མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-29 07:52:07   |   1209

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ2ཚེས28ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་བ་རེད། 

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་སྐྱོད་སྡོམ་འབོར་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།  དཔྱིད་གསར་སྐྱེལ་འདྲེན་གོང་གི་ཉིན33ནང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར72.04ཟིན་ནས་དུས་མཚུངས་ལས10.6%འཕར་ཡོད་པ་རེད། 

  • ཚེས28ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས2023ལོར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་ཁྲི19བསྒྲུབས་པ་བརྡ་ཁྱབ་བཏང་བ་རེད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན10928ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི15100ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། 

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་བདར་མང་སྭེལ་དང་། ཀུའེ་ལེབ་མོ། གློག་གཞུས། ལྷུ་ལག་བཅས་ཀྱི་ཐོན་འབབ་སླར་ཡང་མཐོ་ཤོས་སུ་སླེབས་པ་དང་། ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི1.7ལས་བརྒལ་ཡོད་པ་རེད། 

  • ཚེས28ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། རང་རྒྱལ་གྱི་གྲོང་མིའི་བདེ་ཐང་དམིགས་ཚད་གཙོ་བོ་དེ་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི3.9ལྷག་ཙམ་བཏང་བ་དང་། མྱུར་བགྲོད་ལྕགས་ལམ་སྤྱི་ལེ2776གསར་དུ་ཤར་གཏོང་ཐུབ་པ་རེད།  

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ཚེས28ཉིན་བསྟན་དོན། ཞ་མོན་ནས་ཅིན་མིན་བར་གྱི་མཚོ་ཁོངས་ཞེས་པ་ནི་གནའ་སྔ་མོ་ནས་བཟུང་ངོགས་གཉིས་ཀྱི་ཉ་པའི་སྲོལ་རྒྱུན་གྱི་ཉ་པའི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་པ་ལས“ཆུ་ཁོངས་བཀག་སྡོམ་དང་ཚོད་འཛིན་བྱེད་པའི”སྐོར་གྱི་སྐད་ཆ་གཏན་ནས་མེད་ཅེས་བཤད་པ་རེད། 

  • ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་དམིགས་བསལ་འཐུས་མིས་ཟླ3ཚེས2ཉིན་ནས་བཟུང་ཡུག་རེན་གྱི་ཉམས་ཉེན་ཐད་རེས་སྐོར་གཉིས་པའི་ཕྱི་འབྲེལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས། 

  • ཟླ2པའི་ཚེས28ཉིན་གྱི་མཚན་མོ་ནས་ཟླ3པའི་ཚེས1ཉིན་བར། གྲང་རླུང་གི་ཤུགས་རྐྱེན་ཐེབས་པས་དབང་གིས་ནང་སོག་གི་དབུས་རྒྱུད་དང་། ཧྭ་བྱང་། བྱང་ཤར་ས་ཁུལ། ཧོང་ཧོའེ་ཡི་ཤར་རྒྱུད། ཧྭ་ནན་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4~6℃མར་ཆག་རྒྱུ་རེད།  

  • ཉེ་ཆར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་བརྡ་ཐོ་བཏང་ནས། ད་ལོའི་འབྲུབ་འགོག་ཐན་འགོག་གི་རྒྱ་མཚོའི་རླུང་འཚུབ་འགོག་པའི་ཐད་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་དང་དང་ལེན་མཉམ་འགུལ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཐད་གཏོང་བྱེད་པའི་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

  • ཀྲུང་གོ་སྔོ་ཚལ་འཁོར་རྒྱུག་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱི་སྔོ་ཚལ་འདེབས་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་སྔོན་དཔག་བྱས་ན་མུའུ་དུང་ཕྱུར3.8ཟིན་རྒྱུ་ཡིན་པ་རེད། 

02.jpg

  • ཚེས28ཉིན། “མཚོ་གཏིང་ཨང་དང་པོའི”དུས་ཐེངས་གཉིས་པའི་ཕྱོགས་བསྡུས་ཐག་གཅོད་སྟེགས་བུའི་མཚོ་ཐོག་སྒྲིག་སྦྱོར་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། དེས་རང་རྒྱལ་གྱི་ལྷོ་རྒྱུད་མཚོ་ཁོངས་སུ“སྐར་བཞི་འབྲེལ་མཐུད”ཀྱི་མཚོ་ཐོག་རང་བྱུང་སོལ་རླངས་ཞིང་ཁའི་ཐོན་སྐྱེད་ཚོགས་པ་ཐོག་མ་དེ་བདེ་བླག་ངང་བསྐྲུན་ཟིན་པ་མཚོན་ཡོད་པ་རེད། 

  • མིག་སྔར། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་ཨང་རྟགས2དེ་དཔེ་རིས་བཟོ་བ་དང་ཐོན་སྐྱེད་ཇུས་འགོད། དཔེ་དབྱིབས་བཟོ་བ་སོགས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབས་ནས་ད་ལོའི་ཟླ4པའི་ཟླ་དཀྱིལ་དུ་གྲུ་འཇོག་ས་ནས་ལས་མགོ་བརྩམས་རྒྱུ་རེད། 

  • ཉེ་ཆར། ཀྲུང་གོའི་ཉེན་རྟོག་ཕྱོགས་དང་ལོ་སིའི་ཉེན་རྟོག་ཕྱོགས་ཀྱིས་ལོ་སིའི་ས་ཁོངས་ནང་གི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གཡོ་ལེན་བྱ་ཡུལ7གྲུབ་འབྲས་ཐོབ་པའི་ངང་གཏོར་བ་དང་། ཉེས་གསོག་དོགས་ཅན་མི268རང་རྒྱལ་ཕྱོགས་ལ་རྩིས་སྤྲད་པ་རེད། 

  • ཝང་ཧུང་ཧི་སོགས་དྲ་གྲགས་མི6གིས་དྲ་བའི་རྒྱུགས་ཚད་ཇེ་མང་གཏོང་ཕྱིར“འཁོན་འཛིང”གི་དོན་རྐྱེན་རང་བཟོ་བྱས་ནས་ཤུགས་རྐྱེན་ངན་པ་བཟོས། སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་མི6ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད། 

  • ཉེ་ཆར། ཧྭ་ཝུའེ་ཡིས་གོ་ལ་ཧྲིལ་པོའི5.5Gརིག་ནུས་ལྟེ་བའི་དྲ་བ་ཐོག་མ་དེ་ཁྱབ་བསྒྲགས་བྱས་པ་དང་། ད་ལོ་དངོས་སུ་ཚོང་སྤྱོད་བྱ་རྩིས་ཡོད་པ་རེད། 

  • ཉིན་ཤས་གོང་། ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས་ཞིབ་འཇུག་ཁང་གིས་སྣེ་འཁྲིད་པའི“ལཱ་སོའོ”རྒྱལ་སྤྱིའི་མཉམ་ལས་ཚོགས་ཆུང་གིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ནུས་ཚད་དུང་ཕྱུར1ལས་མཐོ་བའི་གློག་རྡུལ་ཝོལ་ཐེ་འཇིག་རྟེན་འཕྲོ་ཐིག་གི་འབྱུང་ཁུངས་སྐར་མའི་གོ་ལ་ཐོག་མར་རྙེད་ཡོད་པ་རེད། 

03.jpg

  • ཉེ་ཆར། ཨན་ཧུའེ་ཨན་ཆིང་གི་རླངས་འཁོར་གཅིག་སེམས་ཆུང་མ་བྱས་པར་ཆུ་རྫིང་དུ་ལྷུང་བ་དང་། ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པའི་ཧོ་ཅུན་ཧྭ་དང་ཧོ་ཡིང་ལིན་སོགས་གྲོང་མི་13མ་གྲོས་གཅིག་མཐུན་ངང་ཆུ་རུ་མཆོངས་ནས་རླངས་འཁོར་ནང་གི་མི་བསྐྱབས་པ་རེད། 

སྲིད་ཇུས། 

  • ཅང་ཤིས་ཀྱིས་ཇུས་གཞི་པར་འགྲེམས་བྱས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་དུས་རེར་སློབ་མགོ་ཚུགས་པའི་གཟའ་འཁོར་དང་པོ་དེ“བདེ་འཇགས་སློབ་གསོའི་གཟའ་འཁོར”ལ་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

  • ཡུན་ནན་གྱིས་བྱ་ཐབས་བཏོན་ནས་ས་གནས་ཁག་གི་རླངས་འཁོར་འཇོག་ས་དང་སྒྲིག་བཀོད་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་འཇོག་པའི་ཞབས་ཞུའི་འགྲོ་གྲོན་ལ་དམིགས་བསལ་བྱེད་རྒྱུའི་སྐུལ་མ་བཏང་བ་རེད།  

  • ཧའེ་ནན་གྱིས་བརྡ་ཐོ་བཏང་ནས་ཁེ་ལས་ལ་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ཀྲུང་དབྱང་པུ་ཨུའི་གཙོ་གནད་ཚོད་ལྟ་ཁང་གསར་དུ་ཆོག་མཆན་ཐོབ་པར་སྒོར་ཁྲི་500དང་ཚན་ཞིབ་འགྲོ་གྲོན་ཁ་གསབ་སྒོར་ཁྲི300སོ་སོར་སྤྲོད་རྒྱུ་ཡིན་པ་གཏན་ཁེལ་བྱས་པ་རེད། 

དེ་རིང་གི་གནམ་གཤིས། 

04.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་གྱི་བྱང་རྒྱུད་དང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད། སི་ཁྲོན་ས་མཐོའི་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་ནུབ་རྒྱུད། རྨ་ཆུ་དང་ཧོའེ་ཆུའི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  འབྲི་ཆུ་དང་ཧོའེ་ཆུའི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཧྭ་ནན་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། 


མཉམ་སྤྱོད།