དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-08 08:20:05   |   597

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

图片1.jpg

  • ཚེས7ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་ལྷན་དུ་དགའ་སྤྲོའི་ངང་དུས་ཆེན་བསུས་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུ།

  • དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་སོ་སོས་དངོས་སུ་བལྟ་རུ་འགྲོ་བའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བར་བློ་མཐུན་རྒན་གྲས་ལ་གཟིགས་པར་མངག་བཅོལ་གནང་སྟེ། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། དཔྱིད་གསར་སྤྲོ་སྐྱིད་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་བ་ཡིན།

  • ཚེས7ཉིན། ཀྲུང་གོའི་ལྷོ་སྣེའི་ཆིན་ལིང་ས་ཚིགས་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ། སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་རྒྱ་ཆེའི་གླིང་སྣེའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུ་བ་ཡིན།

  • ཟླ2ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་དབྱི་པུའུ·པུའུ་ཁེར་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། ཁོང་སར་ཝ་ཏོལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ།

  • ཟླ2ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་ཀེ་ལོ·མུའུ་པེན་པར་གློག་འཕྲིན་བཏང་སྟེ། ཁོང་གིས་ན་སྨི་པི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུ།

  • ཟླ2ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་ཟུར་པ་ཕི་ཉེ་ལ་སྟབས་མི་ལེགས་པར་སྐུ་གཤེགས་པར་ཀྲི་ལིའི་ཙུང་ཐུང་པོ་ལི་ཆིར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་མྱ་ངན་ཟབ་མོ་ཞུ་བ་དང་། ཕི་ཉེ་ལ་ཡི་གཉེན་ཉེ་དང་ཀྲི་ལིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

图片2.jpg

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཕྱོགས་བསྡུས་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་གྲངས་གཞི་ལས་མངོན་པར། ཚེས7ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2.35ལས་བརྒལ་བ་ཡིན།

  • ཚེས7ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་བཞིན་དེའི་འབྲེལ་ཡོད་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ནས་བྱས་ཏེ། བྱས་ཉེས་གཏན་འཁེལ་དང་། ཉེས་ཆད་གཅོད་ཚད། རྒྱུ་ནོར་ཐག་གཅོད་སོགས་ཕྱོགས་ཁག་གི་ཐད་ནས་བླང་བྱ་ནན་པོ་དོན་འཁྱོལ་བྱས་ཡོད།

  • ཚེས7ཉིན། ཚོང་དོན་པུའ་སོགས་སྡེ་ཚན་དགུ་ཡིས་ནུས་རྒྱུ་གསར་པའི་རླངས་འཁོར་ཚོང་དོན་མཉམ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རང་རྒྱལ་དུ་གཞི་ཁྱོན་ཆེ་བའི་ཁངས་ཆར་འཁྱགས་པ་དང་། རྒྱུན་མཐུད་སྨུག་པ། སྨུག་རྡུལ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་མེད་དེ། གུང་གསེང་གི་དུས་འགོར་གནམ་གཤིས་ཡག་པོ་ཡོད་པ་དང་དྲོད་ཚད་མཐོ་རུ་ཕྱིན་རྒྱུ་ཡིན།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི352ལས་བརྒལ་ཞིང་། ཁྲོམ་རའི་དགོས་མཁོའི་གཞི་ཁྱོན་སླར་གསོ་མགྱོགས་སུ་ཕྱིན་ཡོད།

  • ཚེས7ཉིན། ཕྱི་རྒྱལ་དུ་བྲོས་ནས་ལོ8འགོར་བ་དང་། མ་དངུལ་བསྡུ་རུབ་བྱས་ནས་ཁ་བསླུས་རྒྱག་པའི་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་སིང་ཀ་ཕོར་ནས་རང་རྒྱལ་དུ་ཕྱིར་སྐྱེལ་པ་རེད།

图片3.jpg

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་རྒྱལ་དུ་གྱར་ནས་ལོ40འགོར་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཧྥེང་ཞིང་ཧྲུའུ་ཡུས་ཉེ་ཆར་བདེ་འཇགས་ངང་པེ་ཅིང་དུ་འབྱོར་ནས་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་པ་ཡིན། 

图片4.jpg

  • ཚེས7ཉིན། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཟེངས་རྟགས་འགྲན་བསྡུར་གྱི་རྐྱལ་མཆོང་བུད་མེད་ཀྱི་སྨི་གསུམ་ཅན་གྱི་མཆོང་སྟེགས་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གིས་ཁྲེན་དབྱི་ཝུན་དང་ཁྲང་ཡ་ཉི་གཉིས་ཀྱིས་ཨང་དང་པོ་བླངས་པ་ཡིན།

图片5.gif

  • ཉེ་ཆར། ཅང་སུའུ་ཝུའུ་ཞིའི་བུད་མེད་ཅིག་ཆུ་ནང་དུ་ལྷུང་ནས། གཞོགས་འདེགས་ཉེན་རྟོག་པ་ཀའོ་ཧན་གྲང་ངར་ལ་མ་འཛེམས་པར་ཆུ་ནང་དུ་མཆོངས་ནས་བུད་མེད་དེ་བསྐྱབས།

སྲིད་ཇུས།

  • ཀྲེ་ཅང་གིས་སྲིད་ཇུས་བཏོན་ཏེ། ཞིང་ལས་སྒྲིག་བཀོད་ལ་མ་དངུལ་བཏང་བའི་བསྡུར་ཚད30%ལས་བརྒལ་བར་མ་ཟད་སྔོན་ཐོན་རང་བཞིན་དང་། དཔེ་སྟོན་རང་བཞིན། སྐུལ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་རིགས་ལ་རྣམ་གྲངས་རྐྱང་པར་ཁ་གསབ་གྲོན་དངུལ་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་ཡིན་པ་བསྟན།

  • ཅང་ཞི་ཡིས་ཞིབ་སྲོལ་པར་འགྲེམ་བྱས་ཏེ། སྤྱི་ཚོགས་སྤྱི་དམངས་ཀྱིས་སྤྱི་ཚོགས་འགན་བཅོལ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། ཐེར་འདོན་ལེགས་གྲུབ་བྱུང་རྗེས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི10ལས་མི་བརྒལ་བ་སྤྲོད་རྒྱུ་ཡིན་པ་བསྟན།

  • སི་ཁྲོན་གྱིས་ཇུས་གཞི་པར་འགྲེམ་བྱས་ཏེ། སྨན་བཅོས་སྒྲིག་གཞིའི་སྤྱི་པའི་འཕྲོད་བསྟེན་ཁོའོ་དང་ཁོའོ་ཡི་མི་སྣའི་ཡོང་འབབ་དེ་གནས་སའི་སྨན་བཅོས་སྒྲིག་གཞིའི་མི་སྣའི་ཆ་སྙོམས་གླ་ཕོགས་ཆུ་ཚད་ལས་དམའ་མི་རུང་བ་ཁ་གསལ་བཟོས།

དེ་རིང་གི་གནམ་གཤིས།

图片6.jpg

  • ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། དེ་བཞིན་ཀོང་ཞིའི་བྱང་རྒྱུད་སོགས་ས་བབ་མཐོ་བའི་རི་ཁུལ་དུ་སྔར་བཞིན་འཁྱགས་པ་ཐེབས་རྒྱུ་ཡོད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།