དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད37)

2024-02-05 17:03:06   |   1794


རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240206091200.jpg

ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཇི་ལྟར་འདོན་སྤེལ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་ཇི་ལྟར་བྱ་དགོས་སམ།

ཚོང་རའི་ཐོན་ཁུངས་བཀོད་སྒྲིག་ཐག་གཅོད་བྱེད་པ་ནི་ཚོང་རའི་དཔལ་འབྱོར་གྱི་སྤྱིར་བཏང་གི་ཆོས་ཉིད་ཡིན་པ་དང་། ཚོང་རའི་དཔལ་འབྱོར་ནི་ངོ་བོའི་ཐོག་ནས་བཤད་ན་ཚོང་རས་ཐོན་ཁུངས་བཀོད་སྒྲིག་ཐག་གཅོད་བྱེད་པའི་དཔལ་འབྱོར་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་ངེས་པར་དུ་ཆོས་ཉིད་འདི་བརྩི་སྲུང་བྱས་ཏེ། ཚོང་རའི་མ་ལག་འཐུས་ཚང་མིན་པ་དང་། སྲིད་གཞུང་གིས་ཐེ་གཏོགས་བྱེད་པ་ཅུང་མང་བ་དང་ལྟ་སྐུལ་དོ་དམ་གནད་འཁེལ་མ་བྱུང་བ་བཅས་ཀྱི་གནད་དོན་ཐག་གཅོད་པར་ཤུགས་རྒྱག་དགོས་པ་དང་།ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཚོས་རས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ལས་ནུས་པ་ཡོངས་རྫོགས་ཐོན་པ་ཞིག་མ་ཡིན། རང་རྒྱལ་གྱིས་ལག་བསྟར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ཡིན་པས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། ཏང་དང་སྲིད་གཞུང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། སྲིད་གཞུང་གི་འགན་ཁྲིད་དང་ནུས་པ་གཙོ་བོ་ནི་སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ་དང་། སྤྱི་པའི་ཞབས་ཞུར་ཤུགས་སྣོན་དང་ལེགས་སུ་གཏོང་བ།དྲང་གཞག་གི་འགྲན་རྩོད་འགན་སྲུང་བྱེད་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། རྒྱུན་མཐུན་ངང་འཕེལ་རྒྱས་བཏང་སྟེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། ཚོང་རའི་ནུས་པ་ཉམས་པ་ཁ་གསབ་བྱེད་པ་བཅས་ཡིན། ཚོང་ར་དང་སྲིད་གཞུང་སོ་སོས་རང་གི་གོ་གནས་འཛིན་པ་དང་རང་གི་དགེ་མཚན་འདོན་སྤེལ་བྱས་ན། ད་གཟོད་ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པ་གཅིག་གྱུར་དམ་ཚགས་དང་། ཕན་ཚུན་ཁ་གསབ་དང་། ཕན་ཚུན་མཐུན་སྦྱོར་དང་། ཕན་ཚུན་སྐུལ་འདེད་བཅས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུན་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།


མཉམ་སྤྱོད།