དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-21 09:59:21   |   276

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

01.jpg

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1ཚེས26ཉིན་དཔྱིད་གསར་སྐྱེལ་འདྲེན་མགོ་ཚུགས་པ་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར3ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད། 

  • ཟླ1པོར་རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་གྲངས་སྒོར་དུང་ཕྱུར་ཁྲི6.5ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད། 

  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཏང་ནས2024ལོར་རྒྱལ་ཁབ་ཀྱི་ལག་ཤེས་པ་ཆེན་པོ་མི200ཙམ་འདེམས་སྒྲུག་བྱས་ནས་སྐྱེད་སྲིང་བྱ་རྒྱུ་དང་གསོ་སྐྱོང་དུས་ཡུན་ལོ2ཡིན་པ་རེད། 

  • རྒྱལ་ཁབ་པར་དབང་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་རྩོམ་གྱི་བདག་དབང་ཐོ་འགོད་སྤྱི་འབོར8923901ཟིན་པ་དང་། དུས་མཚུངས་ལས40.46%འཕར་ཡོད་པ་རེད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས20ཉིན་ཡོངས་བསྒྲགས་བྱས་པར་གཞིགས་ན། ལོ་ལྔའི་དུས་ཡུན་ཅན་གྱི་དངུལ་བུན་ཁྲོམ་རའི་ཐོག་གོང་ཚད་ཞུ་བའི་སྐྱེད་ཚད(LPR)དེ4.20%ནས3.95%བར་ཆག་ཡོད་པ་རེད། 

  • ཚེས20ཉིན་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར214རུ་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དང་། གྲོང་ཁྱེར57གྱི་རྣམ་གྲངས162ལ་དངུལ་ཁང་གི་མ་དངུལ་བསྡུ་སྒྲིལ་ཁྱོན་སྡོམ་སྒོར་དུང་ཕྱུར294.3ཐོབ་པ་རེད། 

  • ཉེ་ཆར། དམངས་སྤྱོད་མཁའ་འགྲུལ་ཅུ་སོགས་སྡེ་ཚན་བཞིས་ཇུས་གཞི་པར་འགྲེམས་བྱས་ནས2025ལོར་སླེབས་སྐབས། གནམ་ཐང་གི་སུན་སྒྲའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་ཚད་གཞི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

  • ཚེས20ཉིན། ཆོན་ཀྲོའུ་རྒྱ་གྲམ་དམར་པོ་ཚོགས་པས་མི་སྣ་མངགས་ནས་གནོད་འཚེ་ཕོག་མཁན་གྱི་ནང་མི་དང་མཉམ་དུ་ཅིན་མོན་དུ་ཉ་འཛིན་དོན་རྐྱེན་ཐག་གཅོད་བྱེད་པར་བཏང་བ་རེད། མིག་སྔར་གསོན་པོར་གནས་པའི་གྲུ་པ་གཉིས་ཅིན་མོན་ནས་ཧྥུའུ་ཅན་ཆོན་ཀྲོའུ་རུ་ཕྱིར་ལོག་བྱས་ཡོད། 

  • ཨ་རི་དང་ཡོ་རོབ་ཀྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་ཚོང་དོན་སྲུང་སྐྱོང་གི་བྱེད་ཐབས་ལག་ལེན་བསྟར། རང་རེའི་ཕྱི་འབྲེལ་པུས“སྒོ་ར་ཆུང་ཆུང་གི་གྱང་མཐོན་པོ”བསྐྲུན་ནས“མགྱོགས་པོར་འཕེལ་རྒྱས་འགྲོ་བ་མི་སེམས་པར”གཞན་ལ་གནོད་སེམས་འཆིང་བ་དེ།  བལྟས་ཡོང་ཚེ་རྒྱལ་ཁ་ཐོབ་ཀྱང་དོན་དངོས་ཐོག་རང་ཉིད་ཀྱི་ཕུགས་ཀྱི་འཕེལ་རྒྱས་ལ་གནོད་འཚེ་བཏང་བ་རེད་ཅེས་ལན་བཏབ་པ་རེད། 

  • ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས40པས་ཉེ་དུས་རྒྱལ་ཁའི་ངང་ལྷོ་སྣེའི་འཁྱག་ཁེབས་མཐའ་མཚམས་ཀྱི་མཁའ་འགྲུལ་བརྟག་དཔྱད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་འགན་ལེགས་སྒྲུབ་བྱས། འཁྱག་ཁེབས་དང་འཁྱག་པའི་མཐུག་ཚད། འཁྱག་པའི་འོག་རིམ་ས་དབྱིབས་ཀྱི་གྲངས་གཞི་མེད་པའི་སྟོང་ཆ་ཁ་སྐོང་བྱས་པ་རེད། 

སྤྱི་ཚོགས། 

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཉེན་ཟོན་སྔོན་བརྡ་བཏང་སྟེ་སྔོན་དཔག་བྱས་ན་ཚེས20ནས21ཉིན་བར་ཧྲན་ཏུང་དང་། ཧོ་ནན། ཨན་ཧུའེ་བྱང་རྒྱུད། ཅང་སུའུ་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧྲན་ཤིས་དབུས་ལྷོ་རྒྱུད། ཧྲན་ཤིས་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་རྒྱུ་རེད། 

  • ཚེས20ཉིན། འཕྲལ་སྡོམ་དོ་དམ་པུས་ཨན་ཧུའེ་དང་། ཧོ་ནན། ཧུའུ་པེ་བཅས་ལ་དམིགས་ནས་དྲོད་ཚད་དམའ་བའི་གངས་འཁྱགས་ཀྱི་གནོད་འཚེ་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་ཞུས་པ་རེད། 

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡི་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད། 

  • ཚེས20ཉིན། ཀྲུང་གོའི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས2025ལོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས། ཀྲའོ་ཅི་ཝུའེ་སོགས་མི14ཚུད་ཡོད་པ་རེད། 

02.png

  • ཚེས20ཉིན་བོད་ལྗོངས་མཁའ་འགྲུལ་དང་ཀྲུང་གོ་ཚོང་དོན་འཕུར་སྐྱོད་དབརC919རྟགས་ཅན་གྱི་གནམ་གྲུའི་མངགས་ཐོ40ལ་མིང་རྟགས་བཀོད་པ་རེད། 

  • ཚེས20ཉིན། 2023ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཆེ་གྲས་བཅུ་གསར་དུ་ཤེས་རྟོགས་བྱུང་བའི་ཐོག་མའི་དཔྱད་འདེམས་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། རྣམ་གྲངས22མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད་པ་རེད། 

03.jpg

  • ཉེ་ཆར། ཚན་ཞིབ་མི་སྣས་ཡུན་ནན་ཐུང་པེ་ཀོན་དུ་ལན་ཁའོ་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཤེས་རྟོགས་བྱུང་ནས་མིང་ལ་ཡིང་ཅང་ཞ་ཅི་ལན་ཞེས་བཏགས། 

  • ཧེ་ནན་ཝུན་ཁྲང་གིས་གསལ་བསྒྲགས་སྤེལ་ནས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་གྱིས་གཉེར་སྐྱོང་གྲོན་བསྡུའི་རིགས་ཀྱི་འཕེན་གཏོང་བྱེད་སྒོ་སྤེལ་གྱིན་མེད་པ་ཁ་གསལ་བྱས་ཤིང་།  མགོ་སྐོར་འོག་ཚུད་མི་རུང་ཞེས་བཤད་པ་རེད། 

04.gif

  •  ཉེ་ཆར། ཧུའུ་པེའི་ཧོང་ཧྲི་མེ་འཁོར་བབས་ཚུགས་ཀྱི་སྐྱེས་པ་ཞིག་གློ་བུར་དུ་སྙིང་འཕར་མཚམས་བཞག་ནས་དྲན་པ་འཐོར་བ་དང་། ལྕགས་ལམ་ཉེན་རྟོག་པ་ཞུས་ལེས་ཀྱིས་སྐར་མ17རིང་མྱུར་སྐྱོབ་བྱས་ནས་སྐྱེས་པ་དེའི་ཚེ་སྲོག་བསྐྱབས་པ་རེད། 

སྲིད་ཇུས། 

  • ཧྲང་ཧེ་ཡིས་སྲིད་ཇུས་བཏོན་ནས་ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་། ཁེར་རྐྱང་ནད་ཕོག་པའི་བྱིས་པར་མི་བཟོས་རྣ་འཁྱིལ་དང་རུས་ཚིགས་བརྗེ་བ་སོགས་ཀྱི་གཤགས་བཅོས་འགྲོ་གྲོན་གྱི་ཁ་གསབ་དང་། འཚོ་བ་དང་། ནད་གསོ། སློབ་སྦྱོང་སོགས་རིགས་ཁག་གི་ཁ་གསབ་དང་དྲག་སྐྱེད་སྦྱོང་བརྡར་གྱི་ཁ་གསབ་སྤྲད་པ་རེད། 

  • ཧྲན་ཏུང་གིས་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་ཚོང་ལས་བྱ་སྤྱོད་དང་། བརྡ་ཁྱབ་དྲིལ་བསྒྲགས། དེ་བཞིན་སློབ་གསོའི་ཆོས་ཉིད་ལས་འགལ་བ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལས་འགལ་བའི་ཞལ་འདེབས་དང་ལེན་བྱེད་མི་ཆོག་ཅེས་ཁ་གསལ་བཏོན་ཡོད། 

  • ཧེ་ནན་གྱིས་སྲིད་ཇུས་གསར་པ་བཏོན་ནས་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་ཚོང་རྟགས་མ་དངུལ་གྱི་བསྡུར་ཚད་དེ25%ནས20%བར་དམའ་རུ་གཏོང་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

05.jpg

  • ཤིན་ཅང་ལྷོ་ཕྱོགས་ཀྱི་གཤོང་ས། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། ནང་སོག་ནུབ་རྒྱུད། ནུབ་བྱང་གི་ས་ཁུལ་མང་ཆེ་བ། ཧྭ་པེ་བྱང་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧོང་ཧའེ། ཅང་ཧའེ། ཅང་ཧན། ཧུའུ་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  ཧུའུ་པེའི་ཤར་རྒྱུད་དང་། ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། 


མཉམ་སྤྱོད།