཁོར་སྐྱོད་བྱེད་པ་དང་། ལོ་གཉིས་པར་ལེགས་སྒྱུར་བྱས་ནས་སྤྱི་ཡོངས་ལེགས་སུ་གཏོང་བ། ལོ་གསུམ་པར་ཚད་གཞིར་ཐོན་ནས་ཐོན་སྐྱེད་བྱེད་པའི་འཛུགས་སྐྲུན་གྱི་བསམ་ཕྱོགས་ཏེ། རྫོང་རེར་ཉུང་མཐར་ཡང་གཟན་ཆས་བཟོ་གྲྭ་རེ་དང་། ཕྱུགས་ཟོག་གི་ཉོ་ཚོང་ཁྲོམ་ར་རེ། ཕྱུགས་ཟོག་གི་བཤས་ར་རེ། སྐྱེ་ལྡན་ལུད་རྫས་ཀྱི་ལས་སྣོན་བཟོ་གྲྭ་རེ། ནས་དང་ལོག་དཀར་གྱི་ལས་སྣོན་བཟོ་གྲྭ་རེ། ཀོ་དང་བལ་རྩིད་ཀྱི་ལས་སྣོན་བཟོ་གྲྭ་རེ། ཞིང་ཕྱུགས་ཀྱི་གསོ་སྤེལ་བཟང་པོའི་རྟེན་གཞི་རེ། འཁྱག་འབྲེལ་དངོས་རྒྱུག་གི་གསོག་ཉར་རྟེན་གཞི་རེ་བཅས་ཡིན།

4.“5+8+N”ཞིང་ཕྱུགས་ཐོན་ལས་ཀྱི་མ་ལག “5”ནི་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་བཅས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔ་དང་། “8”ནི་སྐམས་དང་ཤ་གཟན།  སྦྲང་རྩི། ཤ་མོ་སེར་པོ། ཆུ་འཁྱག་ཉ། ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད། “N”ནི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྩྭ་དང་། རྩྭ་ཕག  རྩྭ་ཐང་གི་སྐྱེ་ཁམས་ཁྱིམ་བྱ་སོགས་ཀྱི་ཐོན་ལས་མང་པོར་ཟེར། 

5.ཐོན་རྫས་གསུམ་དང་མཚོན་རྟགས་གཅིག བདེ་འཇགས་ཚད་གཞིའི་ནང་གི་ཞིང་ལས་ཐོན་རྫས་དང་ལྗང་མདོག་ཟས་རིགས། སྐྱེ་ལྡན་ཞིང་ལས་ཐོན་རྫས་བཅས་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས།

6. མཛོད་གཅིག་མཉམ་སྡེབ། གཅིག་གྱུར་གྱིས་མཛོད་ཉར་དང་། དབྱེ་བཀར། སྐྱེལ་འདྲེན། སྡེབ་སྐྱེལ། དོ་དམ་བཅས་བྱེད་པའི་མཛོད་ཉར་དང་སྡེབ་སྐྱེལ་གཞི་གཅིག་ཡིན་པའི་རྣམ་པ།

7.ལྔ་སྐྱོད། སྒོ་རྩིས་ཚོང་ཁང་དུ་སྐྱོད་པ་དང་། གནས་སྐོར་ཕྱོགས་བསྡུས་སྒྲིག་གཞིར་སྐྱོད་པ། ཀྲུང་དབྱང་གི་ཁེ་ལས་སུ་སྐྱོད་པ། རོགས་སྐྲུན་ས་ཁུལ་དུ་སྐྱོད་པ། ཟ་ཁང་དུ་སྐྱོད་པ་བཅས་ཡིན།

8.གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ“1+10”ལས།  “1”ནི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ། “10” ནི་ཁེ་ལས་ལ་རོགས་སྐྱོར་གྱི་དཔྱིད་རླུང་བྱ་འགུལ་དང་། སྲིད་ཇུས་སྦྲེལ་མཐུད་ཀྱི་བརྩོན་ལེན་བྱ་འགུལ། མ་འཇོག་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་འགུལ། འཛད་སྤྱོད་སླར་གསོ་དང་མཐོར་འདེགས་བྱ་འགུལ། བཟོ་ལས་རྒྱ་སྐྱེད་དང་ཐོན་འཕར་བྱ་འགུལ། ཚོང་འགུག་མ་འདྲེན་གྱི་ཕན་འབྲས་ཆེར་གཏོང་གི་བྱ་འགུལ། དེང་རབས་ཞིང་ཕྱུགས་ཀྱི་སྤུས་འདེགས་བྱ་འགུལ། ཚན་རྩལ་གསར་གཏོད་ཀྱི་ནུས་འདོན་བྱ་འགུལ། ལས་ཞུགས་ལས་གཏོད་ཀྱི་སྤུས་འདེགས་དང་ཕན་འབྲས་འཕར་བའི་བྱ་འགུལ། རིག་གནས་གནས་སྐོར་གྱི་རིམ་འཕར་ཆེད་དོན་བྱ་འགུལ་བཅས་ཡིན།

9.ཆུ་བརྟེན་གཏན་ཁེལ་བཞི། ཆུ་ལ་བརྟེན་ནས་གྲོང་ཁྱེར་གྱི་ཆུ་བཀོལ་ཚད་གཏན་ཁེལ་བྱེད་པ། ཆུ་ལ་བརྟེན་ནས་ས་ཞིང་གི་ཆུ་བཀོལ་ཚད་གཏན་ཁེལ་བྱེད་པ། ཆུ་ལ་བརྟེན་ནས་མིའི་ཆུ་བཀོལ་ཚད་གཏན་ཁེལ། ཆུ་ལ་བརྟེན་ནས་ཐོན་ལས་ཀྱི་ཆུ་བཀོལ་ཚད་གཏན་ཁེལ་བྱེད་པ་བཅས་ཡིན།

10.རིམ་གསུམ་རིགས་གསུམ། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར(རྫོང)བཅས་ཀྱི་རིམ་པ་གསུམ་གྱི་འཆར་འགོད། སྤྱི་ཡོངས་དང་ཆེད་དོན། ས་ཁོངས་བཅས་ཀྱི་འཆར་འགོད་རིགས་གསུམ།

11.བར་སྟོང་གསུམ་དང་མཐའ་ཐིག་གསུམ། མཁར་གྲོང་དང་ཞིང་ལས། སྐྱེ་ཁམས་བཅས་ཀྱི་བར་སྟོང་རིགས་གསུམ་ལ་གཞིགས་ནས། སོ་སོར་མཁར་གྲོང་གསར་སྤེལ་མཐའ་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ས་སྲུང་སྐྱོང་གི་མཐའ་ཐིག སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཐིག་བཅས་ཡིན།

12.ལས་ཞུགས་ལྟ་སྦྱོང་གི“བརྒྱ་དང་བཅུའི”ལས་གྲྭ། ལོ་ལྟར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི30ཡས་མས་གནས་ཚུལ་ལ་གཞིགས་ནས་འཛུགས་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བརྒྱ་ཙམ་གྱི་ལྟ་སྦྱོང་བཀོད་སྒྲིག་བྱེད་པ།

13.གཅིག་གྱུར་བདུན། སྲིད་འཛིན་དང་མི་སྣ། ནོར་དོན། བྱས་འབྲས། བྱེད་སྒོ། སྨན་ཆས། ཆ་འཕྲིན་བཅས་གཅིག་གྱུར་དོ་དམ་བྱེད་པ།

14.རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཡོད་པ། མ་གལ་བདལ་མྱུར་བགྲོད་གཞུང་ལམ་གྱི་རྟ་ཐང་ནས་སེམས་ཉིད་བར་གྱི་དུམ་བུ་དང་། བར་མདོ་ནས་འཇུ་ལག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཇུ་ལག་ཁིས་ཐུར་ནས་མཁར་དམར་བར་གྱི་མྱུར་བགྲོད་གཞུང་ལམ་འཇུ་ལག་དང་མདོ་ལ་རྫོང་གཉིས་བར་ལ་ཤར་གཏོང་ཐུབ་པ། ནུབ་མཚོ་ནས་རྐང་ཚ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྐང་ཚ་ནས་ཝ་མགྱོགས་བར་གྱི་དུམ་བུ་དེ་རྐང་ཚ་དང་མདའ་བཞི་རྫོང་གཉིས་སུ་ཤར་གཏོང་ཐུབ་ཡོད།

15. “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ། “1”ནི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཅིག་གིས་ཡུལ་ཚོ་གྲོང་རྡལ་གཅིག་ལ་འགན་གཙང་ལེན་བྱེད་པ་དང་། “10”ནི་གཞི་རིམ་ཏང་གི་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་། བསམ་པའི་དཔལ་ཡོན། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། གྲོང་གསེབ་དར་སྤེལ། བཅོས་སྒྱུར་གཏིང་ཟབ། བདེ་འཇགས་ཐོན་སྐྱེད་བཅས་ཕྱོགས10ལ་དམིགས་ནས། ཡུལ་ཚོ་དང་གྲོང་རྡལ་མངའ་ཁོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་སྣེ་སྦྲེལ་ཞབས་ཞུ་བྱ་ཡུལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་གི་ལས་འགན་ལ་གནད་ཁེལ་འགན་གཙང་ལེན་གྱི་མཛུབ་སྟོན་བྱེད་པ་དང་། དུས་བཅད་ལྟར་མཛུབ་སྟོན་བྱས་ནས་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་སྣེ་སྦྲེལ་རོགས་སྐྱོར་སྤེལ་བ་དང་། མགོ་ཁྲིད་ལས་བྱེད་པས་མང་ཚོགས་ལ་སྣེ་སྦྲེལ་རོགས་སྐྱོར་བྱེད་པའི་ལག་ལེན་ཁྲོད་སྔོན་ཐོན་མིག་དཔེའི་ནུས་པ་བཏོན་དེ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ལས་ཁུངས་ཀྱི་ལས་བྱེད་པས་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར“ཆད་ལྷག་མེད་པ”དང“ཁྱོན་ཡོངས་ལ་ཁྱབ་པ”མངོན་འགྱུར་བྱེད་པར་ཟེར།

16.“4+1+N” ལས། “4”ནི་ཁུལ་གྱི་ཚན་ཁག་ཆེན་པོ་བཞིས་རྫོང་བཞི་བོར་ཁ་གཏད་འགན་གཙང་ལེན་བྱེད་པ། “1”ནི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་རེ་རེས་ཡུལ་ཚོ་གྲོང་རྡལ་རེར་འགན་གཙང་ལེན་བྱེད་པ། “N”ནི་ཁུལ་རིམ་པའི་སྡེ་ཁག་རེ་རེས་སོ་སོར་གྲོང་ཚོ་རེ་ལ་སྣེ་སྦྲེལ་འགན་གཙང་ལེན་བྱེད་པ།

17.2411ལས། “2”ནི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་གྱི《ལག་བསྟར་ཇུས་གཞི》སྒྲིག་བཟོ་བྱེད་པ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལས་སྟེགས་བཙུགས་ནས་འཐུས་ཚང་དུ་གཏོང་བ། “4”ནི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ངོས་ལེན་གྱི་གོ་རིམ4ཁ་གསལ་བཟོ་རྒྱུ། “1”སྔ་མ་ནི་སྔོན་བརྡའི་ལམ་སྲོལ་ཆ་ཚང1འཐུས་ཚང་དུ་གཏོང་བ། “1”རྗེས་མ་ནི་དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ཆ་ཚང1འཐུས་ཚང་དུ་གཏོང་བ།

18.“གཅིག་ཅན་བརྒྱད”ཀྱི་ཡུལ་སྲོལ་དཔལ་ཡོན་སྐྱེད་སྲིང་གི་བྱ་འགུལ། གྲོང་སྲོལ་དམངས་ཆིངས་ལ“ཕྱིར་མིག་ལྟ་བའི”བྱེད་སྒོ་ཐེངས་གཅིག་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། བརྩེ་སེམས་སྐར་བསགས་ཀྱི་སྒོ་རྩིས་ཚོང་ཁང་ཁག་གཅིག་འཛུགས་པ། གྲོང་ཚོ་རིམ་པའི་ལས་དོན་གྱི་གསལ་ཐོ་ཁག་གཅིག་ལེགས་སྒྲིག་བྱས་ནས་གཏན་འབེབས་བྱེད་པ། གཉེན་སྲོལ་རིག་གནས་ཀྱི་བྱེད་སྒོ་ཐེངས་གཅིག་སྒྲིག་འཛུགས་བྱེད་པ། པུར་ལས་ཁྱབ་ཁོངས་ཀྱི་ཆེད་དོན་རང་བཤེར་ཐེངས་གཅིག་བྱེད་པ། གྲོང་ཚོ་རིམ་པའི་རང་སྐྱོང་ལྟ་སྐུལ་གྱི་ཞབས་ཞུའི་དཔུང་སྡེ་ཁག་ཅིག་སྒྲིག་པ། “གྲོང་ཚོའི་གོམས་སྲོལ་བཅོས་སྒྱུར་གྱི་བརྗོད་དོན་དྲིལ་སྒྲོག་ཟླ་བའི”བྱེད་སྒོ་ཐེངས་གཅིག་སྤེལ་བ། དཀའ་ཁེག་ཅན་གྱི་མང་ཚོགས་ལ་བརྩེ་སེམས་སྐྱེལ་བའི་ཞབས་ཞུ་ཐེངས་གཅིག་སྒྲུབ་པ།

19.གཅིག་ཅན་བཅུ་གསུམ། དྲིལ་སྒྲོག་དཔུང་ཁག་སྐོར་ཞིག་འཛུགས་པ་དང་། དྲིལ་སྒྲོག་སློབ་གསོའི་ཀློག་དེབ་ཆ་ཚང་ཞིག་སྒྲིག་ནས་དཔར་བ། ཏང་གི་གསུང་རབ་ཚད་ལྡན་ཡིག་ཆའི་བོད་ཡིག་སྒྱུར་དེབ་ཅིག་རྩོམ་སྒྱུར་བྱེད་པ། དྲིལ་སྒྲོག་བརྙན་ཐུང་སྐོར་ཞིག་བཟོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་གླུ་དབྱངས་ཤིག་རྩོམ་པ། རིག་རྩལ་ལེ་ཚན་ཞིག་སྒྲིག་པ། གསར་འགྱུར་སྨྱན་སྦྱོར་གྱི་ལམ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་ཆེད་སྒྲིག་ལེ་ཚན་ཞིག་བཟོ་བ། མཐོང་ཚོར་སྣང་བརྙན་གྱི་མཚོན་རྟགས་སྐོར་ཞིག་གཏོད་པ།    བརྗོད་དོན་དྲིལ་སྒྲོག་བྱང་བུ་སྐོར་ཞིག་བཟོ་བ(དྲིལ་སྒྲོག་དྲ་མིག རིག་གནས་གྱང་ངོས)། སློབ་གྲྭའི་ཀློག་དེབ་ཆ་ཚང་ཞིག་རྩོམ་སྒྲིག་འགྲེམ་སྤེལ་བྱེད་པ།    བརྗོད་དོན་ཆེད་དོན་བཅར་འདྲི་སྐོར་ཞིག་བྱེད་པ།    སློབ་སྦྱོང་སློབ་གསོའི་དཔེ་དེབ་སྐོར་ཞིག་ཉོ་བ།    སྔོན་ཐོན་དཔེ་བཟང་སྐོར་ཞིག་འདེམས་་པ་བཅས་ཡིན།

20.སྐྱོད་པ་བཅུ་གཉིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་དེ་ལས་ཁུངས་དང་ཁེ་ལས། སྡེ་ཁུལ། སློབ་གྲྭ། གྲོང་གསེབ། དམག་སྒར། དགོན་སྡེ། མཛེས་ལྗོངས་ཁུལ། རྒྱལ་ཁབ་སྤྱི་གླིང་། ཁྲོམ་ར། དྲ་རྒྱ། ཁྱིམ་ཚང་བཅས་སུ་སྐྱོད་པ། 

21.བཅུ་བརྒྱ་སྟོང་། ཁུལ་དང་རྫོང་གིས་ཤར་དབུས་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་། ཀྲུང་དབྱང་ཁེ་ལས་བཅས་དང་ཕྱོགས་གཉིས་ཀྱི་མཉམ་འགུལ་སྤེལ་རེས་ཀྱི་བྱ་བའི་ལམ་སྲོལ10ཡན་འཛུགས་པ། ཁུལ་དང་རྫོང་གིས་ཞིང་ཆེན་ཕྱིའི་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ(སློབ་གྲྭ་དང་སྨན་ཁང་ཚུད་པ)ཕན་ཚུན་བར་སྣེ་སྦྲེལ་གྱི་རོགས་པ100ཡན་སྒྲིག་པ། ཁུལ་དང་རྫོང་གི་ཞིང་ཆེན་ཕྱིའི་ཕྱོགས་གཉིས་ཀྱི་སྤེལ་རེས་བྱེད་སྒོར་ཞུགས་མཁན་མི་ཐེངས5000ཡན་ཟིན་པ།

22.སྐུལ་སློང་ལྔའི་བྱེད་ཐབས། དགོན་སྡེའི་དོ་དམ་ཁྲོད“བསམ་བློའི་སྐུལ་སློང་དང་ལམ་ལུགས་ཀྱི་སྐུལ་སློང་། དོ་དམ་གྱི་སྐུལ་སློང་། འཐབ་ས་དང་པོར་སྐུལ་སློང་། སྤྱོད་ཚུལ་ལ་སྐུལ་སློང”བཅས་ཀྱི་བྱ་བའི་བྱེད་ཐབས།

23.ཕྱོགས་གསུམ་གཞི་གཅིག ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། ཆོས་ལུགས་དགོན་སྡེའི་སྤྱི་ཚོགས་ཀྱི་དོ་དམ། དགོན་སྡེའི་ནང་ཁུལ་གྱི་དམངས་གཙོའི་དོ་དམ་བཅས་མཉམ་དུ་སྐུལ་འདེད་གཏོང་བ།

24.བདེ་འཇགས་འཛུགས་སྐྱོང་གི“གཅིག་ཅན་བཅུའི”བླང་བྱ། བཀོད་འདོམས་བྱེད་མཁན་གཅིག་གཏན་ཁེལ་དང་། སྤྱིའི་སྐུལ་སློང་ཐེངས་གཅིག་སྤེལ་བ། འགག་རྩའི་དམག་འཐབ་ཐེངས་གཅིག་ལ་རྒྱལ་ཁ་ལེན་པ། ལས་སྟེགས་ཆེན་པོ་ཞིག་བསྐྲུན་པ། མང་ཚོགས་ཀྱིས་སྔོན་འགོག་བྱེད་པའི་དྲ་བ་གཅིག་བསྐྲུན་པ། ཆེད་དོན་བྱ་སྤྱོད་ཁག་གཅིག་བཀོད་སྒྲིག་བྱེད་པ། རེས་སྐོར་གཅིག་གི་གྲལ་བཤེར་ཆེན་པོ་དང་འགལ་སེལ་ཆེན་པོ་ཞིག་སྤེལ་བ། ཕྱིར་མིག་ལྟ་བའི་བྱེད་སྒོ་ཐེངས་གཅིག་སྒྲིག་འཛུགས་བྱེད་པ། རེས་སྐོར་གཅིག་གི་ལྟ་སྐུལ་ཞིབ་བཤེར་སྤེལ་བ། གཙོ་ཤུགས་དཔུང་སྡེ་ཁག་ཅིག་འཛུགས་པ་བཅས་ཡིན།

25.འདུམ་གཅོད་བྱེད་ཐབས་ཆུང་གྲས་དྲུག “མངོན་མེད་རྐྱེན་ཆུང་གྲལ་བཤེར་དང་། རྩོད་གཞི་ཆུང་བ་འདུམ་འགྲིག ཁོར་ཡུག་ཆུང་བ་ལེགས་སུ་གཏོང་བ། གནད་དོན་ཆུང་བ་ཐག་གཅོད་བྱེད་པ། གྱོད་གཞི་ཆུང་བ་སྒྲུབ་པ། དགོས་མཁོ་ཆུང་བ་སྐོང་བ”བཅས་ཀྱི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། “དོན་དག་ཆུང་བར”བརྟེན་ནས་དམངས་འཚོ་ཆེན་པོ་ཐག་གཅོད་བྱེད་པ།

26.ཐོན་རྫས་གསུམ་དང་དམིགས་བསལ་སྒྲིག་ཆས་གཅིག བཟའ་བཅའ་དང་སྨན་རྫས། གཙོ་གནད་བཟོ་ལས་ཐོན་རྫས་དང་འཛད་སྤྱོད་དངོས་རྫས། དམིགས་བསལ་སྒྲིག་ཆས་བཅས་ཡིན།

27.“710”གི་ལམ་ལུགས། སྲིད་དོན་ལས་ཀའི་ཁྲོད་སྤྱིར་བཏང་གི་དོན་ཚན་ཉིན་བདུན་གྱི་ནང་དུ་ངེས་པར་དུ་ཐག་གཅོད་དང་། རྙོག་འཛིང་ཆེ་བའི་དོན་ཚན་ཟླ་གཅིག་གི་ནང་དུ་འབྲས་བུ་མངོན་པ། ལོ་འགོར་གཏན་འཁེལ་བྱས་པའི་དོན་ཚན་ཚང་མ་ལོ་མཇུག་ཏུ་འགྲུབ་དགོས་པ།

28.ལམ་ལུགས་ཁག་གསུམ། སྲིད་འཛིན་ཁྲིམས་བསྟར་ཡོངས་བསྒྲགས་ལམ་ལུགས་དང་། སྲིད་འཛིན་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས། ཁྲིམས་བསྟར་ཐག་གཅོད་གལ་ཆེན་ལ་ཁྲིམས་ལུགས་ཞིབ་བཤེར་བྱེད་པའི་ལམ་ལུགས།

29.མདུན་གྲལ་དུ་སྐྱོད་པ་གསུམ། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ས་ཁུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་གཞག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་ལ་སྐུལ་འདེད་བྱེད་པ།

30.ས་ཁུལ་གསུམ་དང་ཚོང་སྒྲོམ་བརྒྱ། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་མཛོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་བཀོལ་སྤྱོད་བྱས་ཆོག་པའི་དབང་ཆ་ཐོབ་རྗེས། པེ་ཅིང་དང་ཧོ་པེ། ཧྲན་ཏུང་དང་འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ས་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་དུ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཤམ་འཚོང་ཁང་དང་། ཉམས་ལེན་ཁང་། ཆེད་གཉེར་ཚོང་ཁང་། རྒྱུད་འབྲེལ་ཚོང་ཁང་། ཆེད་སྒྲོམ་སོགས་ཚོང་གཉེར་ས་གནས100གསར་དུ་བསྐྲུན་པ།

31.སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གྲྭ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་ལས་གྲྭའི་རྨང་གཞིའི་ཐོག“རྫོང་རེར་ཉུང་མཐར་ཡང་འབྲི་གཡག་དང་བོད་ལུག་ཁྲི་སྟོང་གི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི”གཅིག་འཛུགས་སྐྲུན་བྱེད་པའི་ནང་དོན་ཁ་སྣོན་བྱས་ཡོད།

32.“ལྟེ་བ་གཅིག་དང་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་བཀོད་པ། ལྟེ་བ་གཅིག་ནི་ཟི་ལིང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་ལྟེ་གནས་གྲོང་ཁྱེར་གྱི་གནས་སྐོར་འདུ་འགྲེམ་ལྟེ་གནས་དང་། རིག་གནས་གནས་སྐོར་འཛད་སྤྱོད་ལྟེ་གནས། སྐྱེ་ཁམས་གནས་སྐོར་ཐོན་ལས་ལྟེ་གནས། རིག་གནས་འགྲེམས་སྟོན་ལྟེ་གནས་སོགས་ལྟེ་བ་བཞི་ཡི་བྱེད་ནུས་མཐོ་རུ་གཏོང་བ། “སྐོར་གཅིག”ནི་མཚོ་སྔོན་པོའི་སྐྱེ་ཁམས་གནས་སྐོར་ལྟེ་བའི་ཁུལ་དང་། མདོ་ལ་རིང་མོའི་མཛེས་ལྗོངས་སྐྱེ་ཁམས་གནས་སྐོར་དུམ་ཚན། ནུབ་མཚོའི་མཛེས་ལྗོངས་སྐྱེ་ཁམས་གནས་སྐོར་དུམ་ཚན། རྨ་ཆུའི་མཛེས་ལྗོངས་སྐྱེ་ཁམས་གནས་སྐོར་དུམ་ཚན་སོགས“དཀྱིལ་སྙིང་གཅིག་དང་དུམ་ཚན་གསུམ”་ལས་གྲུབ་པའི་མཚོ་སྐོར་རྒྱལ་སྤྱིའི་སྤུས་ལེགས་སྐྱེ་ཁམས་གནས་སྐོར་བསྐྲུན་པ། “རྒྱུད་མང་”ནི“མཐོང་རྒྱ་ཡངས་པའི་གཙང་བོ”དང་། “ནུབ་ཀྱི་ཁུ་ནུ་ལས་བུད་པ” “བྱང་གྱི་མདོ་ལར་སྐྱོད་པ” “ཉམས་འགྱུར་གྱིས་ཕྱུག་པའི་རྨ་ཆུ་དང་ཙོང་ཆུ” “ཐང་བོད་གནའ་ལམ”བཅས་ཁྱད་ལྡན་སྤུས་ལེགས་ཀྱི་སྐྱེ་ཁམས་གནས་སྐོར་ཁུལ་ལྔ་བཅས་གཏོད་རྒྱུ།

33.“123”Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་ལས་གྲྭ། “ལྔ་བཅུ་བཞིའི”དུས་མཇུག་ཏུ་སླེབས་སྐབས་རྐང་ཚ་དང་འཇུ་ལག་གི་མཛེས་ལྗོངས་ཁུལ་གཅིག་ཞིང་ཆེན་ཡོངས་ཀྱི་རིམ་པ5A གཏོད་པའི་མཚན་བྱང་ནང་དུ་འཇུག་པ། རྫོང་ཁག་གིས་རིམ་པ4Aདང་རིམ་པ3Aཡི་གནས་སྐོར་མཛེས་ལྗོངས་ཁུལ་གཉིས་སོ་སོར་གསར་སྐྲུན་བྱེད་པ།

34.བཙན་ས་གཅིག་དང་སྤྱི་གླིང་གཉིས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གསར་གཏོད་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

35.ཐཱན་རྩེར་སོན་གྱི་བྱ་འགུལ་ཆེན་པོ་བཅུ། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་དུ་སྒྱུར་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་ཕན་འབྲས་ཆེར་གཏོང་། བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན། མཁར་གྲོང་འཛུགས་སྐྲུན་གྱི་ཐཱན་རྩེར་སོན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྗང་མདོག་ཐཱན་ཉུང་། འཁོར་རྒྱུག་དཔལ་འབྱོར་གྱིས་ཐཱན་ཇེ་ཉུང་དུ་གཏོང་བར་རམ་འདེགས་བྱེད་པ། ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་གསར་གཏོད། ཐཱན་འདུས་ནུས་པ་སྲ་བརྟན་དང་མཐོར་གཏོང་། ལྗང་མདོག་ཐཱན་ཉུང་དམངས་ཡོངས་ལ་ཁྱབ་པ། སྐས་རིམ་གྱི་གོ་རིམ་ལྡན་པའི་ཐཱན་རྩེར་སོན་གྱི་བྱ་འགུལ་ཆེན་པོ་བཅུ། 

36.“མཐོ་གཉིས་དམའ་གཅིག”གི་རྣམ་གྲངས། མཐོ་གཉིས་ནི་ནུས་ཁུངས་ཟད་གྲོན་མཐོ་བ་དང་སྦགས་བཙོག་ཕྱིར་འབུད་བྱེད་ཚད་མཐོ་བ་གཉིས་ཡིན། དམའ་གཅིག་ཆུ་ཚད་དམའ་བའི་རྣམ་གྲངས་ལ་གོ

37.ཆུ་བོ་གསུམ་དང་མཚོ་གཅིག གཙོང་བོ་གསུམ་ནི་ཙོང་ཆུ་དང་རྟ་ཐང་ཆུ་བོ། བར་དམ་ཆུ་བོ་བཅས་དང་། མཚོ་གཅིག་ནི་མཚོ་སྔོན་པོར་གོ

38.གཙང་བོ་དང་མཚེའུ་ཡི་“གང་བྱུང་བཞི་གཙང་སེལ”བྱེད་པ། གཙང་བོ་དང་མཚེའུ་ཡི་དོ་དམ་ཁྲོད་གང་བྱུང་དུ་བདག་བཟུང་དང་། གང་བྱུང་དུ་སྔོག་འདོན། གང་བྱུང་དུ་སྤུངས་པ། གང་བྱུང་དུ་བསྐྲུན་པ་བཅས་ཀྱི་གནད་དོན་གཙང་བཤེར།

39.གནད་སྨིན་ལྔ། གནད་དོན་གནད་སྨིན་དང་། དུས་ཚོད་གནད་སྨིན། ས་ཁོངས་གནད་སྨིན། བྱ་ཡུལ་གནད་སྨིན། བྱེད་ཐབས་གནད་སྨིན་བཅས་ཡིན།

40.ལམ་སྲོལ་ལྔ། རིས་འགེལ་གཡུལ་འཐབ། ལྟ་སྐུལ་མཛུབ་སྐུལ། ཕྱོགས་གཉིས་མཉམ་སྐུལ། གཏོང་སྤྲོད་བཀོད་སྒྲིག  ལོ་འཁོར་གྱི་བྱ་དགའ་དང་ཆད་པ་བཅས་ཀྱི་ལམ་སྲོལ་ལྔ་ཡིན།

41.གསར་བ་གཉིས་དང་གལ་ཆེན་གཅིག  རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་དང་མཁར་གྲོང་ཅན་གསར་པ་འཛུགས་སྐྲུན། ལས་གྲྭ་གལ་ཆེན་འཛུགས་སྐྲུན།

42.འགན་ལེན་གསུམ། གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཕོགས་ལ་འགན་ལེན། འཁོར་སྐྱོད་འགྲོ་གྲོན་ལ་འགན་ལེན་བྱེད་པ།

43.འཚམ་བཞིའི་མཁར་གྲོང་། འཚོ་སྡོད་ལ་འཚམ་པ་དང་། ལས་གཉེར་ལ་འཚམ་པ། གནས་སྐོར་ལ་འཚམ་པ། གསོ་སྤེལ་ལ་འཚམ་པ།

44.ལས་གྲྭ་ཆེན་པོ་རྣམ་གསུམ། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ལས་གྲྭ་དང་། “རྒྱུན་ལྡན་དང་མྱུར་མཁོའི”སྤྱི་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལས་གྲྭ། གྲོང་ཁྱེར་ནང་གི་གྲོང་ཚོའི་སྒྱུར་བཀོད་ལས་གྲྭ།

45.མཛེས་པ་ལྔ་ལྡན་གྱི་གྲོང་གསེབ། ཁོར་ཡུག་མཛེས། འཚོ་བ་སྐྱིད། མི་ཆོས་ཡག འཆམ་མཐུན་ཡིན། འཛུགས་སྐྲུན་ལེགས་བཅས་ཀྱི་གྲོང་ཚོ།

46.བྱ་འགུལ་ཆེན་པོ་བརྒྱད། འབྲུ་རིགས་བདེ་འཇགས་བརྟན་བརླིང་དང་མཁོ་སྤྲོད་འགན་ལེན་གྱི་བྱ་འགུལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བྱ་འགུལ། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་བྱ་འགུལ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་འགུལ། གྲོང་གསེབ་བཅོས་སྐྱོང་གི་བྱ་འགུལ། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་གི་བྱ་འགུལ། ཚན་རྩལ་འདེགས་སྐྱོར་གྱི་བྱ་འགུལ། སྒྱུར་བཅོས་གསར་གཏོད་ཀྱི་བྱ་འགུལ། 

47.ལས་གྲྭ་ཁྲི་སྟོང་། 2003ལོའི་ཟླ6པར། སྐབས་དེར་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་སྐུལ་སློང་དང་གཙོ་སྐྱོང་གནང་བའི་ཀྲེ་ཅང་ཞིང་ཆེན་ཡོངས་སུ་སྤེལ་འགོ་བརྩམས་པའི“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཡི་བཅོས་སྒྲིག་གི”ལས་གྲྭའི་བསྡུས་མིང་ཡིན་པ་དང་། ཀྲེ་ཅང་གི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་པ་དེ་གཞི་རིམ་གྱི་གྲོང་གསེབ་ཏུ་དངོས་སུ་ལག་ལེན་བྱས་པ་ཡིན། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་གཙོ་གནད་དུ་བཟུང་ཞིང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞིང་པའི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་བཅས་ལྟེ་བ་བྱས་པའི་གྲོང་ཚོ་འཛུགས་སྐྲུན་བཅོས་སྒྲིག་གི་བྱ་འགུལ་ཆེན་པོ་ཞིག་ཡིན།

48.གྲོང་ཚོའི“ཡོད་པ་རྣམ་བཅུའི”ལས་གྲྭ། གྲོང་ཚོ་ཚང་མར་ཕྱོགས་བསྡུས་གཞུང་ལས་ཞབས་ཞུ་ལྟེ་གནས་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས། བྱེད་ནུས་སྣ་མང་ཁང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཁང་། དཔེ་དེབ་ལྟ་ཀློག་ཁང་། བརྩེ་སེམས་ཟ་ཁང་། གྲོང་ཚོར་སྡོད་པའི་ལས་དོན་རུ་ཁག་གི་ཉལ་ཁང་། བརྩེ་སེམས་སྐར་བསགས་སྒོ་རྩིས་ཚོང་ཁང་། རིག་གནས་ཐང་ཆེན་བཅས་ཡོད་པ།

49.མཉམ་འདྲེས་ཆེན་པོ་དྲུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་སྟོང་དང་། ཐོན་ལས། རྒྱུ་རྐྱེན། བཅོས་སྐྱོང་། རིག་གནས། སྐྱེ་ཁམས་བཅས་ཕན་ཚུན་མཉམ་འདྲེས་བྱེད་པ།

50.“12+N”གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ། “12”ནི་ལོ་ལྟར་རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ12ལེགས་པོར་སྤེལ་བ། “N”ནི་ཁུལ་དང་རྫོང་གིས་དོན་དངོས་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། རང་འགུལ་ངང་སྐོར་ཐེངས་མང་པོ་དང་། ཁྱབ་ཁོངས་མང་པོ། རྣམ་པ་སྣ་ཚོགས་བཅས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ།

51.ལྔ་སྐྱོང་མཉམ་སྤེལ། སློབ་མའི་ཀུན་སྤྱོད་སློབ་གསོ་དང་ཤེས་རིག་སློབ་གསོ།  ལུས་རྩལ་སློབ་གསོ། མཛེས་དཔྱོད་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ།

52.ལྟེ་གནས་ཆེན་པོ་ལྔ། བྲང་གཟེར་ལྟེ་གནས་དང་། གཟའ་གྲིབ་ལྟེ་གནས། རྨས་སྐྱོན་ལྟེ་གནས། ཉེན་ཁ་ཆེ་བའི་སྦྲུམ་མའི་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་ཕྲུ་གུའི་སྐྱོབ་བཅོས་ལྟེ་གནས།

53.སྨན་གསུམ། སྨན་བཅོས་འགན་སྲུང་དང་། སྨན་རྫས། སྨན་བཅོས།

54.མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཚོ་སྔོན་གྱི་བྱ་འགུལ་བཅུ་དང་མཚོ་བྱང་གི་བྱེད་ཐབས་བཅོ་བརྒྱད། མཚོ་སྔོན་གྱི་བྱ་འགུལ་བཅུ་ནི། གཞི་རིམ་རྩ་འཛུགས་ཀྱི“སྣེ་ཁྲིད་པའི”ནུས་པ་ཆེ་རུ་སྐྱེད་ནས“རྨང་གཞི་བརྟན་པོར་གཏོང་བ།” མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འབྲེལ་འདྲིས་ཀྱི“མྱུ་གུ་གསོ་སྐྱོང་བྱེད་པ།” མི་རིགས་ཁག་གི་མང་ཚོགས་ཀྱི་ཕན་ཚུན་མཉམ་འདྲེས་དང“མཉམ་ཕྱུག”ལ་འཕེལ་རྒྱས་གཏོང་བ། དམངས་གཉེར་ཁེ་ལས་དང་རོང་འབྲོག་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི“བློ་གྲོས་འཕེལ་བར་བྱེད་པ”། ཆེད་ལས་ལག་རྩལ་མི་སྣ་དང་ལག་ཤེས་པའི“ནུས་པ་སྐྱེད་སྲིང་བྱེད་པ།” སྔོན་ཐོན་དཔེ་མཚོན་ཅན་གྱི་རྟོག་ཞིབ་ཁམས་གསོའི“གཟི་བརྗིད་ཆེ་རུ་སྐྱེད་པ།” རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱིས“སེམས་ཁམས་གསོ་བ།” ཆོས་ལུགས་ཕྱོགས་ཀྱི་མི་སྣའི་རྒྱལ་གཅེས་སློབ་གསོས“བློ་སེམས་སྒྲིལ་བ།” གནས་སྐོར་ཀྱིས་མི་རིགས་ཁག་གི་འབྲེལ་འདྲིས་མཉམ་འདྲེས་ལ་སྐུལ་འདེད་བྱེད་པར“ཟམ་པ་འཛུགས་པ།” གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་འཁོར་རྒྱུག་མི་འབོར་གྱི་ས་ཁོངས་བརྒལ་བའི་ཞབས་ཞུ་དོ་དམ་གྱི་བྱ་འགུལ་སྤེལ་བ། མཚོ་བྱང་གི་བྱེད་ཐབས་བཅོ་བརྒྱད་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་སློབ་སྦྱོང་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་གཉིས་མཉམ་འདྲེས་དང་དེ་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་བ། དྲིལ་སྒྲོག་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་བ། ཟོང་རྟགས་འཛུགས་སྐྱོང་ལ་བརྟེན་ནས་ལྟེ་བའི་ལས་དོན་ལ་རམས་འདེགས་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ཀྱི་འཐབ་རའི་འཛུགས་སྐྱོང་ལ་ཤུགས་སྣོན་པ། མི་རིགས་ཁག་གི་འབྲེལ་འདྲིས་མཉམ་འདྲེས་དང་། ཁྱོན་ཡོངས་ཀྱི་འབྲེལ་འདྲིས་དང་གཏིང་ཟབ་མཉམ་འདྲེས་ལ་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན”གྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+དམངས་འཚོའི་འཚོ་བ་ལེགས་བཅོས”ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+གྲོང་གསེབ་དར་སྤེལ”གྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+རིག་གནས་འཛུགས་སྐྱོང”གི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+མངའ་ཁོངས་ཧྲིལ་པོའི་གནས་སྐོར”གྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ། མི་རིགས་ལས་དོན་གྱི་བཅོས་སྐྱོང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཡིན།

55.5351ལས།  “5”ནི་སྐུལ་སློང་བཀོད་སྒྲིག་དང་རང་བཤེར་རང་བཅོས། ཕྱོགས་ཡོངས་ནས་དག་ཐེར། ལྟ་སྐུལ་ཞིབ་བཤེར། སྲ་བརྟན་མཐོར་གཏོང་བཅས་ཀྱི་དུས་མཚམས་ལྔའི་ལས་དོན་སྤེལ་བར་ཟེར། “3”ནི་གནད་དོན་གྱི་མངོན་མེད་རྐྱེན་ངན་དང་། དག་ཐེར་འགན་འཁྲི། དག་ཐེར་ཐོ་བསུབ་བཅས་ཀྱི་གསལ་ཐོ3གཏན་ཁེལ་བྱེད་པ། “51”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་དྲག་པོ་བཅོ་ལྔ་དེ་མཚོ་བྱང་ཁུལ་གྱི་ཞིབ་ཕྲའི་ལས་འགན་ཁག51ལ་ཞིབ་བཅོས་བྱས་པར་ཟེར།

56.“གྲོས་གཞི་དང་པོའི”ལམ་ལུགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་དང་། རྩོམ་ཡིག་གསར་ཤོས། ཉེ་ཆར་གྱི་མཛུབ་སྟོན། བླང་བྱ་གསར་ཤོས་སོགས་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་། གྲོས་གཞི་དང་པོར་བརྩི་བའི་ལམ་ལུགས་ཤིག་ཡིན།

57.“གཞི་རིམ་དུ་སྐྱོད་པ་བཞིའི་”ལམ་ལུགས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་རྒྱུ་དེ་གཞི་རིམ་དུ་སྐྱོད་པ། བརྟག་དཔྱད་ཞིབ་འཇུག་གཞི་རིམ་དུ་སྐྱོད་པ། འཕྲིན་བཅར་སྣེ་ལེན་བྱེད་རྒྱུ་གཞི་རིམ་དུ་སྐྱོད་པ། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་གཞི་རིམ་དུ་སྐྱོད་པ་བཅས་ཡིན།


མཉམ་སྤྱོད།