དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད42)

2024-02-27 08:17:14   |   266

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240204094222.jpg

ཅི་ཞིག་ལ་གྲོས་མོལ་དམངས་གཅོ་ཟེར།

གྲོས་མོལ་དམངས་གཅོ་ནི་ང་ཚོའི་ཐུན་མོང་མ་ཡིན་པའི་དམངས་གཅོའི་རྣམ་པ་ཞིག་ཡིན། གྲོས་མོལ་དམངས་གཅོ་ཞེས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག  མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོས་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ལ་དམིགས་ནས།  ཇུས་ཐག་མ་བཅད་གོང་དང་ཐབས་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་རྒྱལ་ཁབ་ཏུ་གྲོས་མོལ་བྱས་ཏེ།  ངོས་འཛིན་གཅིག་མཐུན་ཡོང་བར་འབད་བརྩོན་བྱེད་པ་དེ་རེད། གྲོས་མོལ་དམངས་གཅོ་ནི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་ལ།  ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཇུས་འགོད་གལ་ཆེན་ཞིག་ཀྱང་ཡིན་པས།  འདེམས་བསྐོ་དམངས་གཙོ་དང་ཕན་ཚུན་ཁ་གསབ་དང་ཕན་ཚུན་སྤེལ་རེས་བྱེད་ཐུབ།  གྲོས་མོལ་དམངས་གཅོ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན།  གྲོས་མོལ་དམངས་གཅོ་དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་གཏིང་ཟབ་བཅུག་ཡོད་ཅིང་།  དེས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱས་ཡོད་ལ་ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་ནུས་པའང་འདོན་སྤེལ་བྱས་ཡོད།  མི་དམངས་གཙོ་ཤུགས་ཡིན་པའི་གོ་གནས་མཐའ་འཁྱོངས་བྱས་ཡོད་ལ།  དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་མགོ་ཁྲིད་ལམ་ལུགས་དང་རྩ་འཛུགས་ཀྱི་རྩ་དོན་ཡང་ལག་ལེན་མཐར་ཕྱིན་བྱས་ཡོད།  མི་དམངས་དམངས་གཙོའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་ལ། མཐུན་སྒྲིལ་འཆམ་མཐུན་གྱི་བླང་བྱ་ཡང་ལག་ལེན་མཐར་ཕྱིན་བྱས་ཡོད་པས།  རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་དམངས་གཙོའི་རྣམ་པ་ཞིག་ཡིན།


མཉམ་སྤྱོད།