དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-07 07:56:23   |   2695

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

图片1.jpg

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཕྱོགས་བསྡུས་ལས་དོན་གྱི་ཆེད་དོན་གྲངས་གཞི་ལས་མངོན་པར། ཚེས6ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2.2ལས་བརྒལ་བ་ཡིན།

  • ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲལ་མར་སྒོར་དུང་ཕྱུར1.41བཏང་སྟེ། དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་པ་ཐེབས་པའི་ས་ཁུལ་གྱི་གཞུང་ལམ་འཕྲལ་སྡོམ་མྱུར་བཟོར་རྒྱབ་སྐྱོར་བྱས་པ་རེད།

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུ་ཡིས་ཧུའུ་པེ་དང་། ཨན་ཧུའེ། ཀུའེ་ཀྲོའུ། ཧུའུ་ནན་བཅས་ཞིང་ཆེན་བཞིར་རིམ་རྩིས་བྱས་ན་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི8གཏོང་སྤྲོད་བྱས་པ་ཡིན།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི47.1ཟིན་ནས7.2%འཕར་ཡོད།

  • རིག་གནས་གནས་སྐོར་པུ་ཡིས་ས་གནས་ཁག་གིས་དཔྱིད་གསར་དུས་ཆེན་རིང་རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་དམངས་ཕན་ཁ་གསབ་སྒོར་དུང་ཕྱུར6ལྷག་ཙམ་སྤྲོད་རྒྱུ་ཡིན་པ་བཤད།

  • ཚེས6ཉིན། སྤྱི་བདེ་པུ་འགྲིམ་འགྲུལ་དོ་དམ་ཅུ་ཡིས་དཔྱིད་གསར་དུས་ཆེན་སྔོན་དང་། དཔྱིད་གསར་དུས་ཆེན་གྱི་ངལ་གསོ། དཔྱིད་གསར་དུས་ཆེན་རྗེས་བཅས་རྒྱལ་ཡོངས་ཀྱི་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་ཁག་གསུམ་སྤེལ་ནས་ཆང་རག་བཏུང་ནས་རླངས་འཁོར་སྐོར་བ་དང་ར་བཟི་ནས་རླངས་འཁོར་སྐོར་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པར་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་བཀོད་སྒྲིག་བྱས།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས112.8ཟིན་པ་དེ་དུས་མཚུངས་ལས0.4མཐོ་རུ་ཕྱིན་ཡོད།

  • ཚེས6ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཧེང་ཆིན་དང་། ཀོང་ཏུང་། ཨའོ་མོན་བཅས་ཀྱི་མཉམ་ལས་ཁུལ་གྱི་ནང་འདྲེན་དངོས་ཟོག་གི་དཔྱ་ཁྲལ་རྩ་ཆག་དོ་དམ་གྱི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས།

    图片2.jpg

  • པེ་ཅིང་གི་དུས་ཚོད་ཟླ2ཚེས6ཉིན། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་སྨི10ཡི་མཆོང་སྟེགས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ཆོན་ཧུང་ཁྲན་གྱིས་ཨང་དང་པོ་བླངས་པ་དང་། ཁྲེན་ཡུས་ཞི་ཡིས་ཨང་གཉིས་པ་བླངས་པ་ཡིན།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་སླེབས་སྐབས་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་རིམ་རྩིས་བྱས་ན་དྲོད་ཚད10℃ཡན་ཐོན་རྒྱུ་ཡིན།

图片3.jpg

  • རིག་གནས་གནས་སྐོར་པུས་སྤྱི་བསྒྲགས་སྤེལ་ཏེ། པེ་ཅིང(ཐུང་ཀྲོའུ)མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་གནས་སྐོར་མཛེས་ལྗོངས་ཁུལ་སོགས་གནས་སྐོར་མཛེས་ལྗོངས་ཁུལ21ལ་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་དངོས་སུ་གཏན་འཁེལ་བྱས།

  • རྒྱལ་ཁབ་གློག་བརྙན་ཅུ་ཡིས་གཟིགས་སྐྱོང་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་ཏེ། དངུལ་རྩའི་སྒྲིག་གཞི11གིས་དཔྱིད་གསར་དུས་ཆེན་རིང་སྒོར་ཁྲི3000ལས་བརྒལ་བའི་གྲངས་འཛིན་མི་དམངས་ཤོག་སྒོར་གྱི་གློག་བརྙན་ལྟ་བའི་འཛད་སྤྱོད་ཁ་གསབ་གཏོང་རྒྱུ་རེད།

  • ཟླ་དང་པོར་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དངོས་ཟོག་དུས་མཚུངས་ལས39%འཕར་ཡོད།

  • རང་རྒྱལ་གྱི་གནམ་དཔྱད་རིག་པ་མཁས་ཅན་གྱིས་རྩིས་བརྒྱབ་ནས་ལྷ་མོའི་སྐར་ཁྱིམ་གྱི་སྤུས་ཚད་ཉི་མའི་ལྡབ་དུང་ཕྱུར་ཁྲི1.14ཙམ་ཡིན་པ་ཤེས་རྟོགས་བྱུང་།

  • ཚན་ཞིབ་མི་སྣས་ཀུའེ་ཀྲོའུ་ཁྲི་ཧྲུའེ་གཙང་པོ་རྒྱུག་ཁུལ་གྱི་ཁྲི་ཧྲུའེ་དུམ་བུར་ཀྲུང་ཧྭ་ཆིའུ་ཧྲ་བྱ་གག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས14ཤེས་རྟོགས་བྱུང་།

  • སྤྱི་བདེ་ལས་ཁུངས་ཀྱིས་འབར་རླངས་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་གྱོད་གཞི་སོགས་གྱོད་གཞི་གཙོ་གནད5རྩད་ཆོད་ཅིང་། གྱོད་འབྲེལ་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར1.5ལྷག་ཙམ་ཟིན་ཡོད།

图片4.jpg

  • ཨན་ཧུའེ་ཕུའུ་དབྱང་གི་ནད་གཡོག་ཧུའུ་ལི་ཤིའུ་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་རླངས་འཁོར་གྱི་དོན་རྐྱེན་འཕྲད་པ་དང་། སྐྱེས་པ་ཞིག་གི་འཕར་རྩ་རིམ་བཞིན་ཉམས་ཞན་དུ་སོང་བ་དང་ཧུའུ་ལི་ཤིའུ་ཡིས་འཕྲལ་དུ་མྱུར་སྐྱོབ་བྱས་ཏེ་མྱུར་སྐྱོབ་རླངས་འཁོར་ཡོང་བར་དུ་སྒུག་པ་ཡིན།

སྲིད་ཇུས།

  • པེ་ཅིང་གིས་ཡིག་ཆ་བཀྲམ་སྟེ། པེ་ཅིང་དུ་ཁང་པ་ཉོ་བའི་ཐོབ་ཐང་ལྡན་པའི་ཁྱིམ་ཚང་རིགས་བཞི་ཡིས་ཐུང་ཀྲོའུ་ཆུས་ནས་ཚོང་ཟོག་སྡོད་ཁང་ཆ་ཚང་ཞིག་ཉོས་ཆོག་པ་བསྟན།

  • ཧོ་ནན་གྱིས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་སྔོན་ལ། ས་གནས་ཁག་གིས་ཁོངས་གཏོགས་ཁུལ་གྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཧའེ་ནན་གྱིས་སྤྱི་བསྒྲགས་སྤེལ་ཏེ། དེ་རིང་ནས་བཟུང་ཧའེ་ཁོའུ་སོགས་གྲོང་ཁྱེར་དང་རྫོང11གི་སྡོད་ཁང་ཉོ་མཁན་གྱི་ཚོང་པའི་དངུལ་བུན་ཐོག་མའི་གཏོང་སྤྲོད་བསྡུར་ཚད་དམའ་ཤོས་དེ20%བར་ལེགས་སྒྲིག་བྱས།

དེ་རིང་གི་གནམ་གཤིས།

图片5.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ཀུའེ་ཀྲོའུ་ཡི་དབུས་རྒྱུད་དང་། ཧུའུ་ནན་གྱི་དབུས་ལྷོའི་རྒྱུད། དེ་བཞིན་ཅང་ཞིའི་ནུབ་བྱང་རྒྱུད། ཀྲེ་ཅང་གི་དབུས་ནུབ་རྒྱུད་ཀྱི་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་རྒྱུ་ཡིན། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་། ཧྭ་ལྷོའི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།