དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི“ལོ་སར15དུས་ཆེན”གྱི་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུ་འཚོགས།

2024-02-05 15:32:58   |   2118

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས4ཉིན། མཚོ་བྱང་ཁུལ་གྱིས2024ལོའི“ལོ་སར་བཅོ་ལྔའི་དུས་ཆེན”གྱི་རིག་གནས་བྱེད་སྒོའི་འགྲེམས་འཁྲབ་བཀོད་སྒྲིག་ཚོགས་འདུ་འཚོགས་ལ། ཁུལ་ཨུའི་རྒྱུན་ཨུ་སུང་ཞུག་ཙུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་གཙོ་སྐྱོང་གནང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། མདའ་བཞི་རྫོང་མི་དམངས་སྲིད་གཞུང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། ཁུལ་དང་རྫོང་གི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ། ཁུལ་སློབ་གསོ་ཅུ། ཁུལ་སྤྱི་བདེ་ཅུ། ཁུལ་དམངས་སྲིད་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁུལ་མི་རིགས་གླུ་གར་ཚོགས་པ། ཁུལ་རིག་གནས་ཁང་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

微信图片_20240205164727.jpg

ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཁག་གིས་བྱ་བ་སོ་སོར་གྲ་སྒྲིག་བྱས་ཚུལ་དང་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་། རིག་གནས་བྱེད་སྒོའི་འགྲེམས་འཁྲབ་འཆར་གཞི་ལ་གྲོས་བསྡུར་གནང་ཞིང་། ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁྲིའི་ལས་བགོས་སྔར་བས་ཁ་གསལ་བཟོས།

微信图片_20240205164732.jpg

སུང་ཞུག་ཙུང་གིས“ལོ་སར་བཅོ་ལྔའི་དུས་ཆེན”གྱི་རིག་གནས་བྱེད་སྒོ་སྤེལ་བ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ནུས་ལྡན་བྱེད་པ་ཞིག་དང་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་གདེང་ཚོད་དང་། མི་སེམས་གཅིག་ཏུ་སྒྲིལ་བ།  འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་མཚོ་བྱང་ཁུལ་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྡེ་ཁག་སོ་སོས་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་། མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན། བྱ་བ་སོ་སོ་ནན་ཏན་ངང་ལེགས་སྒྲུབ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་དགའ་སྤྲོའི་དཔལ་ལ་རོལ་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྣ་མང་ཕུན་སུམ་ཚོགས་པ། སྐྱོན་བྲལ་ཡར་བརྩོན་བཅས་ཀྱི“ལོ་སར་བཅོ་ལྔའི་དུས་ཆེན”གྱི་རིག་གནས་བྱེད་སྒོར་འགན་ལེན་བྱེད་དགོས་པར་བསྟན།   

微信图片_20240205164736.jpg

སུང་ཞུག་ཙུང་གིས་ངོས་འཛིན་མཐོར་གཏོང་དང་ལས་འགན་ཁ་གསལ། འགན་ཁུར་དོན་འཁྱོལ། མཉམ་ལས་ལ་ཤུགས་སྣོན། བདེ་འཇགས་འགན་ལེན་སོགས་ཐད་ནས་འགྲེམས་འཁྲབ་བྱེད་སྒོར་བླང་བྱ་ཞིབ་ཕྲ་བཏོན། ཁོས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒྲིག་འཛུགས་ཞིབ་ཚགས་བྱས་ནས2024ལོའི“ལོ་སར་བཅོ་ལྔའི་དུས་ཆེན”གྱི་རིག་གནས་བྱེད་སྒོའི་བྱ་བ་སོ་སོ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ་དང་ཞིབ་འཇུག་དབྱེ་འབྱེད་དབྱེ་ཞིབ་ལ་ཤུགས་སྣོན་དང་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་འབུར་དུ་ཐོན་པར་བྱེད་པ། ཕན་ལྡན་ཉམས་མྱོང་བསྡུ་ལེན་བྱེད་པ། ཞན་ཆ་དང་མི་འདང་ས་གསབ་པ། བྱ་བ་རེ་རེ་དང་གོ་རིམ་རེ་རེ། ཞིབ་ཕྲ་རེ་རེ་བཅས་ཀྱི་ཐད་ལེགས་ཐོག་ལེགས་འཚོལ་དང་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རང་སོ་སོའི་ལས་འགན་ཡང་བསྐྱར་ཁག་བགོས་དང་ཡང་བསྐྱར་ཞིབ་ཕྲ་བཟོ་བ། ཡང་བསྐྱར་དོན་འཁྱོལ་བཅས་བྱས་ནས་ཐེངས་འདིའི་རིག་གནས་བྱེད་སྒོའི་བྱ་བ་སོ་སོ་ཏན་ཏིག་དང་ཞིབ་ཚགས་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། འགན་ཁུར་སྡེ་ཁག་སོ་སོས་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་མཁོ་བསྟུན་སྔོན་ཇུས་བཟོ་བ་དང་བདེ་འཇགས་ཀྱི་གཙོ་གནད་ལ་དམ་པོར་དམིགས་པ། ལུགས་མཐུན་ངང་བྱ་བའི་སྟོབས་ཤུགས་བཀོད་གཏོང་བཅས་བྱས་ནས་བྱེད་སྒོ་སྤེལ་ཡུལ་དང་འཁྲབ་སྟོན་སྒྲིག་ཆས་སོགས་ཀྱི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རིགས་སོ་སོའི་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་ཞུ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་བརྟན་ལྷིང་དང་ཧུར་བརྩོན་ཡར་རྒྱས། སྤྲོ་སྣང་འཆམ་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་ཟེར།

微信图片_20240205164740.jpg

ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མགོ་ཁྲིད་ད་དུང་ནུབ་མཚོ་ལུས་རྩལ་ར་བར་བསྐྱོད་ནས་བྱེད་སྒོ་སྤེལ་ཡུལ་བཀོད་སྒྲིག་དང་། སྒྲིག་བཀོད་འགན་ལེན།  གོ་རིམ་སོགས་ཀྱི་བྱ་བའི་ཞིབ་ཕྲའི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། འགན་འཁུར་བ་གཙོ་བོ་དང་མཐུན་སྦྱོར་བརྗེ་རེས་དང་ལུགས་མཐུན་ངང་ཇུས་འགོད་བྱས་ཏེ་བྱ་བའི་བླང་བྱ་ཞིབ་ཕྲ་བཏོན།  


མཉམ་སྤྱོད།