དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆོས་དབྱིངས་སྐྱིད་ཀྱིས་འོ་ལས་ཚོང་རྟགས་གྲགས་ཅན་གྱི་མགྲིན་ཚབ་པ་བྱས།

2024-02-04 10:18:33   |   337

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མདོ་དབུས་འབྲོག་རས་ཆས་རྟགས་གཟུགས་བརྙན་དཔོན་ཏེ། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་དང་མཉམ་དུ་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་དང་། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྨྱན་སྦྱོར་དང་ཞིང་ཆེན་ནང་ཁུལ་གྱི་གཙོ་རྒྱུག་སྨྱན་སྦྱོར་ཆེ་གྲས་ཁག་དང་མཉམ་དུ་མཚོ་སྔོན་གྱི་འོ་ལས་ཐོན་རྫས་ཀྱི་ཆས་རྟགས་དེ་གོམ་སྟབས་ཆེན་པོ་ཞིག་སྤོས་པ་ར་སྤྲོད་བྱས་པ་རེད།

1.jpg

ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་འོ་ལས་ཐོན་རྫས་ཚོང་རྟགས་གྲགས་ཅན་གྱི་མགྲིན་ཚབ་བྱས་པ།

2.jpg
ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་འོ་ལས་ཐོན་རྫས་ཚོང་རྟགས་གྲགས་ཅན་གྱི་མགྲིན་ཚབ་བྱས་པ།

3.jpg
ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་འོ་ལས་ཐོན་རྫས་ཚོང་རྟགས་གྲགས་ཅན་གྱི་མགྲིན་ཚབ་བྱས་པ།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་ནང་ཞུགས་པའི་བརྒྱུད་རིམ་དང་མྱོང་ཚོར་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་མདོ་དབུས་འབྲོག་རའི་འོ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏིང་ཞིན་ཧྥུང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དང་ལག་གདང་སྦྲེལ་ནས། ཁེ་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་ད་དུང་ཆོས་དབྱིངས་སྐྱིད་དང་མཉམ་དུ་གན་རྒྱ་བཞག

ཆོས་དབྱིངས་སྐྱིད་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ཕ་ཡུལ་གྱི་ཁེ་ལས་གྲགས་ཅན་དང་འབྲེལ་བ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏང་བའི་གོ་སྐབས་འདི་བྱུང་བ་ང་ལ་མཚོན་ན་གཟི་བརྗིད་ཅིག་རེད། རང་ཉིད་ཀྱི་མཚན་སྙན་ལ་བརྟེན་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ལས་མཚོ་སྔོན་ནས་ཕྱིར་སྐྱོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བསྐྱོད་པར་སྔར་བས་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་འཕེལ་རྒྱས་ཆེད་རང་ནུས་ཅི་ལྕོགས་ཀྱིས་སྟོབས་ཤུགས་འབུལ་བསམས”ཞེས་བཤད།

4.jpg

གན་རྒྱ་འཇོག་ཡུལ།

མཚོ་སྔོན་མདོ་དབུས་འབྲོག་རའི་འོ་ལས་ཀུང་སི་ནི2000ལོར་བཙུགས་ཤིང་། ལོ་ངོ23རིང་གི་ལོ་རྒྱུས་ལྡན། དེ་ནི་ཚན་ཞིབ་དང་ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་འོ་མའི་ཐོན་རྫས་ཐོན་སྐྱེད་ཀྱི་ཆེད་གཉེར་ཁེ་ལས་ཤིག་ཡིན་ལ། “བཟའ་བཅའི་བདེ་འཇགས་ལ་བརྟེན་ནས་འཚོ་གནས་བྱེད། ཟོལ་བྲལ་ཁ་དན་ལ་གནས་པའི་འཕེལ་རྒྱས་དོན་གཉེར་བྱེད”ཅེས་པའི་གོང་སྤེལ་གྱི་འདུ་ཤེས་བཟུང་སྟེ། རྒྱ་ཆེའི་འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་དང་ཁེ་ལས་ཀྱི་ཁ་དན་ཚིག་གནས་ཀྱི་རང་གཅུན་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཁེ་ལས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་བཏང་ཡོད།

5.jpg

ཀུང་སིའི་ཐོན་སྐྱེད།


མཉམ་སྤྱོད།