དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-06 07:29:31   |   3713

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དབྱིན་ཡིག་པར་གཞི་དང་། དབྱིན་རྒྱ་ཤན་སྦྱར་པར་གཞི་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་པ་ཡིན།

  • ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་སྐུ་གཤེགས་པར་ན་སྨི་པི་ཡའི་ཙུང་ཐུང་གསར་པ་མུའུ་པུན་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ཞིང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས། དེ་བཞིན་ཙུང་ཐུང་ཀེན་ཀོ་པུའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

图片1.jpg

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཕྱོགས་བསྡུས་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་གྲངས་གཞི་ལས་མངོན་པར། ཚེས5ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར1.96ལས་བརྒལ་བ་ཡིན།

  • ཚེས5ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསོ་ཚགས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་འགན་འཁྲིའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ཏེ། གསོས་མི་ཆོག་པའི་ཁྱི་དྲག་པོས་མི་ལ་རྨས་སྐྱོན་བཏང་ཚེ། གནོད་འཚེ་ཕོག་མཁན་ལ་ནོར་འཁྲུལ་ཡོད་མེད་གང་ཡིན་རུང་། ཁྱི་བདག་པོས་འགན་འཁྲི་ཡོངས་རྫོགས་འཁུར་དགོས་བ་བསྟན།

  • ཚེས5ཉིན་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས0.5དམའ་རུ་བཏང་།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རྒྱལ་ནང་གི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་ཁྲི1.9ལྷག་ཙམ་ལ་ཞང་ཀང་དང་ཨའོ་མོན་གྱི་ཤེས་ལྡན་མི་སྣའི་མཆན་འགོད་ཆོག་མཆན་ཐོབ་པ་རེད།

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉིན་ཤས་གོང་བརྡ་ཐོ་བཏང་སྟེ། 2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི་འོས་སྦྱོར་དཔྱད་འདེམས་ལས་དོན་སྤེལ་མགོ་ཚུགས་པ་བསྟན།

  • ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་མཚོ་ཐོག་ལྐོག་ཚོང་གྱོད་གཞི508རྩད་གཅོད་བྱས་ཏེ། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར14.9ཟིན་ཡོད།

  • ཚེས19ཉིན་ནས་བཟུང་། ཀྲུང་གོའི་སྤྱི་དམངས་ཀྱིས་པར་ཙིར་གྱི་ལོ་བཅུའི་རིང་གི་ཚོང་དོན་དང་། གནས་སྐོར། གཉེན་ཉེ་ཐུག་འཕྲད་བཅས་ཀྱི་ཐོངས་མཆན་ཐེངས་མང་རེ་ཞུ་བྱེད་ཆོག

  • རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས2026ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་མཐའ་བསྡུར་དེ2026ལོའི་ཟླ7ཚེས19ཉིན་ཨ་རིའི་ཉིའུ་ཡོག་ཏུ་འཚོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་སྟེ། ཚེས5ཉིན་གྱི་མཚན་མོ་ནས་ཚེས7ཉིན་བར། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་པེའི་ཡི་ལྷོ་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་ཆེན་པོ་འབབ་རྒྱུ་དང་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ཆེན་པོ་འབབ་རྒྱུ་ཡིན། 

  • ཚེས5ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་མང་པོས་མཐུན་སྦྱོར་བྱས་ཏེ། ཧུའུ་ནན་ལ་སྲིང་བལ་ཉལ་ཆས་ཁྲི་གཉིས་ཀྱི་ཀྲུང་དབྱང་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས་པ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་དང་པོར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས101.1%ཟིན་ཞིང་། མཁོ་སྤྲོད་འཕར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད།

  • གནས་སྐོར་ལས་སྟེགས་མང་པོའི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ནང་དུ་གནས་སྐོར་དང་ཕྱི་རྒྱལ་དུ་གནས་སྐོར་དུ་འགྲོ་བའི་མངག་ཐོ་ཚང་མ་ཆེས་ཆེར་འཕར་ཡོད་དེ། ཧའེ་ནན་ཁོ་ནའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མངག་ཉོ་བྱེད་ཚད་དུས་མཚུངས་ལས392%འཕར་ཡོད།

图片2.jpg

  • ཚེས5ཉིན། 2024ལོའི་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྣ་མང་ཆུ་རྐྱལ་གྱི་བུད་མེད་གཉིས་ཀྱི་ལག་རྩལ་རང་འདེམས་མཐའ་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་མཚེ་མ་ཚན་སྡེབ་ཝང་ལིའུ་དབྱི་དང་ཝང་ཆན་དབྱི་ཡིས་གསེར་གྱི་རྟགས་མ་བླངས་པ་རེད།

图片3.jpg

  • ཉེ་ཆར། ཧུའུ་ནན་ཀྲུའུ་ཀྲོའུ་ཡི་བུད་མེད་ཅིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལའེ་དབྱི་མིང་གིས་མཐོང་རྗེས་གྲང་ངར་ལ་མ་འཛེམས་པར་འཕྲལ་མར་ཆུ་ནང་དུ་མཆོངས་ནས་བུད་མེད་བསྐྱབས་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་གྲོང་ཚོ་ཚང་མར་རྩ་དོན་ཐོག་འཚོ་བའི་རྒྱབ་སྐྱོར་རྣམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་གཅིག་བསྐྲུན་དགོས་པའི་འཆར་གཞི་བཏོན།

  • ཧོ་ནན་གྱིས2024ལོར་གྲོང་གསེབ་ཀྱི་སློབ་ལོ་རན་པའི་བུད་མེད་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱབ་ཁོངས་ནང་བཅུག་པའི་སློབ་ལོ་རན་པའི་བུད་མེད་ལ་རིན་མེད་ངང་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་བརྟག་དཔྱད་ཐེངས་གཅིག་བྱ་རྒྱུ་ཡིན་པའི་བརྡ་ཐོ་བཏང་།

  • ཧྲའན་ཞི་ཡིས་ཐོལ་བྱུང་རང་བཞིན་དང་། དགོས་གཏུག་རང་བཞིན་གྱི་དཀའ་ངལ་འཕྲད་པའི་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་ཚབས་ཆེན་བཟོས་པའི་ཞིང་པ་ལས་མིར་ཐེམ་ཐོ་དང་སྡོད་གནས་ལག་ཁྱེར་གྱི་ཚོད་འཛིན་མེད་པ་བཟོས་ཏེ། ཛ་དྲག་དང་དཀའ་ངལ་ཐོན་ཁུལ་ནས་ཐད་ཀར་གནས་སྐབས་རོགས་སྐྱོབ་བྱེད་དགོས་པའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས།

图片4.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཀུའེ་ཀྲོའུ་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་། ཧྭ་ལྷོའི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།