དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད38)

2024-02-21 09:15:53   |   402

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240204094222.jpg

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་རྐང་དུ་བརྩི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

ནུས་ལྡན་གྱི་མཁོ་སྤྲོད་ནུས་པ་མི་འདང་བས་འཛད་སྤྱོད་ནུས་པ་ཕྱི་རོལ་དུ་འགྲོ་བ་ཚབས་ཆེ།གྲུབ་ཆའི་རང་བཞིན་གྱི་གནད་དོན་དེ་དག་ཐག་གཅོད་བྱེད་པར་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་རྐང་དུ་བརྩི་དགོས།དེ་ནི་དུས་རབས་གསར་པར་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བ་བཅོས་པའི་ཐབས་མཆོག་ཅིག་རེད།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར“གྲུབ་ཆའི་རང་བཞིན”ཞེས་པའི་ཡིག་འབྲུ་ལ་གོ་བ་ལེན་རྒྱུ་དེ་ཧ་ཅང་གལ་འགངས་ཆེ།རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ།དུས་མཚམས་རང་བཞིན་དང་བསྡོམས་འབོར་རང་བཞིན་གྱི་རྒྱུ་རྐྱེན་ཡོད་མོད།འོན་ཀྱང་འབྱུང་རྩ་ནི་གྲུབ་ཆའི་རང་བཞིན་གལ་ཆེན་དོ་སྙོམས་མེད་པ་དེ་རེད།དུས་མཚུངས་སུ།འཛམ་གླིང་གི་དཔལ་འབྱོར་གྲུབ་ཚུལ་ལ་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པས།ང་ཚོས་ཀྱང་མཁོ་སྤྲོད་ཕྱོགས་ཀྱི་ཤུགས་བཏོན་ནས་འཛམ་གླིང་གི་མཁོ་སྤྲོད་ཚོང་རའི་གནས་ཐིག་གཏན་འཁེལ་ཡང་དག་བྱ་དགོས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་རང་རྒྱལ་གྱི་མཁོ་སྤྲོད་ནུས་པ་དེས་རྒྱ་ཆེའི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བ་དང་།རྒྱུན་ཆད་མེད་པར་རིམ་སྤོར་དང་རང་གཤིས་ཅན་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས།ང་ཚོས་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཡོ་འགུལ་མི་བྱེད་པ་དང་།ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་རྩ་འདི་དམ་འཛིན་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ།རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་བྱ་དགོས།


མཉམ་སྤྱོད།