དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-27 07:56:43   |   439

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་སི་ར་ལ་ཨོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཀྲུའུ་ལི་ཡེ་སི·མ་ཏ་·པི་ཨའོ་ཡིས་ཟླ2ཚེས27ཉིན་ནས་ཟླ3ཚེས2ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁྲུང་ཆིང་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད(2021ལོ་ནས2035ལོའི་བར)》ལ་མཆན་འགོད་བཀའ་ལན་གནང་ནས་མོས་མཐུན་བྱས། 

  • ཚེས26ཉིན། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་སྐྱེལ་ལས་དོན་ལ་སྔར་བཞིན་བྲེལ་འཚབ་ཆེ་ཞིང་།  སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1375སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར1007མང་དུ་གཏོང་རྒྱུ་ཡིན་པ་རེད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རང་རྒྱལ་གྱིས་བྱིས་པའི་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པའི་ཞིང་ཆེན་དུ་རྒྱལ་ཁབ་བྱིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས16བསྐྲུན་རྒྱུའི་འཆར་འགོད་བྱས་པ་རེད། 

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཐཱན་ཕྱིར་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་བརྟན་པོ་དང་ལེགས་སུ་ཕྱིན་ཞིང་། 2023ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར4.4ཟིན་ནས་ཚོང་འགྲིག་ཚད་སྒོར་དུང་ཕྱུར249ཙམ་ཟིན་ཡོད་པ་རེད། 

  • 2023ལོར། རྒྱལ་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཁྱོན་སྡོམ་ཞིང་པ་ལས་བཟོ་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཁྲི48ཞིབ་གཅོད་སྒྲིག་འཛུགས་བྱས་པ་དང་། ངལ་རྩོལ་ཐོབ་ཆ་སྒོར་དུང་ཕྱུར68ཞིབ་བཤེར་རྩིས་ལེན་བྱས་ཡོད། 

  • འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱིས་སྔོན་དཔག་བྱས་ན་ཐེངས100ཙམ་གྱི་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ལས་འགན་བསྒྲུབ་རྒྱུ་ཡིན་པས་ཟིན་ཐོ་གསར་པ་གཏོད་རེ་ཡོད་པ་རེད། 

01.jpg

  • ས་གནས་དེ་གའི་དུས་ཚོད་ཚེས26ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཁོ་མོ་ལུའོ་དང་ཏུང་ཏེ་ཝུན་གཉིས་ཁོངས་མི་ངོ་མར་འགྱུར་རྒྱུའི་ཆོག་མཆན་སྤྲད་པ་རེད། 

སྤྱི་ཚོགས། 

  • ཟླ2ཚེས28ཉིན་ནས་ཟླ3ཚེས1ཉིན་བར། མཁའ་རླུང་གྲང་མོའི་དབང་གིས་ནང་སོག་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། དེ་བཞིན་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་སུ་དྲོད་ཚད8℃ཙམ་ཆག་རྒྱུ་རེད། 

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་དང་པོ་དེས་ཚེས26ཉིན་ནས་བཟུང་ཧའེ་ནན་དང་། མཚོ་སྔོན། ཧྥུའུ་ཅན། ཧོ་ནན། ཀན་སུའུ་བཅས་ཞིང་ཆེན་ལྔ་ལ་ལྟ་ཞིབ་ཀྱི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ལྡོག་ལན་སྤྲད་པ་རེད། 

  • འཕྲལ་སྡོམ་དོ་དམ་པུས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་མཐར་ཕྱིན་བྱས་ཏེ། གློག་སྒུལ་རྐང་འཁོར་ཐོག་ཁང་དང་དུད་ཚང་དུ་འཇོག་པ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ཞེས་བཤད་པ་རེད། 

  • ཧྭ་ཝུའེ་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་སྤྱོད་ལོ་ལྔའི་རིང་། གོ་ལ་ཧྲིལ་པོའི5Gསྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར15ལས་བརྒལ་ཡོད། དེ4Gཡི་ལོ་དགུའི་འཕེལ་རྒྱས་གྲུབ་འབྲས་དང་གཅིག་མཚུངས་ཡིན་པ་རེད། 

  • ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་སུང་ཐའེ་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ་དང་། སུང་ཐའེ་ཕིང་ལ་ཉེས་ཆད་ལོ14བཅད་པ་རེད། 

  • ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་ལིའུ་མེ་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ལས་ཕྱིར་ཕུད་པ་རེད། 

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་དང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་དེ་སྔའི་ཁྲིམས་སའི་མགོ་འཛིན་ཀྲེན་ཞུའེ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ལས་ཕྱིར་ཕུད་པ་རེད། 

  • ཚེས26ཉིན་བར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཀྲུང་ཧྭ་རྐང་མར་མཛོད་ཀྱི་ཁྲག་གསོའི་ཕྲ་ཕུང་གཙོ་བོ་མིན་པའི་ཞལ་འདེབས་འབུལ་མཁན17000ལས་བརྒལ་བ་རེད། 

02.jpg

  • ཚེས26ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཝེ་ཐེ་ནམ(越南)དུ་ཐོག་མར་བབས་པ་རེད། 

03.jpg

  • ཅང་སུའུ་ནན་ཅིང་ནས་རྒྱལ་རབས་དྲུག་གི་ལིའང་ཏེ་ཡུས་ཏའོ་དང་རྒྱལ་ཁབ་ཀྱི་སྒོ་མོ་ཤེས་རྟོགས་བྱུང་ནས་ནན་ཅིང་གི་རྒྱལ་རབས་དྲུག་པའི་གནའ་བོའི་རྒྱལ་སའི་ཤེས་དཔལ་ལ་ཞིབ་འཇུག་བྱ་ཆེད་དོན་དངོས་གསར་པ་མཁོ་འདོན་བྱས་ཡོད། 

སྲིད་ཇུས། 

  • ཉིང་ཞ་ཡིས་རང་སྐྱོང་ལྗོངས་ཀྱི“ཆེད་ལས་ཅན་དང་ཞིབ་ཚགས་ཅན། དམིགས་བསལ་ཅན། གསར་བཏོད་ཅན”དུ་བདམས་ཐོན་བྱུང་བའི་ཁེ་ལས་འབྲིང་ཆུང་དང་། རྒྱལ་ཁབ་རིམ་པའི་ཆེད་ལས་ཅན་དང་ཞིབ་ཚགས་ཅན། དམིགས་བསལ་ཅན། གསར་བཏོད་ཅན་གྱི་ཁེ་ལས་ཆུང་བ། རྒྱལ་ཁབ་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་མཁན་ཁེ་ལས་བཅས་ལ་སྒོར་ཁྲི30དང་། སྒོར་ཁྲི100དང་སྒོར་ཁྲི400བཅས་ཀྱི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་རེད། 

  • ཅི་ལིན་གྱིས2024ལོའི་ཟླ2པ་ནས་བཟུང་། གྲོང་མིའི་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར14000བར་ལེགས་སྒྲིག་བྱས་ཡོད། 

  • ཧྥུའུ་ཅན་གྱིས་བྱ་ཐབས་བཏོན་ནས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་བྱེད་སྤྱོད་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བྱས་པ་མ་ཟད། ཐེར་འདོན་བྱ་དགའ་མཐོ་ཤོས་སྒོར་ཁྲི20བར་མང་དུ་བཏང་ཡོད། 

དེ་རིང་གི་གནམ་གཤིས། 

04.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད། ཧྲན་ཤིས་ཀྱི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། བོད་ལྗོངས། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ས་ཆ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་ཀྱི་ཡོད། ཧུའུ་ནན་ལྷོ་རྒྱུད་དང་། ཅང་ཞིའི་ལྷོ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུའུ་ཅན། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཧྭ་ནན་མང་ཆེ་བ། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད། 


མཉམ་སྤྱོད།