དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-04 07:55:18   |   2595


སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས2ཉིན་ཐེན་ཅིན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་དང་འཚམས་འདྲི་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་བྱས་ཏེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཡིག་གཉེར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུ་བ་ཡིན།

  • ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཐེངས12པའི “ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཚེས3ཉིན་ཡོངས་བསྒྲགས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི“ལམ་རིས”བཏོན་ཡོད།

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཕྱོགས་བསྡུས་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་གྲངས་གཞི་ལས་མངོན་པར། དཔྱིད་གསར་སྐྱེལ་འདྲེན་གོང་གི་ཉིན8རིང་མི་ཐེངས་དུང་ཕྱུར15.5ལས་བརྒལ་ནས་འགྲོ་སྐྱོད་བྱེད་པ་རེད།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོ་ནས2023ལོ་བར་ནོར་སྲིད་ཀྱི་ཚན་རྩལ་གཏོང་སྒོ་སྒོར་དུང་ཕྱུར8327ནས་སྒོར་དུང་ཕྱུར10567བར་འཕར་བ་དང་། ལོར་ཆ་སྙོམས6.4%འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ(བུ་བཙའི་འགན་བཅོལ་ཚུད་པ)ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར27110.66ཟིན་པ་དང་། གཏོང་སྒོ་སྡོམ་འབོར་སྒོར་དུང་ཕྱུར22043.12ཟིན་ནས་སྤྱི་ཡོངས་ནས་འཁོར་སྐྱོད་བརྟན་པོ་བྱུང་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་རྒྱལ་གྱིས་རིམ་རྩིས་བྱས་ན་འདམ་ར་སྲུང་སྐྱོང་རྣམ་གྲངས3400ལྷག་ཙམ་ལག་བསྟར་བྱས་ནས་འདམ་ར་སྤྱི་ཆིང་ཁྲི80ལྷག་ཙམ་གསར་སྣོན་དང་ཉམས་གསོ་བྱས་ཡོད།

图片2.png

  • ཚེས3ཉིན་གྱི་ཆུ་ཚོད7དང་སྐར་མ37སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཅི་ལིའི་སྐར་ཚོམ02ཀྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས།

图片3.png

  • ཚེས3ཉིན་གྱི་ཆུ་ཚོད11དང་སྐར་མ06སྟེང་། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཀོང་ཏུང་དབྱང་ཅང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། སྲུང་སྐརDRO-Lསོགས་སྲུང་སྐར9བདེ་བླག་ངང་འཕེན་གཏོང་བྱས།

  • ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས2ཉིན་གྱི་ས་སྲོད་དུ། ཨ་རིའི་དམག་དཔུང་གིས་སི་རི་ཡ་དང་དབྱི་རག་མངའ་ཁོངས་སུ་དབྱི་རན་གྱི་རྒྱབ་སྐྱོར་ཐོབ་པའི་དྲག་ཆས་རྩ་འཛུགས་ཀྱི་དམིགས་ཚད་ལ་མཁའ་རྒོལ་བྱེད་མགོ་ཚུགས་ཏེ། ཨ་རི་སྲིད་གཞུང་གིས་དེ་ནི་ཅོར་ཏན་དུ་བཅའ་སྡོད་ཨ་རིའི་དམག་མི་གསུམ་ལ་ཉིན་ཤས་གོང་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ནས་སྲོག་ཤོར་བའི་འཁོན་ལན་སློག་པ་ཞིག་ཡིན་ཞེས་བཤད།

སྤྱི་ཚོགས།

  • དབུས་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁངས་ཆར་བབས་ནས་དར་འཁྱགས་ཐུབ་པའི་གནམ་གཤིས་རྒྱུན་མཐུད་ངང་བྱུང་བ་དང། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས3ཉིན་གྱི་དགོང་མོ་ཁངས་ཆེན་གྱི་ལི་མདོག་གི་ཉེན་བརྡ་དང་དར་འཁྱགས་པའི་ལི་མདོག་གི་ཉེན་བརྡ་མུ་མཐུད་ཁྱབ་བསྒྲགས་བྱས་པ་རེད།

  • འཕྲལ་སྡོམ་དོ་དམ་པུས་ཚེས3ཉིན་གྱི་ཆུ་ཚོད10སྟེང་། ཧུའུ་པེ་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེIVརིམ་པའི་འཕྲལ་སྡོམ་དང་ལེན་རིམ་པIIIབར་མཐོ་རུ་བཏང་།

  • རྒྱལ་ཁབ་གནོད་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་ཧུའུ་པེ་དང་ཨན་ཧུའེ་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི4གཏོང་སྤྲོད་བྱས་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ཧྲིལ་པོར་རིན་མེད་ཁྲག་འབུལ་མི་ཐེངས་ཁྲི1699.2ཟིན་པ་དང་། ཁྲག་འབུལ་ཚད་ཚན་པ་ཁྲི2892.2ཟིན་པ། ཁྲག་འབུལ་མི་ཐེངས་དང་ཁྲག་འབུལ་ཚད་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་8000ལས་བརྒལ་ཞིང་། དེ་དུས་མཚུངས་ལས44.9%འཕར་ཡོད།

  • ཉེ་ཆར་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ་སོགས་ས་ཆ་མང་པོར་ཡིག་ཆ་བཀྲམ་སྟེ། དཔྱིད་གསར་དུས་ཆེན་རིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་རྒན་གསོའི་དངུལ་སྔ་སྣུར་དུ་སྤྲོད་རྒྱུ་ཁ་གསལ་བཏོན།

  •  ཉེ་ཆར་ཀྲུང་གོའི་འགྲམ་ཞུགས་པ་ཉིང་ཀྲུང་ཡན་གྱིས319ཡི་སྤྱིའི་སྐར་གྲངས་ཐོག་ནས། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་མྱུར་ཚད་ཀྱི་འཛམ་གླིང་བུམ་པའི་སྨི1000གི་རྣམ་གྲངས་ཀྱི་ལོ་འཁོར་གྱི་སྤྱིའི་ཨང་དང་པོ་བླངས་པ་རེད།

图片4.jpg

  • ཀོང་ཞི་ཏ་མིང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཉེ་ཆར་སྲོག་ཆགས་གསར་པ་སྟེ། ཏ་མིང་རི་བོའི་སྨྱུག་མའི་ལོ་མ་སྦལ་བ་ཤེས་རྟོགས་བྱུང་བ་རེད།

图片5.png

  • ཉེ་ཆར་ལོ2ལ་སླེབས་པའི་བྱིས་པ་ཞིག་ཧུའུ་པེའི་ཨོ་ཀྲོའུ་བབས་ཚུགས་སུ་མྱུར་བགྲོད་ལྕགས་ལམ་གྱི་བབས་ཚུགས་སུ་ལྷུང་བས། ཉེན་རྟོག་པ་མུའུ་ཏ་ཐའོ་ཡིས་འཕྲལ་མར་མདུན་དུ་རྒྱུགས་ནས་སྐར་ཆ་ལྔ་ལས་མ་འགོར་བར་ཕྲུ་གུ་བསྐྱབས།

སྲིད་ཇུས།

  • སི་ཁྲོན་གྱིས་གཞུང་བཙུགས་གཞུང་གཉེར་དང་། གཞུང་བཙུགས་དམངས་གཉེར། སྲིད་གཞུང་དང་སྤྱི་ཚོགས་མ་རྩ་ཕྱོགས་མཉམ་ལས་བྱས་ནས་བསྐྲུན་པའི་རྒན་གསོའི་སྒྲིག་གཞིར་ཚོགས་མིའི་ལམ་ལུགས་ལག་བསྟར་བྱས་ཏེ། ཚོགས་མིའི་གྲོན་དངུལ་བསྡུ་མི་ཆོག་པ་ཁ་གསལ་བཏོན་ཡོད།

  • ཧྲན་ཏུང་གིས་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་ཁྲིམས་ལྟར་དགེ་སྒྲུབ་བྱེད་སྒོ་སྤེལ་ཏེ། ཚོང་ལས་ཀྱི་བྱ་སྤྱོད་དང་། བརྡ་ཁྱབ་དྲིལ་སྒྲོག། དེ་བཞིན་སློབ་གསོའི་ཆོས་ཉིད་དང་རྒྱབ་འགལ་བའི་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལས་འགལ་བའི་ཞལ་འདེབས་དང་ལེན་བྱེད་མི་ཆོག་པ་ཁ་གསལ་བཏོན།

  • ཀོང་ཏུང་གིས་མེ་ཟོན་རོགས་སྐྱོབ་དཔུང་ཁག་ནས་ཕྱིར་འཐེན་བྱས་པའི་མེ་ཟོན་རོགས་སྐྱོབ་མི་སྣས་མེ་ཟོན་རོགས་སྐྱོབ་མི་སྣ་ཕྱིར་འཐེན་བྱས་པའི་དཔང་ཡིག་ལ་བརྟེན་ཏེ། ད་ཡོད་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་གསོ་སྦྱོང་དང་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས། 

图片6.jpg

  • ནང་སོག་གི་དབུས་ནུབ་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་དབུས་ནུབ་རྒྱུད་དང་། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧོའེ་དང་། ཅང་ཧན་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ཧོ་ནན་གྱི་ལྷོ་རྒྱུད་དང་། ཧུའུ་པེའི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་དབུས་བྱང་རྒྱུད། ཅང་སུའུ་ཡི་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་ཆེན་ཆེན་པོ་འབབ་རྒྱུ་ཡིན།  འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན། 


མཉམ་སྤྱོད།