དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཀྲ་ཤིས་ཚེ་རིང་གིས2024ལོའི་རྒྱལ་ཡོངས་ཀྱི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་གི་ཟིན་ཐོ་བཏོད།

2024-02-28 14:41:57   |   911

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240228150038.jpg

ཟླ2པའི་ཚེས25ཉིན། 2024ལོའི་རྒྱལ་ཡོངས་ཀྱི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར(ས་ཚིགས་དང་པོ) སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་དུ་བསྡུས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར18ནས་ཐོན་པའི་ཆེད་ལས་རུ་ཁག19ཡི་ལས་རྩལ་པ139འགྲན་སྡུར་ལ་ཞུགས་ཡོད་ཅིང་། དེའི་ཁྲོད་བོད་ལྗོངས་ཀྱི་ལས་རྩལ་པ16དང་རྒྱང་རྒྱུག་ཚན་ཆུང་གི་ལུས་རྩལ་པ5ཐེངས་འདིའི་འགྲན་སྡུར་ལ་ཞུགས།

བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད1དང་སྐར་མ1.57གྱི་སྐར་འབྲས་ཀྱིས་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་བླངས་པ་མ་ཟད།  ཨེ་ཙེ་ཨོ་ཕི་ཡའི་བདམས་ཐོན་པས་དེ་སྔ་བཏོད་པའི་འགྲན་སྡུར་གྱི་ཟིན་ཐོ་དང་། ཀྲུང་གོའི་སྐྱེས་པའི་ལམ་ཐག་ཕྱེད་ཀའི་མ་ལ་སུང་འགྲན་སྡུར་གྱི་ཟིན་ཐོ་ལས་བརྒལ་པ་རེད།   

微信图片_20240228150044.jpg

微信图片_20240228150052.jpg


མཉམ་སྤྱོད།