དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།

2024-02-04 15:53:24   |   337

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ཐོག་ནས་ནུབ་མཚོ་ཚོང་འདུས་ཁྲོམ་ར་དང་མཚོ་སྔོན་ཉིང་པེ་གློག་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ཐང་ཧུའུ་ཡན་ལག་སྤྱི་གཉེར་ཁང་། ཀྲུང་གོ་རྡོ་སྣུམ་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་ནུབ་མཚོ་སྣུམ་སྣོན་ས་ཚིགས་སོགས་ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོ་དང་གཙོ་གནད་ཁུལ་དུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་ཁུར་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་བསྲུང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ཏེ་དུས་བདེ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་རོལ་དགོས་པ་ནན་གྱིས་བསྟན།   

640.jpg

640.png 

ཤ་བོ་སྐྱབས་ཀྱིས་རོང་འབྲོག་མང་ཚོགས་དང་གཉེར་སྐྱོང་ཁང་། ཁེ་ལས་བཅས་ཀྱི་འགན་འཁུར་བ་དང་གླེང་མོལ་གཏིང་ཟབ་བྱས་ནས་ཁེ་ལས་དང་ཚོང་ཁང་གི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་བདེ་འཇགས་དོ་དམ་བྱ་བ་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཡུལ་དངོས་ནས་ཐོན་སྐྱེད་འཁོར་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ། བདེ་འཇགས་ཐོན་སྐྱེད་བྱ་བའི་རྩིས་ཁྲ། མི་སྣ་འདུ་འཛོམས་མང་བའི་ཁུལ་དང་གཙོ་གནད་ས་ཁོངས་སུ་མེ་ཟོན་ཡོ་བྱད་སོགས་མེ་ཟོན་སྒྲིག་བཀོད་རྒྱུན་གཏན་ལྟར་བེད་སྤྱོད་བྱས་ཚུལ་དང་དེ་བཞིན་མེ་ཟོན་བགྲོད་ལམ་བཀོད་སྒྲིག་དང་མཁོ་འདོན་སྒྲིག་སྦྱོར་ལམ་ཐིག་བཀོད་སྒྲིག་བྱས་ཚུལ་བཅས་ལ་ལྟ་ཞིབ་བྱས་པ་དང་། ཚོང་ཁང་ཁག་ཅིག་གིས་བདེ་འཇགས་འབུད་སྒོ་བཀོད་སྒྲིག་ལུགས་མཐུན་མིན་པ་དང་ཁྲོམ་རའི་གློག་སྐུད་སོགས་ཚད་ལྡན་མིན་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུའི་མཛུབ་ཁྲིད་བྱས་ནས་བསྟན་དོན། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྣ་ཚོགས་སྤེལ་མང་ཤོས་ཀྱི་དུས་སུ་སླེབས་ཡོད་ཅིང་། མི་དང་རླངས་འཁོར། ཟོག་འགྲེམས་བཅས་ཀྱི་མཐོ་རླབས་ཤིག་ཡིན་པ་དང་། མེ་ཟོན་མེ་སྐྱོན་དང་བགྲོད་ལམ་འགྲིམ་འགྲུལ། གནམ་གཤིས་གནོད་འཚེ་སོགས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་གཅིག་ཏུ་འབྲེལ་ཡོད་པས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཧ་ཅང་ཛ་དྲག་དང་རྙོག་འཛིང་ཆེ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་དོགས་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་ནས་ཉེ་དུས་ཞིང་ཆེན་གཞན་དུ་བྱུང་པའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་སྣ་ཚོགས་ཀྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་མཐོ་ཚད་ཐོག་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་ཁུར་ནན་དུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་ཏེ། གཅིག་ནས་དོན་རྐྱེན་འབྱུང་སླ་བ་དང་འབྱུང་མང་བའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས།  གཙོ་གནད་བྱ་ཡུལ་བཅས་ལ་དམ་པོར་དམིགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཏན་ཏིག་བྱེད་པ་དང་། བཟའ་བཏུང་སོགས་གཉེར་སྐྱོང་ཁང་གི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འབར་སྣུམ་དང་འབར་རླངས་སོགས་ལས་རིགས་ཀྱི་ཚད་ལྡན་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་གློག་སྐུད་གང་བྱུང་དུ་འཐེན་པ་དང་སྒྲིག་འགལ་ངང་གློག་དྲོད་གློག་ཆས་སྤྱོད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་མེ་ཟོན་སྒྲིག་བཀོད་བཀོད་སྒྲིག་རྒྱུན་མཐུད་འཐུས་ཚང་དུ་བཏང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས། གཉིས་ནས་མཁོ་བསྟུན་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ་བདེ་འཇགས་ཀྱི་མཁོ་བསྟུན་འཁྲབ་སྦྱོང་སྒྲིག་འཛུགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཟོན་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། ཚོང་འདུས་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་སོགས་མི་སྣ་འདུ་འཛོམས་མང་བའི་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་ཞིབ་ཕྲ་བཟོ་དགོས་ལ། ཁེ་ལས་ཀྱིས་ཉིན་རེའི་ལས་གནས་སུ་མ་ཞུགས་གོང་གི་བདེ་འཇགས་གསོ་སྦྱོང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ལས་ཞུགས་མི་སྣའི་བདེ་འཇགས་ཤེས་བྱའི་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ནས་བདེ་འཇགས་བྱ་བར་ཆད་ལུས་མེད་པའི་འགན་ལེན་བྱེད་དགོས། གསུམ་ནས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་དུས་ཆེན་སྔོན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ། དྲོད་རླངས་དང་གློག་མཁོ་འདོན་སོགས་ཀྱི་འགན་ལེན་བྱ་བ་ཡག་པོར་བསྒྲུབ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་དྲོ་སྐྱིད་དང་བདེ་འཇགས་ངང་དུས་ཆེན་རོལ་བའི་འགན་ལེན་བྱེད་དགོས་ཟེར།

640 (1).jpg

640 (2).jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཨ་ཁྱུང་། སངས་འབུམ་བཅས་དང་། ཁུལ་མཁོ་བསྟུན། མེ་ཟོན། ཁྲོམ་ར་ལྟ་སྐུལ། བཟོ་འཕྲིན། སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཞིབ་བཤེར་ལ་ཕེབས་རོགས་བྱས།


མཉམ་སྤྱོད།